དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 2 August 2012
དུས་འཁོར་དབང་ཆོག་ནག་འགྲོས་སུ་བཀོད་པ་ཞེས་བྱ་བ་བཞུགས་སོ།།


༄༅།།  རྗེ་བཙུན་བླ་མ་དམ་པ་དཔལ་དུས་ཀྱི་འཁོར་ལོ་དང་དབྱེར་མ་མཆིས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། འདིར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་བདུན་ལེན་པའི་ཆོ་གའི་ནག་འགྲོས་བཏང་རག་གི་མཆོད་པ་འབུལ་ཚུལ་རྒྱས་བསྡུས་ཀྱི་དབྱེ་བ། རྡུལ་ཚོན་གཤེགས་གསོལ་གྱི་ཆོ་ག་དང་བཅས་པ་ལ་གསུམ་ལས། དང་པོ་དབང་བསྐུར་བའི་ཆོ་ག་ནི། སྒྲུབ་པ་པོ་རྣམས་ཁྲུས་བྱས། ལྷ་མོ་བཅུ་གཉིས་ཀྱི་མཆོད་པ་བྱིན་གྱིས་བརླབས། གསེར་གྱི་མཎྜལ་ཕུལ་ལ། ཐལ་མོ་སྦྱར་ཏེ།  ཨོཾ་བྲ་བེ་ཤ་ཡ་བྷ་ག་ཝཱན་མཧཱ་སུ་ཁ་མོཀྵ་བུ་རཾ་སརྦ་སིངྔྷི་སུ་ཁ་པྲ་དྃ་པ་ར་མ་སུ་ཁ་ཨུཏྟ་མ་སིད་དྷྱ་ཛཿཧཱུྃ་བྃ་ཧོཿཔྲ་སིད་དྷྱ་སྭཱ།  ཞེས་ལན་གསུམ་དང་།  སྐྱེ་རྒ་འཆི་བ་ན་ཀྲ་ཡི།། ཆུ་སྲིན་ལ་སོགས་འཇིགས་བཅས་པ།། སྲིད་པའི་མཚོ་ལས་སྒྲོལ་བ་གཅིག།། བདག་གི་སྟོན་པ་དགའ་ཆེན་ཁྱོད།། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིག་དེ་ཉིད་བདག་ལ་སྩོལ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། དུས་དབང་༢། ན༡།  སངས་རྒྱས་ཆོས་དང་དགེ་འདུན་ཏེ།།  སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ།།  ཐར་པ་ཆེན་པོའི་གྲོང་མཆོོག་ཏུ།།  མགོན་པོས་བདག་ནི་གཞུག་ཏུ་གསོལ།།  ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ། 

ཨོཾ་སརྦ་ཏ་ཐཱ་ག་ཏ།  ཨ་ནུ་ཏྟ་ར་བོ་ངྷི་ཨ་ལྃ་ཀཱ་ར་ཝ་སྟྲ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུྃ།  ཨོཾ་བཛྲ་རཀྵ་ཧྃ།  ཨོཾ་བཛྲ་ཨུཥྞི་ཥ་ཧུཾ་ཕཊ།  ཅེས་པ་གསུམ་གྱིས་རིམ་པ་བཞིན། གོས་སྣ་ཚོགས་པའི་སྨད་གཡོགས། སེར་པོའི་སྟོད་གཡོགས། དམར་པོའི་གཙུག་ཏོར་རྣམས་ཡི་གེ་དྲུག་གིས་བསྔགས་པ་བྱིན་ནས་ཆས་སུ་གཞུག།།  ཨོཾ་དྭཱ་ད་ཤ་ཨྃ་ག་ནི་རོ་དྷ་ཀཱ་རི་ཎི་ཧཱུྃ་ཕཊ།  ཅེས་པས་གོས་དམར་སེར་རམ་ལས་མཐུན་གྱི་ཁ་དོག་ཅན་གྱི་གོས་ཀྱིས་མིག་དར་བཅིང་།  ཨཱཿཁྃ་བཱི་ར་ཧཱུྃ། གིས་མེ་ཏོག་གི་ཕྲེང་བ་བཟུང་། དེ་ནས་སློབ་མ་ལ་དབང་བསྐུར་བའི་ཚེ་སྔར་ལྟར་སོ་ཤིང་དང་ཁྱོར་ཆུ་སྦྱིན་པ་བྱ།  དེ་ནས།  ཡི་གེ་དྲུག་པ་བརྗོད་ཅིང་རྣམ་རྒྱལ་ཆེན་པོའི་དུང་གི་ཆུས་བསངས་ཏེ།  རང་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་སྣ་ཚོགས་ཡུམ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ་གཡས་བརྐྱང་གིས་བཞུགས་པར་གྱུར། དུས་དབང་༢། བ ༡།  དེའི་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧུྃ་ནག་པོ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོྃ་དཀར་པོ། ཡི་གེ་གསུམ་གྱི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས། ཀྱེ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་བླ་མས་འདྲི་བ་ལ།  སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ།། ཞེས་ལན་བཏབ་པས། རིགས་དང་མོས་པ་ཤེས་བར་བྱ།  སྲིད་པའི་འཇིགས་པ་འཕྲོག་བྱེད་པ།། སྲིད་པའི་སྐྱོན་གྱིས་གོས་མི་འགྱུར།། ཕུན་སུམ་ཚོགས་པ་ཀུན་གྱི་བདག།། ཁྱོད་ཀྱི་ཞབས་ལ་སྐྱབས་སུ་མཆི།། ཟད་མེད་འཁོར་བའི་འཇིགས་པ་ལས།།  བདག་གི་སྐྱབས་ནི་གཞན་མ་མཆིས།།  དེ་བས་སྙིང་རྗེ་ཆེ་མཛད་ནས།།  དེ་རིང་བདག་ལ་བཀའ་དྲིན་མཛོད།། དེ་རིང་ཉིད་ནས་མི་བཟད་འཁོར་བས་འཇིགས་པ་བདག་ནི་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི།། ཁྱེད་ཀྱི་ཞབས་གྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལའང་ལུས་ངག་སེམས་ནི་དག་པས་སོ།། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། ལན་གསུམ་གྱིས་ཐུན་མོང་བའི་སྡོམ་པ་བཟུང་། དེ་ནས། དུས་དབང་༣། ན༡། འཁོར་ལོ་ཕྱིར་མི་ལྡོག་པའི་དབང་།། དམ་པ་བདག་ལ་སྩལ་ནས་ནི།། མགོན་པོ་འཁོར་ལོ་ལྷ་དག་གི། དེ་ཉིད་སློབ་དཔོན་འཕྲིན་ལས་དང་།། སངས་རྒྱས་ཀུན་གྱི་དམ་ཚིག་དང་།། སྡོམ་པ་གསང་མཆོག་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར།། རྟག་ཏུ་བདག་ནི་སློབ་དཔོན་བགྱིད།། ཅེས་ལན་གསུམ་གྱིས་ཐུན་མོང་མ་ཡིན་པའི་སྡོམ་པའི་དོན་དུ་གསོལ་བ་བཏབ་ནས།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས་བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།།་སོ་སོར་བརྟན་པོར་བཟུང་བར་བགྱི།། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི།། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི།། དུས་དབང་༣། བ༡། མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི།། མ་གྲོལ་བ་རྣམས་དགྲོལ་བར་བགྱི།། དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལ་དགོད།། ཅེས་ལན་གསུམ་གྱིས་སྔགས་སྡོམ་བཟུང་། དེ་ནས། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད།། འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ། གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ།། ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས།། བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ།། གྲོགས་པོ་རྗེ་པོ་རྣམས་དང་ལྷ་དང་མི་ཡིས་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང་།། དབང་པོ་རྣམས་ནི་ཆགས་པ་དག་དང་དེ་ལྟར་སྲིད་པའི་བདག་པོ་དག་གི་བརྟུལ་ཞུགས་ཉི་ཤུ་ལྔ།། ཞེས་བླ་མས་གསུང་བ་ལ། སྲིད་པའི་འཇིགས་པ་འཇོམས་མཛོད་པའི།། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ།། སྣ་ཚོགས་གཙོ་བོའི་གསུང་ཇི་བཞིན།། བདག་གིས་རྟག་ཏུ་བསྐྱང་བར་བགྱི།། ཞེས་ལན་གསུམ་གྱིས་ཁས་བླང་པར་བྱའོ།། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་འགྱུར།། དུས་དབང་༤། ན༡།  ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་པ་བྱུང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་གྱུར། ཨོཾ་སརྦ་ཡོག་ཅིཏྟཾཨུད་པ་ཏ་ཡཱ་མི། ཞེས་བརྗོད་ནས་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད།  ཨོཾ་སུ་ར་ཏེ་ས་མ་ཡ་སྟྭྃ་ཧོཿསིངྔྷྱི་བཛྲ་ཡ་ཐཱ་སུ་ཁྃ། ཞེས་བརྟན་པར་བྱས། རྡོ་རྗེ་མགོ་བོར་བཞག་སྟེ།  དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ།། ཞེས་བརྗོད། ཨོྃ་བིགྷན་ཏ་ཀྲྀཏ་ཧཱུྃ། ཨཱཿཁྃ་བཱི་ར་ཧཱུྃ། ཨོྃ་མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥོ། སུ་སུ་ཥོ། བཛྲ་སཏྭ། ཨཱ་ཏྱ་སིངྔྷྱ་མཱྃ། རང་ཉིད་སྐད་ཅིག་གིས་མི་བསྐྱོད་པར་གྱུར། ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྠ་ནཱ་ཡ། ཨཱཏྨཱ་ནྃ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱྃ་ཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ཕྱིར་བདག་འབུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཤར་སྒོ་ནས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་གྱུར། རང་ཉིད་དོན་གྲུབ་ཏུ་གྱུར། ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨཱ་ནྃ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱྃ། དུས་དབང་༤། བ༡། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་ཀྱི་ཕྱིར་བདག་འབུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་ལས་མཛད་དུ་གསོལ། ཞེས་ཤར་སྒོ་ནས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་འཕྲིན་ལས་ཕུན་ཚོགས་ཀྱི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་གྱུར། རང་ཉིད་རིན་འབྱུང་དུ་གྱུར། ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨཱ་ནྃ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥི་ཉྩ་མཱྃ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་དབང་བསྐུར་བའི་ཕྱིར་བདག་འབུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་དུ་གསོལ། ཞེས་ལྷོ་སྒོ་ནས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་དབང་བསྐུར་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་གྱུར། རང་ཉིད་འོད་དཔག་མེད་དུ་གྱུར། ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བར་ཏ་ནཱ་ཡ་ཨཱཏྨཱ་ནྃ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བར་ཏ་ཡ་མཱཾ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་རབ་ཏུ་བསྐོར་བའི་ཕྱིར་བདག་འབུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་ཆོས་རབ་ཏུ་བསྐོར་དུ་གསོལ། ཞེས་བྱང་སྒོ་ནས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་གྱུར། དུས་དབང་༥། ན༡། རང་ཉིད་རྣམ་སྣང་དུ་གྱུར། ཨོྃ་སརྦ་བུད་དྷ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱཏྨཱ་ནྃ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨདྷི་ཏིཥྛ་མཱཾ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ཕྱིར་བདག་འབུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ནུབ་སྒོ་ནས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་གྱུར། ཨོཾ་གུ་རུ་ཙ་ར་ཎ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱཏྨཱ་ནྃ་ནི་རྱཱ་ཏ་ཡཱ་མི། སརྦ་ས་ཏྭ་པ་རི་ཏྲ་ཎཱ་ཡ། ཨཱ་ཏ་མཱ་ནྃ་ནི་རྱཱ་ཏ་ཡཱ་མི། ཞེས་བླ་མའི་ཞབས་ལ་ཤར་སྒོར་འདུག་སྟེ་ཕྱག་བྱའོ།། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱེད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་འཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་ཅིང་། ཡང་རྡོ་རྗེ་མགོ་བོར་བཞག་ནས། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། ཞེས་དང་། རྡོ་རྗེ་སྙིང་གར་བཞག་སྟེ། ཨོྃ་དེ་རིང་རྡོ་རྗེ་སེམས་དཔའ་རང་།། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་བྲལ་ཏེ་གཤེགས།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར།། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག།། ཨོྃ་བཛྲ་ཨུ་ད་ཀ་ཋཿདེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་བར་མ་བྱེད་ཅིག་བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག་དཔལ་དུས་ཀྱི་འཁོར་ལོ་བདག་ལ་དབབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། རྣམ་རྒྱལ་ཆེན་པོའི་དུང་གི་ཆུ་དང་ཡི་གེ་དྲུག་པས་བསངས། ཤཱུ་ནྱ་ཏཱས་སྟོང་པར་གྱུར། སྟོང་བའི་ངང་ལས་རང་ཉིད་ཧུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་ཤུགས་སྐུ་མདོག་ནག་པོ། ཞལ་དང་ཕྱག་དང་ཕྱག་སོར་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ། མགོ་བོ་དང་ཐོད་པའི་ཕྲེང་བ་འཕྱང་བ། ཀླུའི་རྒྱན་དང་ཕྱག་མཚན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། སློབ་མ་ལ་དབང་བསྐུར་བའི་ཚེ་དེ་དག་རེ་རེ་ནས་བརྡའ་སྤྲད་དོ། དེའི་ལྟེ་བར་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་འཁོར་ལོས་མཚན་པ་ལ་དུས་མེའི་སྟེང་དུ་ཧྃ་སེར་པོ། སྙིང་གར་ཡྃ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གཉིས་ཀྱིས་མཚན་པ་ལ་སྒྲ་གཅན་གྱི་སྟེང་དུ་ཧུྃ་ནག་པོ། མགྲིན་པར་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རིན་པོ་ཆེས་མཚན་པ་ལ་ཉི་མའི་སྟེང་དུ་ཨཱཿདམར་པོ། དུས་དབང་༦། ན༡།  