དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 3 July 2012
འཛམ་གླིང་སྤྱི་བསངས་ལ་ཕུལ་བའི་མཆོད་སྤྲིན་གྱི་དུ་བ་དཀར་པོ། །
ཨེ་མ་ཧོཿ
དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །
འཛམ་གླིང་སྤྱི་དང་གངས་ཅན་པའི། །
ལྷ་ཀླུ་གནོད་སྦྱིན་མི་མི་མིན། །
སྲིད་པ་ཆགས་པའི་གཡང་ལྷ་བསངས། །
སྣང་སྲིད་རྣམ་དག་ལྷ་ཡི་ཞིང་། །
སྣང་སྲིད་གཞིར་བཞེངས་མཆོད་པའི་ཚོགས། །
ཀུན་བཟང་མཆོད་སྤྲིན་མཉམ་པར་འབུལ། །
ཡོངས་གྲོལ་བྱང་ཆུབ་ལམ་དུ་བསངས། །
རྒྱལ་ཀུན་མཆོད་པས་མཉེས་གྱུར་ཅིག །
ཆོས་སྐྱོང་བསྟན་སྲུང་དགྱེས་གྱུར་ཅིག །
རིགས་དྲུག་འདོད་པས་ཚིམས་གྱུར་ཅིག །
ལན་ཆགས་ཤ་འཁོན་དག་གྱུར་ཅིག །
མཁྱེན་རབ་ཉི་མ་འབར་གྱུར་ཅིག །
བརྩེ་ཆེན་དུང་ཟླ་གསལ་གྱུར་ཅིག །
ནུས་སྟོབས་སྐར་ཚོགས་བཀྲ་གྱུར་ཅིག །
མ་རིག་མུན་པ་བསངས་གྱུར་ཅིག །
སངས་རྒྱས་བསྟན་པ་མཐའ་ནས་རྒྱས། །
འཛམ་གླིང་ཞི་བདེ་ཀུན་ལ་ཁྱབ། །
ཆོས་སྲིད་མི་ནུབ་བསྟན་པའི་དཔལ། །
ནམ་ཡང་ཉམས་པ་མེད་གྱུར་ཅིག །
ཅེས་པ་རབ་རྒྱན་ཆུ་འབྲུག་སྣྲོན་ཟླའི་ཉ་འམ་འཛམ་གླིང་སྤྱི་བསང་གི་སྐབས་སུ་དཔལ་ལྡན་ལྷ་མོས་བསྐུལ་བ་བཞིན་གང་ཤར་དུ་ཤྲྰི་སྨྱོན་པས་ཨེ་ཝྃ་མཁའ་འགྲོ་ཆོས་གླིང་ནས་བྲིས་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment