དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 3 June 2012

༄༅། །ཨེ་ཝྃ་ལྔ་རིག་དཔེ་མཛོད་ཁང་། །

智悲五明藏经阁

Awam Library of Five Sciences

ཨེ་མ་ཧོཿ


ཨེ་ཝྃ་ཆོས་སྨན་བདུད་རྩིའི་རྒྱ་མཚོ་རུ། །

ལྔ་རིག་དཔེ་མཛོད་ཡིད་བཞིན་ནོར་བུས་རྒྱན། །

ཕན་བདེའི་སྤྲིན་ཆེན་ཕུན་ཚོགས་དགེ་ལེགས་ཆར། །

འགྲོ་ཁམས་ཚོགས་གཉིས་གཏམས་པའི་དཔལ་དུ་སྨིན། །

ཞིང་དེར་བཤད་པའི་དཔེ་ཀློག་རིག་མཛོད་དང་། །

སྒྲུབ་པའི་ཆོ་ག་དུས་མཆོད་སྒོམ་པའི་ཐབས། །

མན་ངག་གསང་བའི་རྣལ་འབྱོར་རྩལ་སྦྱང་རིགས། །

ཕྲིན་ལས་ཅི་འདོད་སྐྱེ་དགུའི་ལོངས་སྤྱོད་མཆིས། །



དེ་ལ་འདིར་བསྟན་འཛིན་དམ་པའི་དགོངས་རྫོགས་དང་རྗེས་འཇུག་སློབ་མའི་ཉམས་ལེན་མཛད་པའི་ཆེད་དུ་བཤད་སྒྲུབ་ཕྲིན་ལས་ཀྱི་ཆ་ཤས་སུ་རྨི་ལམ་བཟང་པོ་དང་དམིགས་རྣམ་དག་པས་གསར་དུ་བཞེངས་པའི་ཨེ་ཝྃ་ལྔ་རིག་དཔེ་ཁང་ལེགས་གྲུབ་བྱུང་ཡོད་པའི་གསལ་བསྒྲགས་དང་། མི་ཞིག་ཡིན་ནས་བཟུང་ཕྱུགས་ལས་ལྷག་གི་སྨྲ་ཤེས་དོན་གོ་བ་དང་བྱ་བ་དག་སྒྲུབ་ནུས་པ་གསུམ་ཡིན། དེ་ཡང་རིག་གནས་སློབ་སྦྱོང་འདི་དག་གྲྭ་བ་དང་བླ་མའི་ལས་འགན་ཞིག་དང་མི་དྲག་དང་དཔོན་ཆེན་དང་ཕྱུག་པོས་བེད་སྤྱོད་དུ་མི་ལྟ་བར་ཕོ་མོ་དང་རྒན་གཞོན་བྱིས་པ་ཡན་ཆོད་ཀྱི་ཕྲག་ལ་བབས་པའི་ལས་ཀ་དངོས་དེ་རང་གི་སྐད་ཡིག་དང་རིག་གཞུང་གི་སྙིང་པོ་ལོན་ཐབས་སུ་འབད་བརྩོན་རྒྱ་ཆེར་བསྐྱེད་ནས་རིག་གནས་ཀྱི་དངོས་དོན་ཤེས་དགོས་པ་དེ་ཀུན་ལ་ཤིན་ཏུ་གལ་ཆེན་པོ་རེད། མི་རིགས་ཀྱི་སྲོལ་རྒྱུན་དང་མཆོད་པའི་ཞེ་ས་དང་ནོམ་པ་གསེར་དངུལ་ལྟ་བུ་ལ་མི་ལྟ་བར་དེ་ལས་རང་རྒྱུད་ལ་ཤེས་རབ་ཀྱི་མིག་འབྱེད་ཡོད་པའི་ཐབས་མཁས་ཀྱི་སློབ་དཔོན་ཡང་དག་ཅིག་ཏུ་ངོས་འཛིན་ཐོབ་དགོས། ཤེས་རིག་ཡོད་ན་མིག་ཡོད་པ་དང་འདྲ། དེས་ན་དཔེ་མཛོད་ནི་མེད་དུ་མི་རུང་བ་ཡིན་ཅིང་། དེབ་གཟུགས་དང་། གླེགས་བམ་ཚང་མ་ནི་བདག་ཅག་གི་སྟོན་པ་བཀའ་དྲིན་གྱི་གཙོས་བསྟན་འཛིན་ དམ་པའི་འདྲ་འབག་དངོས་རེད། དེས་ན་མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་ཚད་ལྡན་དང་། མན་ངག་རྫོགས་ཆེན་གྱི་སྐོར་སོགས་ཅི་ཡོད་དག་འཕགས་བོད་དབྱིན་གྱི་རིག་གཞུང་གི་དཔེ་དེབ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རང་དབང་གིས་གཙང་སྦྲ་བཀོད་ལེགས་བཟང་པོས་ལྟ་ཀློག་ཆོག་པའི་འཆར་གཞི་མཐུན་པའི་ཆོས་སྦྱིན་གྱི་སྒོ་མོ་རྒྱ་ཆེན་པོ་ཞིག་སྒ་སྟོད་ཇོ་བོའི་མདུན་ཞོལ་དུ་གསར་དུ་ཕྱེས་སོ། ཀ་ཁའི་འབྲི་ཀློག་གི་དེབ་ཆུང་དང་མྱུ་གུ་དང་ཤོག་གུ་རིན་མེད་དུ་གནང་བ། །བྱིས་པའི་སྒྲུང་ཡིག བྱིས་པའི་བརྡ་དག་དང་སྒྲུང་ཡིག སུམ་རྟགས་དག་གསུམ། དབུ་ཕལ་འདུལ་མཛོད། རྒྱུད་སྡེ་བཞི་དྲུག  སྒྲ་ཚད་ཀྱི་གཞུང་། རྒྱ་བོད་དབྱིན་རིགས་ཀྱི་དེབ་སྣ་ཚོགས། རྣམ་ཐར་དང་ལོ་རྒྱུས། །ཆོས་འབྱུང་། སྨན་ཡིག ས་བཀྲ་དང་། དཔལ་འབྱོར་ཚོང་ལས་གྱི་སྐོར། སྐད་ཡིག་འདྲ་མིན། བཟོ་ལས་དང་ཤོག་ཁྲ་དང་། ཞིང་འབྲོག་འཚོ་གནས། ཁ་གཏམ་གླུ་བྲོ་སོགས་ཟློས་གར་གྱི་དཔེ་ཆ་དང། སྙན་ངག སྡེབ་སྦྱོར། རྩིས་དཀར་ནག མངོན་བརྗོད། ལོ་ཟླའི་དུས་དེབ། སྦྲང་ཆར། གསར་འགྱུར། མི་རིགས་ལ་ཕྱི་ནང་དང་བན་བོན་ལ་ཁྱད་པར་མེད་པའི་སྣ་འཛོམས་ཀུན་འདུས་ཀྱི་དཔེ་མཛོད་རིག་པའི་གླེང་སྟེགས་ཤིག་རྐང་ཚུགས་སོ། ། ད་དུང་དཔེ་མཛོད་ཡར་རྒྱས་ཕུན་ཚོགས་ཡོང་ཆེད་དུ་བརྩོན་པ་དང་། ཕྱིའི་འཁོར་ཡུག་གཙང་དག་དང་། ནང་དུ་བཟའ་གཏུང་འཆར་འགོད་ཀྱི་བཞེས་ལེགས་ཡག་པོ་དང་། བླ་མ་མཁན་པོ་ཡང་ཆོས་ཕྱོགས་ཀྱི་ཕྱག་ལས་གནང་བཞིན་ཡོད་པས་གལ་ཆེན་དང་། དོན་གཉེར་མཁན་གྱིས་ཤེས་ཡོན་གྱི་ལག་ལེན་ཉམས་མྱོང་སྐོར་ལ་བགྲོ་གླེང་དང་དྲི་བ་འགོད་ཆོག །

ཨེ་ཝྃ་དཔེ་མཛོད་དུ་ཕེབས་པར་དགའ་བསུ་དང་ཡི་རང་ངོས་ལེན་ཞུ་སར་ཆ་རྐྱེན་ལྔ་ཚང་དགོས། །

གཅིག

ཀུན་སློང་དཔེ་ཀློག་གི་ཆེད་དང་གཙང་སྦྲ་དག་པས་རང་གཞན་གྱི་འཁོར་ཡུག་ལ་མི་གནོད་པ་དགོས།

གཉིས།

ཅ་ཅོའི་ཀི་དིར་དང་ཚིག་ངན་གྱི་སྨྲ་བརྗོད་མིན་པར་ཕ་སྐད་གཙང་མའི་བརྡ་སྤྲོད་ལ་སྦྱོང་དགོས།

གསུམ།

རྩེད་མོའི་རྒྱུགས་འཆོང་བྱེད་ས་མིན་པར་དཔེ་དེབ་བལྟས་ཟིན་ནས་མཁོ་སྤྲོད་ཡག་པོ་དགོས།

བཞི།

དཔེ་དེབ་དང་གློག་ཀླད་སོགས་དཔེ་མཛོད་ཀྱི་མཁོ་ཆས་ལ་སོ་སོའི་དངོས་པོ་བཞིན་དཀོར་གཉེར་དགོས།
ལྔ།

གལ་ཏེ་ཁྱིམ་ཀློག་ཞལ་འདོན་དགོས་ཚེ་ཕྱག་མཛོད་བདག་པོར་མིང་དུས་མཚན་རྟགས་བཅས་སླར་སྤྲོད་དགོས།

མི་རིགས་ཀུན་ལ་མཁོ་བའི་ཤེས་བྱའི་གླིང་། །

མི་ཟད་བློ་གྲོས་འབྱུང་བའི་རྒྱ་མཚོ་ཆེ། །

མི་ཆོས་ལྔ་རིག་དཔེ་ཚོགས་རིན་ཆེན་གཏེར། །

མི་མཆོག་སྙིང་གི་རྒྱན་དུ་རོལ་བར་མཛོད། །

ལུང་རིགས་གཟི་འོད་འབར་བའི་ལོ༵་རྒྱུས་ལས། །

རྟོགས་བརྗོད་ཡིད་བཞིན་ནོར་བུའི་དགའ༵་བསུ་འདི།

ཐབས་ཤེས་ཉི་ཟླའི་ཟེར་ཕྲེང་དུས༵་ཀྱི་ཆར། །

མཁས་གྲུབ་དམ་པའི་ལམ་བཟང་དྲན༵་པར་མཛོད། །

ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ས་ག་ཟླ་བའི་ཡར་ཚེས་བཅུ་གཅིག་ཉིན་མཁན་པོ་འོད་གསལ་མཐའ་ཡས་དང་ཨེ་ཝྃ་དཔེ་མཛོད་ཁང་གི་འགན་འཛིན་ཨ་སྐྱ་བླ་མས་རེ་སྐུལ་བཞིན་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་ཤྲྰི་སྨྱོན་པས་གུས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