དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 1 August 2012
༄༅།
།༸དཔལ་དགྱེས་པ་རྡོ་རྗེའི་ཟློས་གར་སློབ་ཚོགས་གསར་དུ་བསྐྲུན། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཤྲྰིཿ་ཡེ།
།
དཔལ་ལྡན་ཚོགས་གཉིས་མཁའ་དབྱིངས་ཟབ་རྒྱས་ལས།
།
དགྱེས་པའི་མཁྱེན་རབ་ངེས་དོན་ཆོས་སྒྲ་ཆེ།
།
རྡོ་རྗེའི་མགུར་དབྱངས་སྙན་མཇེབས་ཟློས་གར་གྱིས།
།
འཛམ་གླིང་འཛིན་མའི་ཁྱོན་ཀུན་ཁྱབ་གྱུར་ཅིག
།
ཅེས་བསྟོད་སྨོན་དམ་བཅས་མདུན་བསུས་ནས་གླེང་སློང་དངོས་གཞི་ལ་འཇུག་པར་བྱ།
དེ་ཡང་སྔོན་བསགས་ལས་སྨོན་གྱི་རྟེན་འབྲེལ་བཟང་པོ་དང་།
ད་ལྟ་བླ་སློབ་ཀྱི་དམ་ཚིག་གཙང་མ་ལ་བརྟེན་ནས་རང་ངོས་ནས་རང་སྣང་གང་ཤར་གླུ་རུ་བླངས།
གདམས་ངག་གང་ཤར་གཏམ་དུ་བྱས་ཏེ། སྐྱེ་འགྲོ་ཀུན་ལ་བསམ་པ་བཟང་པོའི་ཁ་ཏ་དང་། ཁ་ལག་གཙང་མའི་མཆོད་པ་ཟེར་བའི་དཔེ་ལྟར་བྱས་པ་ཡིན་རུང་། ཀྱེ་མ་འཕགས་པ་ཀླུ་སྒྲུབ་ལུགས།། ལ་ལའི་སྨན་ལ་ལ་ལའི་དུག་ཟེར་བ་ལྟར། འགའ་ཞིག་གིས་སེམས་ལ་མ་འཕྲོད་པ་རེ་བྱུང་ཡོད་སྲིད་ཀྱང་།
བདག་གི་ཆོས་མཆེད་དམ་པ་ཡོངས་དང་བོད་རིགས་གཟུར་གནས་ཀྱི་མཁས་དབང་ཕལ་ཆེ་བ་ཞིག་གིས་དམ་པ་གོང་མའི་གསུངས་བཞིན་དུ་ཤུལ་བཞག་གི་བསྟན་བཅོས་ཕུན་སུམ་ཚོགས་པའི་མགུར་འབུམ་ཡང་དག་ཅིག་ཏུ་ངོས་འཛིན་གནང་བ་ཐོབ་པས་དགའ་སྤྲོ་བརྟས།
ཁྱད་པར་དུ་བོད་ཡུལ་ནང་ཁུལ་གྱི་ཚངས་དབྱངས་དྲ་བ་དང།
ངེས་དོན་གྱི་མཁས་གྲུབ་དུ་མས་དབུགས་དབྱུང་གཟེངས་སུ་བསྟོད་པས་རང་སྣང་ཡང་དགའ་སྤོབས་དང་བཅས།
འབྱུང་འགྱུར་ལོ་རྒྱུས་སྙན་རྩོམ་རིང་མོ་དངོས་ཡོད་རིག་གནས་ཀྱི་ཤུལ་བཞག་དང་རྒྱུད་འཛིན།
ང་ཚོ་གངས་ཅན་བོད་པའི་ཟློས་གར་ཕྱོགས་ལ་མི་ཉམས་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ།
ཁྱད་པར་ཟློས་གར་སྙན་ངག་གི་སྟོང་ཆ་ཁ་བསྐང་ཐུབ་པར་ངེས་པའི་ཡིད་ཆེས་བརྟན་པོ་ཡོད་པ་དང་།
བདག་གི་སྨྲས་པའི་གླུ་བྲོའི་ཟློས་གར་འདི་ཡང་འཛམ་གླིང་གོ་ལའི་གར་སྟེགས་ཆེན་པོའི་སྟེང་དུ་ཐུན་མིན་བོད་ཀྱི་སྐད་ཡིག་གིས་སྤྱི་ཕན་བཟང་པོས་ཁྱེད་རྣམ་པའི་རེ་བ་སྒྲུབ་ཐུབ་རྒྱུའི་གདེང་ཚོད་ཆེན་པོ་འདུག
དེས་ན་བདག་གི་སློབ་གྲོགས་ཚོས་བོད་མདོ་དབུས་ཁམས་སུ་གླུ་གར་ཚོགས་པ་ཞིག་ཀྱང་གཙུགས་པ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་། བསྟན་འགྲོ་ལ་ཕན་བདེས་སྨན་པའི་སྨོན་ལམ་བཏབས་སོ། །
ཚོགས་གཙོའི་མི་སྣ་ལ་ཡང་རྒྱལ་སྲིད་སྣ་བདུན་ལས་གྲུབ་པ་ལྟ་བུ་བྱུང་བས་རྟེན་འབྲེལ་ཤིན་ཏུ་བཟང་།
