དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 3 July 2012
ལ་དྭགས་འཇམ་དཔལ་ལ་ཞབས་བརྟན་དུ་སྨོན་པ། །
ལ༵་དྭགས༵་གངས་དཀར་ཤེལ་གྱི་རྫོང་ཁག་ནས། །
ལ་རྒྱའི་སྐད་ཡིག་རིག་གཞུང་འཛིན་སྐྱོང་སྤེལ། །
བློ༵་བཟང༵་དབང་ཕྱུག་ལོ་ཙྰ་དགེ་བའི་བཤེས། །
འཇམ༵་དཔལ༵་ཆོས་ཀྱི་བཟང་པོ་ཞབས་བརྟན་ཤོག །
ཆོས་རིག་སྲོག་ཤིང་སྐད་ཡིག་དག་ཐེར་མཛད། །
མདོ་སྔགས་བཀའ་བསྟན་གཞུང་ལུགས་དཔུང་དུ་བཙུགས། །
རྒྱ་བོད་ཤན་སྦྱར་དབུ་ཚད་རིག་པའི་སྤྱན། །
མང་ཐོས་བླ་མ་ཁྱེད་ཉིད་ཞབས་བརྟན་ཤོག །
དད་དང་དག་སྣང་དགེ་བའི་བློ་གྲོས་བཟང་། །
འཇམ་དཔལ་མཁྱེན་རབ་བྱིན་རླབས་ལེགས་ཐོབ་ཅིང་། །
གངས་ལྗོངས་དབྱངས་གསལ་བསྟན་པ་སྤེལ་བའི་མགོན། །
ལ་དྭགས་བློ་བཟང་འཇམ་དཔལ་ཞབས་བརྟན་ཤོག །
ཅེས་པ་རབ་རྒྱན་སྣྲོན་ཟླའི་ཉ་འམ་ཛམ་གླིང་སྤྱི་བསངས་སྐབས་སུ་ཤྲྰིས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག །
Subscribe to:
Post Comments (Atom)
0 comments:
Post a Comment