དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 13 July 2012
སྨན་སྦྱོར་རིག་པའི་སྤྱི་བཤད།

བོད་ཀྱི་སྨན་སྦྱོར་རིག་པ་ནི་ལོ་རྒྱུས་ཡིན་རིང་ལྡན་ཞིང་ལྟ་གྲུབ་ཀྱི་ཐད་ནས་ཀྱང་གཞི་རྟེན་ཚུགས་ཤིང་རྨང་གཞི་སྲ་བརྟན་དུ་གནས་ཡོད་པ་རེད། དེའི་ཐད་ཀྱི་བྱུང་རིམ་ནས་ཕྲན་བུ་ཞིག་བརྗོད་ན་འཛམ་གླིང་གི་མཐོ་སྒང་ལ་གནས་གཞི་བཅས་པའི་བོད་མི་རིགས་ཀྱི་མེས་པོ་གོང་མ་དག་གིས་རང་གི་ཡུལ་བབ་ཀྱི་གནམ་གཤིས་དང་དེའི་ཁོར་ཡུག་དེ་ཉིད་ནས་བྱུང་བའི་ཐོན་ཁུངས་རྣམས་ལ་རྒྱུས་མངའ་དང་ཞིབ་བསྡུར་དབྱེ་ཞིབ་རིམ་པར་བྱས་པ་ནས་དཔེ་མཚོན་ཙམ་ནི་མར་ཁུས་རྩ་ཁ་སྡོམ་པ་དང་སྦངས་མས་རྨ་ལ་འཇིབ་བྱེད་པ། དེ་བཞིན་བལ་གྱི་གཞོབ་ཀྱིས་ཁྲག་གཅོད་པ། སྤྲ་བ་ལས་མེ་གསོ་བ་ལ་སོགས་པའི་ཤེས་བྱ་མི་ཉུང་བ་ཞིག་གསར་བཏོད་གཏན་འབེབས་མཛད་ཐུབ་པ་དང་། རིམ་པས་སྲོག་ཆགས་ཀྱི་འཚོ་བ་ལ་ཉམས་ཞིབ་བྱས་པ་ནས་བཅད་འབྱོར་གྱི་སྨན་རྩྭ་ཡང་མི་ཉུང་བ་ཞིག་གསར་བརྙེད་བྱུང་ཡོད།
དེ་ལྟ་བུའི་དུས་རིམ་ཁྲོད་རང་གི་རྣམ་དཔྱོད་དང་ཤེས་རིག་གི་རྨང་གཞིའི་སྟེང་ཁྱིམ་མཚེའི་སྨན་རིག་གི་ལེགས་བཤད་ཀྱི་ཟུར་བརྒྱན་ཡང་ཚུར་བསྡུ་བྱེད་ཐུབ་པ་ལ་སོགས་པའི་མཐར་བོད་ཀྱི་མེས་པོའི་ཤུལ་བཞག་རྨད་དུ་བྱུང་བ་ཞིག་བཞག་གནང་མཛད་པ་ནས་སྐབས་བབ་ཀྱི་སྨན་སྦྱོར་རིག་པ་ནི་དེའི་ནང་གི་དམིགས་བསལ་གྱི་ཁྱད་ཆོས་མངའ་བའི་ཤུལ་བཞག་ཅིག་ཡིན།
དེར་བརྟེན་བོད་ཀྱི་སྨན་སྦྱོར་རིག་པའི་གཞུང་ལུགས་ནི་མིའི་ཐུན་མོང་བའི་རྣམ་དཔྱོད་གཙོ་བོར་བྱས་ཏེ་གཏན་ལ་ཕབ་ཡོད་པ་དང་། མཚམས་རེར་ཏིང་ངེ་འཛིན་གྱི་རིག་པའི་སྒོ་ནས་དཔྱད་ཞིབ་བྱས་པའང་འགའ་ཤས་ཡོད་པ་རེད། དེ་ལས་འབྱུང་བ་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་བཅས་འབྱུང་བ་དེ་དག་ནི་བོད་ཀྱི་སྨན་རྫས་དག་གི་བསྐྱེད་བྱའི་རྒྱུ་གཙོ་བོར་བསྟན་པ་དང་། དེ་དག་འདུས་པ་ནས་སྨན་རྫས་རྣམས་བྱུང་བ་དང་། སྨན་རྫས་ཀྱི་རིགས་ལ་སྤྱིར་རྣམ་གྲངས་དཔག་ཏུ་མེད་མོད་ཀྱང་མདོར་བསྡུས་ན་ས་ཆུ་གཉིས་འདུས་པ་ལས་བསྐྱེད་པའི་རོ་མངར་བ་དང་། མེ་ས་ལས་རོ་སྐྱུར་བ། ཆུ་མེ་ལས་རོ་ལན་ཚ་བ། ཆུ་རླུང་ལས་ཁ་བ། མེ་རླུང་ལས་ཚ་བ། ས་རླུང་ལས་བསྐ་བ་བཅས་རྩ་བའི་རོ་དྲུག་པོ་དེ་དག་འབྱུང་བར་གྱུར་བ་དང་། ད་དུང་དེ་དག་ནང་ཕན་ཚུན་འདུས་པ་ལས་རོ་ཡི་བྱེ་བྲག་ཀྱང་དུ་མར་བསྐྱེད་ཅིང་འབྱུང་བ་ཡིན། དེས་ན་རོ་དེ་དག་དང་འབྲེལ་བས་ནུས་པ་ལྕི་བ་དང་། སྣུམ་པ། བསིལ་བ། རྟུལ་བ། ཡང་བ། རྩུབ་པ། ཚ་བ། རྣོ་བ་བཅས་རྣམ་པ་བརྒྱད་དུ་གྲུབ་པ་དང་། དེ་བཞིན་ནུས་པ་དེ་དག་ལས་འཕྲོས་པའི་ཡོན་ཏན་ཀྱང་འདི་དག་འཁྲུངས་ཤིང་། ལྕི་བ། སྣུམ་པ། བསིལ་བ། རྟུལ་བ། ཡང་བ། རྩུབ་པ། ཚ་བ། རྣོ་བ། བརྟན་པ། འཇམ་པ། གྲང་བ། མཉེན་པ། གཡོ་བ། སྐམ་པ། སྐྱ་བ། དྲོ་བ། སླ་བ། བཅས་དང་། དེ་ལྟ་བུའི་འབྱུང་བ་ལྔ་དང་རོ་དྲུག་དང་ནུས་པ་བརྒྱད་དང་ཡོན་ཏན་བཅུ་བདུན་དང་ལྡན་པའི་སྨན་རྫས་གང་ཡིན་ཡང་ཁོང་དུ་བསྟེན་པའི་སྐབས་ཞུ་རྗེས་གསུམ་དུ་འགྱུར་ཏེ། དེ་ཡང་རོ་མངར་བ་དང་ལན་ཚའི་ཞུ་རྗེས་མངར་བ་དང་། རོ་སྐྱུར་བའི་ཞུ་རྗེས་སྐྱུར་བ། རོ་ཁ་བ་དང་ཚ་བ་བསྐ་བ་གསུམ་གྱི་ཞུ་རྗེས་ཚ་བར་འགྱུར་བ་(ལ་ལས་ཁ་བར་འདོད)ཡིན་ནོ། །
དེས་ན་བོད་ཀྱི་སྨན་སྦྱོར་རིག་པའི་འགྲོ་ལུགས་ལ་དངོས་སུ་ལག་ལེན་སྐབས་གོང་དུ་བསྟན་པའི་འབྱུང་བ་དེ་དག་དང་། རོ། ནུས་པ། ཡོན་ཏན། ཞུ་རྗེས་སོགས་ཀྱི་གནས་ལུགས་གཞིར་བཞག་ཐོག་ནད་རླུང་མཁྲིས་བད་ཀན་གསུམ་གྱི་མཚན་ཉིད་དང་བསྟུན་ནས་སྨན་སྦྱོར་བྱེད་བཞིན་པ་ཞིག་དང་། དེ་བཞིན་དུ་སྨན་སྦྱོར་གྱི་ནུས་པ་འདོན་སྟངས་ཀྱི་ཐད་ནས་ཀྱང་དཔེ་འདི་འདྲ་ལ་གཞི་བཟུང་སྟེ་གཏན་ལ་ཕབ་ཡོད་དེ། རྒྱལ་པོ་ལྟ་བུའི་སྦྱོར་བ། བློན་པོ་ལྟ་བུའི་སྦྱོར་བ། བཙན་མོ་ལྟ་བུའི་སྦྱོར་བ། རྗེའུ་ལྟ་བུའི་སྦྱོར་བ། དམག་དཔོན་ལྟ་བུའི་སྦྱོར་བ། དམངས་ལྟ་བུའི་སྦྱོར་བ། ཆིབས་པ་ལྟ་བུའི་སྦྱོར་བ་ལ་སོགས་པའི་འགྲོ་ལུགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལམ་སྲོལ་ངོ་མཚར་བ་ཡང་ཡོད་དོ། །

0 comments:

ཟིན་བྲིས་འཚོལ་ཡུལ