དེ་ཡང་གངས་ཅན་ལྗོངས་སུ་སྙན་གྲགས་ཡོད་པའི་གླུ་བ་དོན་གྲུབ་ཚེ་རིང་དང་། མཁན་པོ་འོད་གསལ་མཐའ་ཡས། རྡུང་ལེན་པ་གངས་བ་རྒྱལ་མཚན། ཚོགས་གླུ་པ་ནད་མེད་ཚེ་རིང་།
ཨ་ནེ་སྒྲོན་མ་ཆོས་སྒྲོན། གླུ་བ་ཕྲིན་ལས་རྒྱ་མཚོ།
ཟློས་གར་བ་ནོར་བུ་བཀྲ་ཤིས་རྣམས་ལགས་སོ། །
ཟློས་གར་སློབ་ཚོགས་ཀྱི་མིང་ལ་ཡང་རང་མིང་གིས་བོད་རྒྱ་དབྱིན་གསུམ་གྱིས་བཏགས་པ་འདི་ལྟར།
༸དཔལ་དགྱེས་པ་རྡོ་རྗེའི་ཟློས་གར་སློབ་ཚོགས།
།
阿南陀福慧金刚乘戏剧学院
Shri
Ananta Vajra's Academy of Dramatic Arts
སྤྱིར་ཟློས་གར་ནི་བོད་རིག་པའི་སྐད་ཡིག་དང་སྲོལ་རྒྱུན་དག་སྤེལ་ཆེད་དུ་ཚོགས་མཆོད་ཟློས་གར།
རྣམ་ཐར་ཟློས་གར། གཏམ་བརྗོད་ཟློས་གར་དང་། གླུ་དབྱངས་ཟློས་གར། ཞབས་བྲོ་ཟློས་གར་དང་། རྣལ་འབྱོར་ཟློས་གར་སོགས་སུ་དབྱེ་བ་དུ་མ་ཡོད།
གཙོ་བོ་གླུ་གཞས་བྲོ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོའི་རྣམ་ཐར་དག་ནི་རིག་གནས་ཤུལ་བཞག་གི་འོད་སྟོང་ངོ་མཚར་ལྡན་པའི་བོད་ཁམས་རང་གཤིས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་ཟློས་གར་དུ་གྲགས།
དེ་ལ་འཁྲབ་སྟོན་བྱེད་པ་ཡང་དམངས་ཁྲོད་ཀྱི་ལག་ལེན་སྟོན་པའི་སྒྱུ་རྩལ་གྱི་འཕྲུལ་འཁོར་ལྟ་བུ་སྟེ།
དཔེར་ན། «ལོ་རྒྱུས་རྣམ་ཐར»དང་། «གེ་སར་ཆོས་སྒྲུང་» «རྨི་ལམ་འདས་ལོག་» «དམངས་གཞས་གླུ་བྲོ»སོགས་བོད་ཀྱི་སྲོལ་རྒྱུན་གྱི་ཟློས་གར་ནི་ནང་སེམས་ཀྱི་ཞི་བདེ།
བྱམས་བརྩེ་དང་། བཟོད་སྒོམ། དྲན་ཤེས་བག་ཡོད། ངོ་ཚ་ཁྲེལ་ཡོད། དད་བརྩོན་དྲང་བདེན།
ཡང་དག་པའི་ཤེས་རབ་ཀྱི་ཕྱོགས་ཡོངས་ནས་བོད་མི་རྣམས་ཀྱི་ལྷན་སྐྱེས་ལྡན་པའི་འཚོ་བ་འམ།
བོད་མི་སྤྱི་ཁྱབ་ལ་ཆོས་མཐུན་འཚོ་བ་ལ་ཡང་དག་པའི་བག་ཆགས་ཟབ་མོས་ཤུགས་རྐྱེན་ཐེབས་ངེས་ཡིན་པས་དམ་པའི་ཆོས་དང་མཐུན་པའི་ཟློས་གར་དག་འཁྲབ་པ་འདི་ནི་ཤིན་ཏུ་གལ་ཆེའོ།
།
ཨེ་མ་ཧོཿ
འགྲོ་ཁམས་ཞི་བདེ་རོལ་བའི་དགའ་སྐྱིད་དཔལ།
།
ཕན་བདེའི་རང་དབང་མཛེས་པའི་ཟློས་གར་རོལ།
།
གདོད་མའི་ཀུན་བཟང་དགྱེས་པ་རྡོ་རྗེའི་ཆོས།
།
ནམ་ཡང་མི་ཉམས་སྲིད་མཐར་བརྟན་གྱུར་ཅིག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ཆུ་སྟོད་ཟླ་བའི་ཉ་ལ་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་བསྐུལ་བ་བཞིན་དུ་གང་དྲན་སྣང་བར་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་མཁན་ཆེན་བླ་མ་འམ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག་གུ།
། སརྦ་ལོ་ཀ་ཤྲྰིཿཨ་ནནྟ་བཛྲ་ཝྰཀྐ་བི་ཛ་ཡནྟུ། །
Subscribe to:
Post Comments (Atom)
0 comments:
Post a Comment