དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 15 May 2012
༧སྐྱབས་རྗེ་དམ་པ་འཇིགས་མེད་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་
ཞབས་བརྟན་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་ཞེས་བྱ་བ། །


ཨེ་མ་ཧོཿ
ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང་། །
ཁ་སྦྱོར་བདུན་གྱིས་མངོན་པར་བྱང་ཆུབ་པའི། །
སྒྲུབ་པ་བཀའ་བརྒྱད་ཟབ་གཏེར་བརྒྱུད་པའི་བདག །
སྔ་འགྱུར་རྩ་གསུམ་སྲུང་མས་བདེན་བྱིན་སྩོལ། །

འཇིགས་མེད་འཁོར་འདས་དབང་ཕྱུག་རིག་འཛིན་རྗེ། །
མཚུངས་མེད་བློ་གྲོས་ཟབ་རྒྱས་རྒྱལ་བའི་ཐུགས། །
དྲི་མེད་མདོ་སྔགས་ཆོས་ཀྱི་རྒྱལ་མཚན་བསྒྲེངས། །
དཔག་མེད་གདུལ་བྱའི་མ་རིག་མུན་སེལ་རྒྱལ། །
སློབ་དཔོན་དམ་པའི་ཤེས་རབ་འོད་སྣང་ལས། །
མཐའ་ཡས་འགྲོ་བའི་རྨོངས་མུན་ཀུན་སེལ་ཞིང༌། །
ཕན་བདེ་འདབ་བརྒྱའི་དགའ་ཚལ་རབ་བཞད་པའི། །
གསང་ཆེན་བསྟན་པའི་བདག་པོ་ཞབས་བརྟན་ཤོག །
རིག་འཛིན་ཆོས་སྐྱིད་དབང་མོ་ཁབ་ཏུ་བཞེས། །
རིག་པའི་བརྟུལ་ཞུགས་བཅུ་དྲུག་དགའ་བདེའི་ཆར། །
རིག་འཛིན་རྒྱལ་ཀུན་དགྱེས་པའི་དཔལ་དུ་རོལ། །
རིག་འཛིན་སྔ་འགྱུར་བསྟན་པའི་རྒྱན་དུ་བཞུགས། །
རིང་བརྒྱུད་བཀའ་མའི་དགོངས་དོན་ཇི་བཞིན་འཛིན། །
ཉེ་བརྒྱུད་གཏེར་མའི་ཟབ་རྒྱས་གདམས་ངག་སྐྱོང་། །
དག་སྣང་ཀློང་རྡོལ་རང་སྣང་བདེན་པར་སྤེལ། །
སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞབས་བརྟན་ཤོག །
འཕགས་པས་ལུང་ཟིན་དགེ་བསྙེན་དྷརྨ་ཏ། །
རིག་པའི་ཤིང་རྟ་ཐོན་མི་སཾ་བྷ་ཊ། །
ཕན་བདེའི་བསྟན་སྲིད་སྤེལ་བའི་གཉེན་གཅིག་པུ། །
འཇིགས་མེད་བློ་གྲོས་རྒྱལ་མཚན་ཞབས་བརྟན་ཤོག །
རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཡིས། །
རྒྱལ་བའི་བསྟན་པར་དད་དང་ཐོས་པའི་སྟོབས། །
དགེ་བའི་མདོ་སྨད་དགེ་བསྙེན་རིག་པ་འཛིན། །
འཇིགས་མེད་བློ་གྲོས་རྒྱལ་མཚན་ཞེས་སུ་བསྔགས། །
དེ་བཞིན་གྲུབ་པའི་དབང་ཕྱུག་ཆེན་པོ་དང་། །
སྐྱབས་རྗེ་འཁྲུལ་ཞིག་དམ་པ་རིན་པོ་ཆེས། །
སྔ་འགྱུར་བསྟན་པའི་བརྒྱུད་འཛིན་སྤྲུལ་པའི་སྐུ། །
བཤད་སྒྲུབ་ཕྲིན་ལས་འཛིན་པར་མངའ་གསོལ་མཛད། །
འཆད་པའི་སྙན་ངག་དབྱངས་ཅན་དགྱེས་པའི་གཏམ། །
རྩོད་པའི་ཟླ་བྲལ་རིགས་ལམ་སྨྲ་བའི་མཆོག །
རྩོམ་པའི་བཀའ་བབས་ཀློང་རྡོལ་བླ་མ་རྗེ། །
རིག་འཛིན་སྔགས་འཆང་རྒྱལ་པོ་ཞབས་བརྟན་ཤོག །
ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་ཡབ་སྲས་ཀྱི། །
བཀའ་གཏེར་མན་ངག་གནད་ལ་དབང་ཐོབ་པས། །
ལུང་རྟོགས་བསྟན་སྲིད་ཚུལ་བཞིན་མཛིན་པའི་མགོན། །
༧སྐྱབས་རྗེ་ཨ་བྷྱ་མ་ཏི་ཞབས་བརྟན་ཤོག །
འདིར་སྨྲས་དགེ་བས་ངེས་དོན་རྡོ་རྗེ་འཆང་། །
སྐུ་ཚེ་བརྟན་ཅིང་བཞེད་ལྷུན་གྱིས་གྲུབ། །
བཀའ་གཏེར་གདམས་པའི་གླེགས་བམ་བདུད་རྩིའི་ཆར། །
མ་ལུས་འགྲོ་བའི་རྒྱུད་ཀུན་སྨིན་ནུས་ཤོག །
ཅེས་པ་རབ་རྒྱན་ཆུ་འབྲུག་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་རྩ་གསུམ་ཆོས་སྐྱོང་རྒྱལ་བ་མཆོད་པའི་ཚོགས་གྲལ་ལམ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་བིརྱ་དྷྰ་ར་ཤྲི་ཨ་ནནྟ་བཛྲས་སྙིང་ནས་གསོལ་བ་འདེབས་པ་དེ་བཞིན་འགྲུབ་པར་གྱུར་ཅིག་གུ།
ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ལ།

0 comments:

ཟིན་བྲིས་འཚོལ་ཡུལ