དཔྲལ་བར་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོྃ་དཀར་པོ། ཡི་གེ་བཞིའི་འོད་ཟེར་དང་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུྃ་གི་འོད་ཟེར་གྱིས་རྡོ་རྗེ་བཞི་སྤྱན་དྲངས་པ་ཡི་གེ་བཞི་ལ་ཐིམ། རྐང་པའི་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྃ་གྱིས་མཚན་པའི་སྟེང་དུ་རྐང་མཐིལ་གཉིས་སུ་ཛྷཻ་དམར་པོ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་འོད་ཟེར་ཕོག་པས་རླུང་གཡོས་ཏེ་མེ་སྦར་བས་ཛྷཻའི་འོད་ཟེར་རྐང་པའི་བུ་ག་ནས་ཞུགས་པའི་འོད་ཟེར་གྱིས་ཡི་གེ་བཞི་བསྐྱོད་པའི་འོད་ཟེར་འཕྲོས་པས་ལུས་ཐམས་ཅད་གང་། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུྃ་གི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དང་ཁྲོ་བོའི་དབང་པོའི་རྣམ་པར་སྤྱན་དྲངས་པ་ནམ་མཁའི་ཁམས་གང་བ་ཐམས་ཅད་རང་གི་ལུས་ཀྱི་ནང་དུ་ཞུགས་པར་གྱུར། ཨོྃ་ཨཱཿར་ར་ར་ར་ལ་ལ་ལ་ལ། བཛྲ་ཨ་བེ་ཤ་ཡ་ཧུྃ། ཞེས་པ་རོ་དྲག་པོས་བརྗོད་ཅིང་དྲིལ་བུ་དཀྲོལ་ཏེ། ཤ་ལྔ་བདུད་རྩི་ལྔའི་སྤོས་དང་གུ་གུལ་གྱིས་བདུག་པར་བྱའོ།། སློབ་དཔོན་གྱིས་སྔོན་དུ་སྔགས་འདི་ལ་བཟླས་པ་བྱ་བ་དང་དེའི་བཅུ་ཆའི་སྦྱིན་སྲེག་བྱས་ན་དྲན་པ་ཙམ་གྱིས་འབེབས་པར་གསུངས་སོ།། དེ་ནས། ཨོྃ་ཨཱཿཧུྃ་གིས་བསྔགས་པའི་མེ་ཏོག་མགོ་བོར་སྦྱིན་པ་བྱ་སྟེ།   དུས་དབང་༦། བ༡། རང་གི་དཔྲལ་བར་ཨོྃ། སྙིང་གར་ཧུྃ། གཙུག་ཏོར་དུ་ཧྃ། ལྟེ་བར་ཧོཿམགྲིན་པར་ཨཱཿགསང་བར་ཀྵཿསྟེ་ཐབས་དང་ཤེས་རབ་ཀྱི་རིགས་དྲུག་གིས་བསྲུང་བར་བྱའོ།། དེ་ནས། ཡི་གེ་དྲུག་པ་བཟླས་པས་དཀྱིལ་འཁོར་ལ་སྐོར་བ་གསུམ་བྱས་ཏེ། དྲིལ་བུ་དཀྲོལ་ཞིང་། ཡང་དག་པ་ཡི་དཀྱིལ་འཁོར་འདིར།། བདག་གིས་སློབ་མ་བཅུག་པ་འདིའི།། ལྷ་རྣམས་རིགས་ཀྱི་རིམ་པ་ནི།། བསོད་ནམས་ཇི་ལྟ་དེ་ལྟར་ཤོག།། འདི་ཡི་དངོས་གྲུབ་ཇི་ལྟར་འགྱུར།། རིགས་ནི་གང་གི་སྣོད་དུ་འགྱུར།། བསོད་ནམས་མཐུ་ཡང་ཅི་འདྲ་བ།། དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག།། ཅེས་བདེན་པའི་བྱིན་བརླབས་བྱའོ།། ཏྲཱཾ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱཧྭཱ། ཞེས་བརྗོད་དེ་མེ་ཏོག་དོར། ཨོྃ་པྲ་ཏི་གྲྀ་ཧྞ་སྟྭྃ་ཨི་མྃ་ས་ཏྭ་མཧཱ་བ་ལ། ཞེས་བརྗོད་དེ། མེ་ཏོག་སྤྱི་བོར་བཅིངས། དུས་ཀྱི་འཁོར་ལོ་དེང་ཁྱོད་ཀྱི།། མིག་འབྱེད་པར་ནི་བརྩོན་པར་མཛད།། ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ།། རྡོ་རྗེའི་མིག་ནི་བླ་ན་མེད།། ཨོྃདེ་བྱིན་ཏྲཱ་ཡ་ཨཿཎྚུ་ད་གྷ་ཊཱ་ཡ་སྭཱཧཱ། ཞེས་བརྗོད་ཅིང་མིག་དར་ཕྱེ་ནས། ད་ནི་དད་པའི་ཤུགས་ཀྱིས་སུ།། དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས།། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས།། ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས།། དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས།། དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས།། རྡོ་རྗེ་པདྨ་རྩེར་རོལ་པས།། གསང་སྔགས་རྣམས་ལ་སྒྲུབ་པ་གྱིས།། ཧེ་བཛྲ་པ་ཤྱ། ཞེས་བླ་མས་གསུང་བར་བསམ་ཞིང་བརྗོད་ནས། རང་ཉིད་ཀྱིས་དཀྱིལ་འཁོར་མ་ལུས་པ་མངོན་སུམ་དུ་མཐོང་བར་གྱུར། དེ་ནས། དུས་དབང་༧། ན༡།  ཨོྃ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ།། རྣམ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་།། གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར།། ས་མ་ཡ་ཧོཿཧོཿཧོཿཧོཿ ཞེས་དམ་ཚིག་བརྗོད་དོ། དེ་ནས་མཎྜལ་ཕུལ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ།། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར།། བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར།། ནམ་མཁའི་རྡོ་རྗེ་དེང་བདག་སྩོལ།། ཞེས་ལན་གསུམ་གྱིས་གསོལ་བ་གདབ། བདག་འཇུག་གི་ཚེ་བསྒོམས་པའམ་ལས་ཀྱི་རྡོ་རྗེ་དངོས་སུ་བྱ་ཞིང་། ཡི་གེ་དྲུག་པ་ལན་བདུན་བཟླས་པའི་ཡུངས་ཀར་ལག་པ་གཉིས་ཀྱི་ཁུ་ཚུར་གྱིས་བཟུང་ནས་རེ་རེ་ནས་གཡོན་སྐོར་དུ་ལན་གཉིས། ཨོྃ་སརྦ་པཱ་པྃ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པྃ་ད་ཧ་སྭཱཧཱ། ཞེས་བརྗོད་ཅིང་བྱབས་ལ་ཡུངས་ཀར་མེར་དོར་རོ།། དེ་བཞིན་དུ་གཡས་སུ་བསྐོར་བ་གཉིས་ཀྱང་བྱའོ།། དེ་ནས་ཁུ་ཚུར་གྱིས་ཆུ་བཟུང་ནས་ཀྱང་དེ་བཞིན་དུ་བྱའོ།། དེ་ནས་ཁམ་ཕོར་དཀར་པོ་བཞི་དང་། རྩ་དུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆང་བུ་བཞི་དང་། ཟན་ཆངས་བཞི་དང་། སེང་རས་ཀྱི་ཚལ་བ་བཞིས་ཀྱང་གཡོན་དང་གཡས་སུ་བསྐོར་བ་སྔར་བཞིན་བྱ་སྟེ། འོན་ཀྱང་ཁམ་པོར་མན་ཆད་རྣམས་མེར་མི་དོར་རོ།། དེ་ནས་ཉེ་རེག་བྱས་ལ་གཙོ་བོའི་སྔགས་བརྗོད་ཅིང་ཐུགས་ཀར་དྲ་དང་། དབུ་ལ་མེ་ཏོག་དང་། མདུན་དུ་མཆོད་ཡོན་དབུལ་བ་བྱས་ནས། མར་མེས་ཡོངས་སུ་བསྐོར་ཏེ་ཡི་གེ་དྲུག་པ་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ།། དེ་ནས། དུས་དབང་༧། བ༡།  བླ་མའི་ཕྱག་གཡས་བ་རྡོ་རྗེ་དང་བཅས་པས་བདག་གི་ལག་པ་གཡོན་པ་ནས་ཁྲིད་དེ་དཀྱིལ་འཁོར་ལ་མདུན་གྱིས་བལྟས་ཏེ་གཡས་སྐོར་དུ་སོང་ནས་བྱང་གི་སྒོར་སྐུའི་ཞལ་ལ་མངོན་དུ་ཕྱོགས་པས་དབང་སྟེགས་ལ་གནས་པར་གྱུར། བླ་མ་དང་དུས་ཀྱི་འཁོར་ལོ་སྐུ་རྡོ་རྗེ་དབྱེར་མི་ཕྱེད་པ་ལ་ལུས་དག་བྱེད་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་བགྱིའོ།། ཞེས་སྦྱར་ཏེ་མཎྜལ་ཕུལ། ཨོྃ་ཧྃ་ཧཱྃ་ཧིྃ་ཧཱཾི་ཧྲཾྀ་ཧྲཱྀྃ་ཧུྃ་ཧཱུྃ་ཧླྀྃ་ཧླཱྀྃ་ཨཱ་ཨཱཾ་རཱྀ་ཨཱུ་ལཱྀ་བཛྲ་ཌཱ་ཀི་ནྱཽ་བཛྲ་ཨ་མྲྀ་ཏ་གྷ་ཊཻ་ར་ཨ་བྷི་ཥིཉྩ་ཏུ་མཱྃ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཡི་གེ་དྲུག་པ་དང་དུང་གི་ཆུས་བསངས། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུཾ་ གི་འོད་ཟེར་གྱིས་རང་ཉིད་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བའི་ཐིག་ལེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་དང་པདྨ་ལས་སྐྱེས་པའི་སྐུ་རྡོ་རྗེ་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་ཐོ་བ་མདུང་རྩེ་གསུམ། གཡོན་པ་གསུམ་ན་པད་དཀར་འདབ་བརྒྱ་པ། འཁོར་ལོ་བགྲང་འཕྲེང་འཛིན་པ་ལ་གོས་དཀར་མོས་འཁྱུད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུྃ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བྃ་ཧོཿཧི། རོ་མཉམ་དུ་གྱུར། དུས་དབང་༨། ན༡།  བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུྃ་གི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། བཛྲ་བྷཻ་ར་ཝ་ཨཱ་ཀརྵ་ཡ་ཛཿགནྔྷྃ་ལ་སོགས་པས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ།། འགྲོ་བ་སྐྱོབ་པའི་ཆེད་དུ་དབང་།། ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ།། དེ་ལྟར་འདི་ལའང་སྩལ་དུ་གསོལ།། ཞེས་གསོལ་བ་བཏབ་པས། རྒྱལ་བ་ཡབ་ཡུམ་ལ་སོགས་པ་ཐམས་ཅད་སྙོམས་པར་ཞུགས། ཆགས་པ་ཆེན་པོའི་མེས་ཞུ། བླ་མ་དང་གཙོ་བོ་ཐ་མི་དད་པའི་གཙུ་ཏོར་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་སྐུ་རྡོ་རྗེར་བྱས་པ་ལ་དབང་བསྐུར། ཡུམ་གྱི་པདྨ་ནས་ཕྱུང་སྟེ་དབང་སྟེགས་ལ་འཁོད་པར་གྱུར། དེ་ནས། ཨོྃ་པྲཛྙཱ་པཱ་ར་མི་ཏ་ཧུྃ་ཧཱུྃ་ཕཊ། བརྗོད་པས་སྟེང་འོག་གི་བུམ་པའི་ཆུ་དང་། དེ་བཞིན་དུ་ལོ་ཙ་ནི་སོགས་ཀྱིས་ནུབ་དང་ནུབ་བྱང་། ཨོྃ་མཱ་མ་ཀཱི་སོགས་ཀྱིས་བྱང་དང་བྱང་ཤར། ཨོྃ་པཎྜ་ར་སོགས་ཀྱིས་ལྷོ་དང་ལྷོ་ནུབ། ཨོྃ་ཏཱ་ར་སོགས་ཀྱིས་ཤར་དང་ཤར་ལྷོའི་བུམ་ཆུ་རྣམས་ཉུང་ཟད་རེ་བླངས་ཏེ་བསྡུས་ནས་རྣམ་རྒྱལ་ཆེན་པོའི་དུང་ཆོས་སུ་བསྲེས་པ་མདུན་དུ་བཞག་སྟེ། རང་དང་བུམ་ཆུ་ཡི་གེ་དྲུག་པས་བསངས།་ཤཱུ་ནྱ་ཏཱས་རང་གི་ལུས་ཁམས་ལྔ་དང་བུམ་ཆུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ལུས་ཀྱི་ནམ་མཁའི་ཁམས་དང་དུང་ཆོས་ཀྱི་ཆུ་དང་འདྲེས་པའི་སྟེང་འོག་གི་བུམ་ཆུ་ཨཱ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་དབྱིངས་ཀྱིས་དབང་ཕྱུག་མ་ལྗང་གུ། དུས་དབང་༨། བ ༡།  ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་པའི་གཡས་ན་རྡོ་རྗེ། གྲི་གུག དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ། ཐོད་པ་ཚངས་མགོ་འཛིན་པ་ལ་རྡོ་རྗེ་སེམས་དཔས་འཁྱུད་པ། ལུས་ཀྱི་རླུང་གི་ཁམས་དང་། དུང་ཆོས་ཀྱི་ཆུ་དང་འདྲེས་པའི་ཤར་དང་ཤར་ལྷོའི་བུམ་ཆུ་ཨཱི་དང་རལ་གྲི་ལས་སྐྱེས་པའི་སྒྲོལ་མ་ནག་མོ་ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་རལ་གྲི། གྲི་གུག རྩེ་གསུམ། གཡོན་ན་ཕུབ། ཐོད་པ། ཁ་ཊྭཱྃ་ག་དཀར་པོ་འཛིན་པ་ལ་རྣམ་སྣང་གིས་འཁྱུད་པ། ལུས་ཀྱི་མེའི་ཁམས་དང་། དུང་ཆོས་ཀྱི་ཆུ་དང་འདྲེས་པའི་ལྷོ་དང་ལྷོ་ནུབ་ཀྱི་བུམ་ཆུ་རཱྀ་དང་རིན་པོ་ཆེ་ལས་སྐྱེས་པའི་གོས་དཀར་མོ་དམར་མོ་དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་ན་གཞུ་དང་། རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ་ལ་འོད་དཔག་མེད་ཀྱིས་འཁྱུད་པ། ལུས་ཀྱི་ཆུའི་ཁམས་དང་། དུང་ཆོས་ཀྱི་ཆུ་དང་འདྲེས་པའི་བྱང་དང་བྱང་ཤར་གྱི་བུམ་ཆུ་ཨཱུ་དང་པདྨ་ལས་སྐྱེས་པའི་མཱ་མ་ཀཱི་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་ཐོ་བ། མདུང་རྩེ་གསུམ། གཡོན་ན་པད་དཀར་འདབ་བརྒྱ་པ་དང་། མེ་ལོང་། བགྲང་འཕྲེང་འཛིན་པ་ལ་རིན་འབྱུང་གིས་འཁྱུད་པ།་ལུས་ཀྱི་སའི་ཁམས་དང་། དུང་ཆོས་ཀྱི་ཚུ་དང་འདྲེས་པའི་ནུབ་དང་ནུབ་བྱང་གི་བུམ་ཆུ་ལཱི་དང་ དུས་དབང་༩། ན ༡། འཁོར་ལོ་ལས་སྐྱེས་པའི་སྤྱན་མ་སེར་མོ་སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་དང་རྡོ་རྗེ་ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ་ལ་དོན་གྲུབ་ཀྱིས་འཁྱུད་པ། དེ་རྣམས་ཀྱི་དཔྲལ་བར་ཨོྃ། མགྲིན་པར་ཨཱཿཐུགས་ཀར་ཧུྃ། ལྟེ་བར་ཧོཿཐུགས་ཀའི་ཧུྃ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿཧི།  རང་རང་གི་དམ་ཚིག་པ་དང་རོ་མཉམ་པར་གྱུར། ཨོྃ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་ཡུམ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རིམ་པ་བཞིན་མི་བསྐྱོད་པ་དང་། དོན་གྲུབ། རིན་འབྱུང་། འོད་དཔག་མེད། རྣམ་སྣང་རྣམས་ཀྱིས་རྒྱས་བཏང་པར་གྱུར། གན་དྷྃ་སོགས་ཀྱིས་མཆོད། ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་བུམ་པའི་ཆུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུྃ་གི་འོད་ཟེར་གྱིས། དབང་གི་ལྷ་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ནམ་མཁའི་གང་བ་སྤྱན་དྲངས། བཛྲ་བྷཻ་ར་ཝ་ཨཱ་ཀརྵ་ཡ་ཛཿགན་བྷཾ་ལ་སོགས་པས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། སོགས་ཀྱིས་གསོལ་བ་གདབ། ཞེས་གསོལ་བ་བཏབ་པས་ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིག་པ་བརྗོད། དུས་དབང་༩།བ ༡། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་ཅིང་མེད་ཏོག་ལ་སོགས་པའི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐད། བསྒྲུབས་པའི་དཀྱིལ་འཁོར་གྱི་ནང་ན་བཞུགས་པའི་ཡུམ་རྣམས་ཀྱིས་ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་དུ་བསྐུར་བར་གྱུར། དབང་འོག་མ་རྣམས་ལ། ཡུམ་རྣམས་ཀྱིས་ ཞེས་སོགས་ཀྱི་དོད་ལ། སངས་རྒྱས་ལྔས་ཅོད་པན་བཟུང་སྟེ། ཞེས་དང། ནུས་མ་བཅུ་ས་དང་དཔྱངས་བཟུང་སྟེ། ཞེས་དང་། གཙོ་བོ་ཡབ་ཡུམ་གྱིས་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། ཞེས་དང་། སེམས་དཔའ་སེམས་མ་རྣམས་ཀྱིས་མཐེ་བོའི་རྡོ་རྗེ་བཟུང་སྟེ། ཞེས་དང་། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་གདུ་བུ་བཟུང་སྟེ། ཞེས་དང་། རྡོ་རྗེ་སེམས་དཔའ་དང་ཤེར་ཕྱིན་མས་ཕྱག་མཚན་རྣམས་བཟུང་སྟེ་དབང་བསྐུར་བར་གྱུར། ཞེས་སྦྱར་ནས་བྱ། ལས་ཀྱི་རྡོ་རྗེས་བུམ་པ་བཏེག་ཅིང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག། སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། སངས་རྒྱས་པདྨའི་འདབ་མ་རྒྱས་འདྲའི་ཞལ་མངའ་བ། དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག། དེས་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ།། དུས་དབང་༡༠།ན ༡། འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི་ཡིས་མཆོད།། ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ།། དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག།། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས།། ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི།། དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག། ཅེས་པས་བདག་འཇུག་གི་ཚ་རང་ལ་མེ་ཏོག་གི་ཆར་དབང་ཅིང་ཤིས་བརྗོད་བྱའོ།། བུམ་པ་ལ་བྱེད་པ་ནི་ནོར་བ་ཆེན་པོའོ།། དེ་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི།། ཁམས་གསུམ་པ་ཡིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསུང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ།། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བརྗོད་དེ་གཙུག་ཏོར། ཕྲག་པ།དཔུང་པའི་ཚིགས།་བརླ་དང་། དཔྱིའི་ཚིགས་གཡས་གཡོན་ཏེ་གནས་ལྔར་དུང་ཆོས་རེག་ཅིང་ཆུས་ཀྱང་གཏོར་ནས་ཅུང་ཟད་འཐུང་པ་དང་།་ཁྲུས་ཀྱང་བྱས་ཏེ་དབང་བསྐུར་བར་བྱའོ། དེ་ལྟར་གཏོར་བ་དང་བཀྲུས་པས་སྡུག་བསྔལ་དང་དྲི་མ་དག་འཐུངས་པས་བདེ་བ་ཆེན་པོ་མྱོང་། ལུས་ཀྱི་ཁམས་ལྔ་ཡུམ་ལྔར་གྱུར། དེའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ཡུམ་ལྔ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྤྱན་དྲངས་པའི་ཡུམ་ལྔ་ལ་ཐིམ་ཞིང་། དབང་གི་ལྷ་ཐམས་ཅད་ཀྱང་བཀུག་སྟེ་རང་གི་ཁམས་ལྔ་ཡུམ་ལྔར་གསལ་བ་ལ་ཐིམ་པར་གྱུར། གྷན་དྷྃ་ལས་སོགས་པས་མཆོད། དེ་ནི་བྱིས་པ་སྐྱེས་མ་ཐག་པ་མ་ཡིས་འཁྲུད་པ་དང་ཆོས་མཐུན་ཞིང་། ཁམས་ལྔའི་དྲི་མ་འཁྲུད། ཡུམ་ལྔ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་སྒྲུབ་པ་ལས་དབང་། དུས་དབང་༡༠།བ ༡། ཡུམ་ལྔའི་ས་བོན་རྒྱུད་ལ་འཇོག་འབྲས་བུས་དང་པོ་འཐོབ་པའི་ནུས་པ་ཅན་དུ་བྱས་སོ། ཞེས་དབང་དོན་དང་དག་པ་བརྗོད་པར་བྱའོ། དེ་ནས། ཡང་ཕུང་པོ་ལྔའི་དྲི་མ་དག་བྱེད་ཅོད་པན་གྱི་དབང་ཞུ་བའི་ཡོན་དུ། ཞེས་སྦྱར་ནས་མཎྜལ་ཕུལ། ཨོྃ་ཨཾ་ཨི་ར་ཨུྃ་ལྀྃ་སརྦ་བུད་དྷ་བཛྲ་མུ་ཀུ་ཊྃ་མ་མ་པཉྩ་བུད་དྷ་ཨཱ་ཏ་མ་ཀྃ་བན་དྷ་ཡནྟུ་ཧུྃ་ཧཱུྃ་ཕཊ། ཅེས་པ་གསུམ་གྱིས་གསོལ་བ་གདབ། འདིར་སླར་ཡང་ནང་དབང་མི་དགོས་པས། རང་དང་ཅོད་པན་ཡི་གེ་དྲུག་པ་དང་དུང་ཆུས་བསང་། ཤཱུ་ནྱ་ཏཱས་རང་གི་ཕུང་པོ་ལྔ་དང་དབང་རྫས་ཅོད་པན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་གི་རྣམ་ཤེས་ཀྱི་ཕུང་པོ་དང་ཅོད་པན་ལྗང་གུ་ཨ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པ་ལྗང་གུ་ལྗང་དམར་དཀར་་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་རྡོ་རྗེ། གྲི་གུག་དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ་ཤེར་ཕྱིན་མས་འཁྱུད་པ། རང་གི་འདུ་བྱེད་ཀྱི་ཕུང་པོ་དང་། ཅོད་པན་ནག་པོ་ཨི་དང་རལ་གྲི་ལས་སྐྱེས་པའི་དོན་གྲུབ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་རལ་གྲི། གྲི་གུག རྩེ་གསུམ། གཡོན་ན་ཕུབ། ཐོད་པ། ཁ་ཊྭྃ་ག་དཀར་པོ་འཛིན་པ་ལ་སྤྱན་མས་འཁྱུད་པ། རང་གི་ཚོར་བའི་བུང་པོ་དང་། ཅོད་པན་དམར་པོ་རྀ་དང་རིན་པོ་ཆེ་ལས་སྐྱེས་པའི་རིན་འབྱུང་དམར་པོ་དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། དུས་དབང་༡༡། ན༡། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་ན་གཞུ་དང་། རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ་ལ་མཱ་མ་ཀཱིས་འཁྱུད་པ། རང་གི་འདུ་ཤེས་ཀྱི་ཕུང་པོ་དང་ཅོད་པན་དཀར་པོ་ཨུ་དང་པདྨ་ལས་སྐྱེས་པའི་འོད་དཔག་མེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་ཐོ་བ། མདུང་། རྩེ་གསུམ། གཡོན་ན་པད་དཀར་འདབ་བརྒྱ་པ་དང་། མེ་ལོང་། བགྲང་འཕྲེང་འཛིན་པ་ལ་གོས་དཀར་མོས་འཁྱུད་པ། རང་གི་གཟུགས་ཀྱི་ཕུང་པོ་དང་ཅོད་པན་སེར་པོ་ལྀ་དང་འཁོར་ལོ་ལས་སྐྱེས་པའི་རྣམ་སྣང་སེར་པོ་སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་དང་རྡོ་རྗེ་ལྕགས་སྒྲོག།། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ་ལ་སྒྲོལ་མས་འཁྱུད་པ། དེ་རྣམས་ཀྱི་དཔྲལ་བར་ཨོྃ། མགྲིན་པར་ཨཱཿཐུགས་ཀར་ཧུྃ། ལྟེ་བར་སྭ། ཐུགས་ཀའི་ཧུྃ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ་ཧི། རང་རང་གི་དམ་ཚིག་པ་དང་རོ་མཉམ་པར་གྱུར། ཨོྃ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཡུམ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རིམ་པ་བཞིན། རྡོ་རྗེ་སེམས་དཔའ། དོན་གྲུབ། རིན་འབྱུང་། འོད་དཔག་མེད། རྣམ་སྣང་གིས་རྒྱས་བཏབ། གན་དྷྃ་ལ་སོགས་པས་མཆོད། ཡབ་ཡུམ་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོའི་མེས་ཞུ་བ་ལས་བྱུང་བའི་དབང་རྫས་ཅོད་པན་དུ་གྱུར། དུས་དབང་༡༡། བ༡། བླ་མ་དག་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ནམ་མཁའི་ཁམས་གང་བ་སྤྱན་དྲངས། བཛྲ་བྷཻ་ར་ཝ་ཨཱ་ཀརྵཡ་ཛཿགནྔྷ ༝གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་ཅིང་། མེ་ཏོག་ལ་སོགས་པའི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། བསྒྲུབས་པའི་དཀྱིལ་འཁོར་གྱི་ནང་དུ་བཞུགས་པའི་སངས་རྒྱས་ལྔས་ཅོད་པན་བཟུང་སྟེ་དབང་བསྐུར་བར་གྱུར། ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུད་དྷ་སྭཱ་ཧཱ། ཞེས་བརྗོད་ཅིང་ཅོད་པན་གནས་ལྔར་གཏུགས་ཏེ་མགོ་ལ་བསྐོན། དབང་བསྐུར་རྡོ་རྗེ་སོགས་དང་དུང་ཆོས་ཀྱི་ཆུས་ཀྱང་དབང་བསྐུར་ནས། སྔར་གྱི་ཆུ་དབང་གི་སྔགས་བརྗོད། དེ་ལྟར་དབང་བསྐུར་བས་རང་གི་ཕུང་པོ་ལྔ་སངས་རྒྱས་ལྔར་གྱུར། དེའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་སངས་རྒྱས་ལྔ་ལས་མར་མེ་གཅིག་ལས་གཉིས་ཚད་ཀྱི་ཚུལ་དུ་སྤྱན་དྲངས་པའི་སངས་རྒྱས་ལྔ་རང་གི་ལུས་ཀྱི་སངས་རྒྱས་ལྔ་ལ་ཐིམ་ཞིང་དབང་གི་ལྷ་རྣམས་ཀྱང་བཀུག་སྟེ་རང་གི་ཕུང་པོ་ལྔ་སངས་རྒྱས་ལྔར་གསལ་བ་ལ་ཐིམ་པར་གྱུར། གན་དྷྃ་ལ་སོགས་པས་མཆོད། དུས་དབང་༡༢། ན༡། དེ་ནི་བྱིས་པའི་གཙུག་ཕུད་བཞག་པ་དང་ཆོས་མཐུན། ཕུང་པོ་ལྔའི་དྲི་མ་འཁྲུད། སངས་རྒྱས་ལྔའི་སྒོ་ནས་དངོས་གྲུབ་སྒྲུབ་པ་ལ་དབང་། སངས་རྒྱས་ལྔའི་ས་བོན་རྒྱུད་ལ་བཞག། འབྲས་བུ་ས་གཉིས་པ་འཐོབ་པའི་ནུས་པ་ཅན་དུ་བྱས་སོ།། ཞེས་དབང་དོན་དང་དག་པ་བརྗོད་དོ། དེ་ལྟར་བྱང་ཕྱོགས་སྐུའི་ཞལ་གྱི་ས་ལ་དབང་གཉིས་ཀྱིས་མངལ་དུ་ཐོག་མར་ཁམས་དང་ཕུང་པོ་གྲུབ་པ་བཞིན། རང་གི་ལུས་ཀྱི་ཆ་མ་དག་པའི་ཕུང་ཁམས་རྣམས་སྦྱངས་ནས་གཤེགས་པ་དང་གཤེགས་མའི་ངོ་བོར་སྒྲིབ་བྲལ་དུ་བྱེད་པའི་ནུས་པ་འཇོག་པའི་ཕྱིར་ལུས་ཀྱི་དྲི་མ་འཁྲུད་ཅིང་། སྐུ་རྡོ་རྗེའི་ས་བོན་འཇོག་པ་དང་། སྐུ་རྡོ་རྗེའི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ། ། ཞེས་དབང་གཉིས་ཀྱི་ཐུན་མོང་གི་དག་པ་བརྗོད་པར་བྱའོ། དེ་ནས། སླར་ཡང་གཡས་སྐོར་གྱིས་ལྷོ་སྒོར་ཁྲིད་དེ་གསུང་གི་ཞལ་ལ་མངོན་དུ་ཕྱོགས་པས་དབང་སྟེགས་ལ་འཁོད། བླ་མ་དང་དུས་ཀྱི་འཁོར་ལོ་གསུང་རྡོ་རྗེ་དབྱེར་མི་ཕྱེད་པ་ལ་རླུང་བཅུའི་དྲི་མ་དག་བྱེད་དར་དཔྱངས་ཀྱི་དབང་ཞུ་བའི་ཡོན་དུ། ཞེས་སྦྱར་ནས་མཎྜལ་ཕུལ། ཨོ་ཨ་ཨཱ་ཨྃ་ཨཿཧ་ཧཱ་ཧྃ་ཧཿཕྲྃཧོཿསརྦ་པཱ་ར་མི་ཏཱ་མ་མ་བཛྲ་པཊྚཾ་བན་དྷ་ཡནྟུ་ཧུ་ཧཱུྃ་ཕཊ། སོགས་ལན་གསུམ་གྱིས་གསོལ་བ་གདབ། ཡི་གེ་དྲུག་པ་དང་དུང་ཆུས་བསང་། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུྃ་གི་འོད་ཟེར་གྱིས་རང་ཉིད་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བའི་ཐིག་ལེ་སྟོང་པ་ཉིད་དུ་གྱུར། དུས་དབང་༡༢། བ༡།  སྟོང་པའི་ངང་ལས་ཨཱཿདང་རིན་པོ་ཆེ་ལས་སྐྱེས་པའི་གསུང་རྡོ་རྗེ་དམར་པོ་དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་པ་གསུམ་ན་གཞུ། རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ་ལ་མཱ་མ་ཀཱིས་འཁྱུད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུྃ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ་ཧི། རོ་མཉམ་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། བཛྲ་བྷཻ་ར་ཝ་ཨཱ་ཀརྵཡ་ཛཿགྷནྔྷཾ ༝གསོལ། ཞེས་གསོལ་བ་བཏབ་པས། རྒྱལ་བ་ཡབ་ཡུམ་ལ་སོགས་པ་ཐམས་ཅད་སྙོམས་པར་ཞུགས་ཆགས་པ་ཆེན་པོའི་མེས་ཞུ། བླ་མ་དང་གཙོ་བོ་ཐ་མི་དད་པའི་གཙུག་ཏོར་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་གསུང་རྡོ་རྗེར་བྱས་པ་ལ་དབང་བསྐུར། ཡུམ་གྱི་པདྨ་ནས་ཕྱུང་སྟེ་དབང་སྟེགས་ལ་འཁོད་པར་གྱུར། དེ་ནས། རང་དང་དར་དཔྱངས་བསང་སྦྱངས། རང་གི་རླུང་བཅུ་དང་དར་དཔྱངས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་གི་རླུང་མཉམ་གནས་དང་རུས་སྦལ་དང་། དར་དཔྱངས་ནག་པོ་གཉིས། ཨ་ཧ་དང་སྤོས་སྣོད་དང་རྔ་ཡབ་ནག་པོ་ལས་སྐྱེས་པའི་ནག་མོ་འབར་མ་ནག་མོ་ནག་དམར་སེར་དང་དཀར་བའི་ཞལ་བཞི།        དུས་དབང་༡༣།བ ༡།  ཕྱག་བརྒྱད་ཀྱི་གཡས་ན་སྤོས་དང་། ཙནྡན་གུར་གུར། ག་བུར་གླ་རྩི་སྦྱར་བའི་སྣོད། གཡོན་ན་དྲིལ་བུ། པདྨ། ལྷ་ཤིང་གི་མེ་ཏོག་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་འཛིན་པ། དུ་བ་མ་ནག་མོ་ནག་དམར་སེར་དང་དཀར་བའི་ཞལ་བཞི། ཕྱག་བརྒྱད་ན་རྔ་ཡབ་ནག་པོ་བརྒྱད་འཛིན་པར་གྱུར། རང་གི་རླུང་གྱེན་རྒྱུ་དང་རྩངས་པ་དང་། དར་དཔྱངས་དམར་པོ་གཉིས། ཨཿཧཿདང་མར་མེ་དང་རྔ་ཡབ་དམར་པོ་ལས་སྐྱེས་པའི་དམར་མོ་འབར་མ་དམར་མོ། དམར་སེར་དཀར་དང་སྔོ་བའི་ཞལ་ཅན། ཕྱག་བརྒྱད་ཀྱི་གཡས་ན་མར་མེ། དོ་ཤལ། ཅོད་པཎ། གདུ་བུ། གཡོན་ན་གོས། སྐེ་རགས། རྣ་རྒྱན། རྐང་གདུབ་འཛིན་པ། སྨིག་རྒྱུ་མ་དམར་མོ། དམར་སེར་དཀར་དང་སྔོ་བའི་ཞལ་ཅན། ཕྱག་བརྒྱད་ན་རྔ་ཡབ་དམར་པོ་བརྒྱད་འཛིན་པར་གྱུར། རང་གི་རླུང་ཁྱབ་བྱེད་དང་ལྷ་སྦྱིན་དང་། དར་དཔྱངས་དཀར་པོ་གཉིས། ཨྃ་ཧྃ་དང་ལྷ་བཤོས་དང་རྔ་ཡབ་དཀར་པོ་ལས་སྐྱེས་པའི་དཀར་མོ་འབར་མ་དཀར་མོ། དཀར་ནག་དམར་དང་སེར་བའི་ཞལ་ཅན། ཕྱག་བརྒྱད་ཀྱིས་གཡས་ན་འོ་མ། ཆུ། མཆོག་གི་སྨན་དང་ཆང་གི་སྣོད། གཡོན་ན་བདུད་རྩི། གྲུབ་པའི་རོ། བདུད་རྩིའི་འབྲས་བུ། ཟན་གྱི་སྣོད་འཛིན་པ། མཁའ་སྣང་མ་དཀར་མོ། དཀར་ནག་དམར་དང་སེར་པོའི་ཞལ་ཅན། ཕྱག་བརྒྱད་ཀྱིས་རྔ་ཡབ་དཀར་པོ་བརྒྱད་འཛིན་པར་གྱུར། རང་གི་རླུང་ཀླུ་ནོར་ལས་རྒྱལ་དང་། དར་དཔྱངས་སེར་པོ་གཉིས། དུས་དབང་༡༣། བ༡། ཨཱ་ཧཱ་དང་དུང་ཆོས་དང་རྔ་ཡབ་སེར་པོ་ལས་སྐྱེས་པའི་སེར་མོ་འབར་མ་སེར་མོ། སེར་དཀར་སྔོ་དང་དམར་བའི་ཞལ་ཅན། ཕྱག་བརྒྱད་ཀྱིས་གཡས་ན་དུང་དང། གླིང་བུ། ནོར་བུ། ཌཱ་མ་རུ། གཡོན་ན་པི་ཝང་། རྔ་དང་སྒྲ་ལྡན་འཁར་བ། ཟངས་དུང་འཛིན་པ། མར་མེ་མ་སེར་མོ། སེར་དཀར་སྔོ་དང་དམར་བའི་ཞལ་ཅན། ཕྱག་བརྒྱད་ཀྱིས་རྔ་ཡབ་སེར་པོ་བརྒྱད་འཛིན་པར་གྱུར། རང་གི་རླུང་སྲོག་འཛིན་དང་དར་དཔྱངས་ལྗང་གུ་ཧོ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་གུ། ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་རྡོ་རྗེ། གྲི་གུག དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ། རང་གི་རླུང་ཐུར་སེལ་དང་དར་དཔྱངས་སྔོན་པོ་ཕྲེཾ་དང་གྲི་གུག་ལས་སྐྱེས་པའི་སྣ་ཚོགས་ཡུམ་སྔོན་མོ། ཞེས་པ་ནས། ཚངས་མགོ་འཛིན་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧུྃ། ལྟེ་བར་ཧོཿ ཐུགས་ཀའི་ཧུྃ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿཧི། རང་རང་གི་དམ་ཚིག་པ་དང་རོ་མཉམ་པར་གྱུར། ཨོཾ་ཨཿ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཡུམ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རྡོ་རྗེ་སེམས་དཔས་རྒྱས་བཏར་པར་གྱུར། གན་དྷྃ་ལ་སོགས་པས་མཆོད། ནུས་མ་བཅུ་ཞུ་བ་ལས་བྱུང་བའི་དབང་རྫས་དར་དཔྱངས་སུ་གྱུར།  བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ནམ་མཁའི་ཁམས་གང་བ་སྤྱན་དྲངས། དུས་དབང་༡༤། ན༡། བཛྲ་བྷཻ་ར་ཝ ༝གནྔྷཾ ༝གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ ༝ དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། གཟུགས་རྡོ་རྗེ་མ་ལས་སོགས་པས་མཆོད་ཅིང་མེ་ཏོག་ལ་སོགས་པའི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། བསྒྲུབས་པའི་དཀྱིལ་འཁོར་ ༝ནུས་མ་བཅུས་དར་དཔྱངས་བཟུང་སྟེ། དབང་བསྐུར་བར་གྱུར། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཧོཿ ཕྲེཾ་ད་ཤ་པ་རཱ་མི་ཏཱ་པཱ་རི་པཱུ་ར་ཎི་སྭཱ་ཧཱ། ཞེས་བརྗོད་ཅིང་དར་དཔྱངས་སྐྱེ་བའི་གནས་ལྔར་གཏུགས་ཏེ་དཔྲལ་པར་བཅིང་། ཆུ་དབང་གི་སྔགས་དང་དུང་ཆོས་གནས་ལྔར་བཞག་པས་ཀྱང་དབང་བསྐུར་ཏེ། དེ་ལྟར་དབང་བསྐུར་བས་རང་གི་རླུང་བཅུ་ནུས་མ་བཅུར་གྱུར། དེའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ནུས་མ་བཅུ་ལས་མར་མེ༝ ནུས་མ་བཅུ་རང་གི་ལུས་ཀྱི་ནུས་མ་བཅུ་ལ་ཐིམ་ཞིང་དབང་གི་ལྷ་ཐམས་ཅད་ཀྱང་བཀུགས་ཏེ་རང་གི་རླུང་བཅུ་ནུས་མ་བཅུར་སལ་བ་ལ་ཐིམ་པར་གྱུར། གན་དྷྃ་སོགས་ཀྱིས་མཆོད་པའི་བར་སངས་རྒྱས་ལྔའི་གནས་སུ་ནུས་མ་བཅུ་གཞུགས་པ་མ་གཏོགས་སྔར་བཞིན་ནོ། དེ་ནི་བྱིས་པའི་རྣ་བ་འབུགས་ཤིང་རྒྱན་འདོགས་པ་དང་ཆོས་མཐུན། རླུང་བཅུའི་དྲི་མ་འཁྲུད་ཅིང་ལས་རུང་དུ་བྱས། ནུས་མ་བཅུའི་སྒོ་ནས་དངོས་གྲུབ་སྒྲུབ་པ་ལ་དབང་། ཕ་རོལ་ཏུ་ཕྱིན་པ་བཅུའི་ནུས་པ་འཇོག་ཅིང་། འབྲས་བུ་ས་གསུམ་པ་འཐོབ་པའི་ནུས་པ་ཅན་དུ་བྱས་སོ། དུས་དབང་༡༤། བ༡། ཞེས་དབང་དོན་དང་དག་པ་བརྗོད་དོ། དེ་ནས། སླར་ཡང་རྩ་གཉིས་དག་བྱེད་རྡོ་རྗེ་དང་དྲིལ་བུའི་དབང་གི་དོན་དུ། ཞེས་སྦྱར་ནས་མཎྜལ་ཕུལ། ཨོྃ་ཧཱུཾ་ཧོཿབི་ཛྙཱ་ན་ཛྙཱ་ན་སྭ་བྷཱ་ཝེ་ཀ་རུ་ཎཱ་པྲ་ཛྙཱ་ཨཱཏ་མ་ཀེ་བཛྲ་བཛྲ་གྷཎ་ཌེ་ས་བྱེ་ཏ་ར་ཀ་ར་ཡོར་མ་མ་བཛྲ་སྭ་ཏྭཿམ་ཕྲཛྙོ་ད་ངཱ་ཏུ་ཧུྃ་ཧཱུྃ་ཕཊ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རང་དང་རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་རང་གི་རྩ་རོ་མ་དང་དབང་རྫས་རྡོ་རྗེ་ཧུྃ་དང་རྡོ་རྗེ་ལས་སྐྱེས་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་སྣ་ཚོགས་ཡུམ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། རང་གི་རྩ་རྐྱང་མ་དང་དྲིལ་བུ་ཕྲཾེ་དང་གྲི་གུག་ལས་སྐྱེས་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ལ་དུས་ཀྱི་འཁོར་ལོས་འཁྱུད་པ། དེ་གཉིས་ཀྱི་དཔྲལ་བར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧུྃ། ལྟེ་བར་ཧོཿ ཐུགས་ཀའི་ཧུྃ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿཧི། རང་རང་གི་དམ་ཚིག་པ་དང་རོ་མཉམ་པར་གྱུར། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཡུམ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། ཡབ་ལ་མི་བསཀྱོད་པ་དང་ཡུམ་ལ་རྡོར་སེམས་ཀྱིས་རྒྱས་བཏབ། གན་དྷཾ་ལ་སོགས་མཆོད། ཡབ་ཡུམ་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོའི་མེས་ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེ་དང་དྲིལ་བུར་གྱུར། དུས་དབང་༡༥། ན༡། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ནམ་མཁའི་ཁམས་གང་པ་སྤྱན་དྲངས། བཛྲ་བྷཻ་ར་ཝ་ ༝གནྔྷཾ ༝གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་ཅིང་མེ་ཏོག་ལ་སོགས་པའི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། བསྒྲུབས་པའི་དཀྱིལ་འཁོར་གྱི་ནང་ན་བཞུགས་པའི་གཙོ་བོ་ཡབ་ཡུམ་གྱིས་རྡོ་རྗེ་དྲིལ་བུ་བཟུང་སྟེ་དབང་བསྐུར་བར་གྱུར། ཨོྃ་ཧུྃ་ཧོཿསཱུརྱ་ཙནྡྲ་བི་ཤོ་དྷ་ཀ་སྭཱ་ཧཱ། ཞེས་བརྗོད་ཅིང་། རྡོར་དྲིལ་གནས་ལྔར་གཏུགས་ཏེ་སྤྱི་བོར་བཞག་ནས་ལག་རུ་བྱིན་པ་སྙིང་ཁར་འཁྱུད་པའི་ཚུལ་བྱ། སྔར་ལྟར་ཆུས་ཀྱང་དབང་བསྐུར། དེ་ལྟར་དབང་བསྐུར་བས་རང་གི་རྩ་རོ་རྐྱང་གཉིས་གཙོ་བོ་ཡབ་ཡུམ་དུ་གྱུར། དེའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྤྱན་དྲངས་པའི་གཙོ་བོ་ཡབ་ཡུམ་རང་གི་རྩ་རོ་རྐྱང་གཉིས་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལ་ཐིམ་ཞིང་དབང་གི་ལྷ་ཐམས་ཅད་ཀྱང་བཀུག་སྟེ་རང་གི་རྩ་རོ་རྐྱང་གཉིས་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལ་ཐིམ་པར་གྱུར། གན་དྷྃ་སོགས་ཀྱིས་མཆོད་པའི་བར་སངས་རྒྱས་ལྔའི་གནས་སུ་གཙོ་བོ་ཡབ་ཡུམ་དང་ཕུང་པོ་ལྔའི་གནས་སུ་རང་གི་རྩ་གཉིས། ཞེས་གཞུག་པ་མ་གཏོགས་ཅོད་པན་ལྟར་རོ། དུས་དབང་༡༥། བ༡། དེ་ནི་བྱིས་པ་རྒོད་པ་དང་སྨྲ་བར་བྱེད་པ་དང་ཆོས་མཐུན། རྩ་རོ་རྐྱང་གཉིས་ཀྱི་དྲི་མ་འཁྲུད་ཅིང་། རོ་རྐྱང་གཉིས་དབུ་མར་སྡོམ་པའི་ནུས་པ་བཞག་ཐུགས་མི་འགྱུར་པའི་བདེ་བ་ཆེན་པོ་དང་གསུང་རྣམ་པ་ཐམས་ཅད་པའི་ས་བོན་འཇོག་ཅིང་། གཙོ་བོ་ཡབ་ཡུམ་གྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས། ཉི་ཟླ་གཅིག་ཏུ་དག་ཅིང་ས་བཞི་པ་འཐོབ་པའི་ནུས་པ་ཅན་དུ་བྱས་སོ། དེ་ལྟར་ལྷོ་སྒོར་གསུང་གི་ས་གཞི་ལ་དབང་གཉིས་ཀྱིས་མངལ་དུ་རླུང་དང་རྩ་གྲུབ་པ་བཞིན་དུ་ངག་གི་རྩ་བ་རླུང་གི་དྲི་མ་འཁྲུད། གསུང་རྡོ་རྗེའི་བྱ་བ་ལ་དབང་། གསུང་རྡོ་རྗེའི་ས་བོན་འཇོག་ཅིང་། གསུང་རྡོ་རྗེའི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ། ཞེས་དབང་གཉིས་ཀྱི་ཐུན་མོང་གི་དག་པ་བརྗོད་དོ། དེ་ནས། སླར་ཡང་གཡས་སྐོར་གྱིས་ཤར་སྒོར་ཁྲིད་དེ་ཐུགས་ཀྱི་ཞལ་ལ་མངོན་དུ་ཕྱོགས་པས་དབང་སྟེགས་ལ་འཁོར། བླ་མ་དང་དུས་ཀྱི་འཁོར་ལོ་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པ་ལ་དབང་པོ་དང་ལུས་ཀྱི་དྲི་མ་དག་བྱེད་བརྟུལ་ཞུགས་ཀྱི་དབང་ཞུ་བའི་དོན་དུ། ཞེས་སྦྱར་ཏེ་མཎྜལ་ཕུལ། ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསརྦ་བོ་དྷི་སྭཏྭཱཿས་བྷཱརྱཱ༔སརྦ་དཱ་སརྦ་དཱ་སརྦ་ཀཱ་མ་ཨུ་པ་བྷོ་གཾ་བཛྲ་པྲ་ཏཾ་མ་མ་ད་ད་ན་ཏུ་སྭཱཧཱ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྔར་ལྟར་བསང་། སྐུ་དང་གསུང་རྡོ་རྗེའི་དོད་ལ། དུས་དབང་༡༦། ན༡། ཧུྃ་དང་རྡོ་རྗེ་ལས་སྐྱེས་པའི་ཐུགས་རྡོ་རྗེ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ་ན་ཕུབ། ཐོད་པ། ཁ་ཊྭཱྃ་ག་དཀར་པོ་འཛིན་པ་ལ་སྤྱན་མས་འཁྱུད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུཾ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿཧི།་རོ་མཉམ་དུ་གྱུར། བླ་མ་དང་གཙོ་བོ་ ༝གྱིས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། བཛྲ་བྷཻ་ར་ཝ་ ༝གནྔྷཾ ༝གསོལ། ཞེས་གསོལ་བ་བཏབ་པས། རྒྱལ་བ་ཡབ་ཡུམ་ལ་སོགས་པ་ཐམས་ཅད་སྙོམས་པར་ཞུགས། ཆགས་པ་ཆེན་པོའི་མེས་ཞུ། བླ་མ་དང་གཙོ་བོ་ཐ་མི་དད་པའི་གཙུག་ཏོར་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་ཐུགས་རྡོ་རྗེར་བྱས་པ་ལ་དབང་བསྐུར། ཡུམ་གྱི་པདྨ་ནས་ཕྱུང་སྟེ་དབང་སྟེགས་ལ་འཁོད་པར་གྱུར། ཞེས་ནང་དབང་བྱ། རང་དང་མཐེ་བོའི་རྡོ་རྗེ་བསང་སྦྱངས། སྟོང་པའི་ངང་ལས་རང་གི་རྣ་བའི་དབང་པོ་དང་དང་ཡུལ་ཆོས་ཁམས་དང་མཐེ་བོའི་རྡོ་རྗེ་རྣམས་ཨ་ཨཱ་དང་རྡོ་རྗེ་ལས་སྐྱེས་པའི་ཕྱག་ན་རྡོ་རྗེ་དང་ཆོས་དབྱིངས་རྡོ་རྗེ་མ་ལྗང་གུ། ལྗང་དམར་དཀར་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་རྡོ་རྗེ། གྲི་གུག།དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ། རིམ་པ་བཞིན་སྒྲ་རྡོ་རྗེ་མ་དང་ཀུན་བཟང་གིས་འཁྱུད་པ། རང་གི་སྣའི་དབང་པོ་དང་། དུས་དབང་༡༦། བ༡། ཡུལ་རེག་བྱ་དང་མཐེེ་བོའི་རྡོ་རྗེ་རྣམས་ཨེ་ཨཻ་དང་རལ་གྲི་ལས་སྐྱེས་པའི་ནམ་མཁའི་སྙིང་པོ་དང་རེག་བྱ་རྡོ་རྗེ་མ་ནག་མོ། ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་རལ་གྲི། གྲི་གུག རྩེ་གསུམ། གཡོན་ན་ཕུབ། ཐོད་པ། ཁ་ཊྭཱྃ་ག་དཀར་པོ་འཛིན་པ། རིམ་པ་བཞིན་དྲི་རྡོ་རྗེ་མ་དང་སྒྲིབ་སེལ་གྱིས་འཁྱུད་པ། རང་གི་མིག་གི་དབང་པོ་དང་ཡུལ་རོ་དང་མཐེ་བོའི་རྡོ་རྗེ་རྣམས་ཨར་ཨཱུར་དང་རིན་པོ་ཆེ་ལས་སྐྱེས་པའི་སའི་སྙིང་པོ་དང་རོ་རྡོ་རྗེ་མ་དམར་མོ། དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་ན་གཞུ་དང་རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ། རིམ་པ་བཞིན་གཟུགས་རྡོ་རྗེ་མ་དང་། འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ། རང་གི་ལྕའི་དབང་པོ་དང་ཡུལ་གཟུགས་དང་མཐེ་བོའི་རྡོ་རྗེ་རྣམས་ཨོ་ཨཽ་དང་པདྨ་ལས་སྐྱེས་པའི་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མ་དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་ཐོ་བ། མདུང་། རྩེ་གསུམ། གཡོན་ན་པད་དཀར་འདབ་བརྒྱ་པ་དང་། མེ་ལོང་། བགྲང་འཕྲེང་འཛིན་པ། རིམ་པ་བཞིན་རོ་རྡོ་རྗེ་མ་དང་ས་སྙིང་གིས་འཁྱུད་པ། རང་གི་ལུས་ཀྱི་དབང་པོ་དང་ཡུལ་དྲི་དང་མཐེ་བོའི་རྡོ་རྗེ་རྣམས་ཨལ་ཨལ་དང་འཁོར་ལོ་ལས་སྐྱེས་པའི་སྒྲིབ་སེལ་དང་དྲི་རྡོ་རྗེ་མ་སེར་མོ། དུས་དབང་༡༧། ན༡། སེར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་དང་། རྡོ་རྗེ་ལྕགས་སྒྲོག། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། རིམ་པ་བཞིན་རེག་བྱ་རྡོ་རྗེ་མ་དང་། ནམ་སྙིང་གིས་འཁྱུད་པ། རང་གི་ཡིད་ཀྱི་དབང་པོ་དང་ཡུལ་སྒྲ་དང་མཐེ་བོའི་རྡོ་རྗེ་རྣམས་ཨྃ་ཨཿདང་རྡོ་རྗེ་ལས་སྐྱེས་པའི་ཀུན་བཟང་དང་སྒྲ་རྡོ་རྗེ་མ་སྔོན་མོ་སྔོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་རྡོ་རྗེ། གྲི་གུག དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ། རིམ་པ་བཞིན་ཆོས་དབྱིངས་རྡོ་རྗེ་མ་དང་ཕྱག་རྡོར་་གྱིས་འཁྱུད་པ། དེ་རྣམས་ཀྱི་དཔྲལ་བར་ཨོྃ། མགྲིན་པར་ཨཱཿཐུགས་ཀར་ཧུྃ། ལྟེ་བར་ཧོཿ ཐུགས་ཀའི་ཧུྃལས་འོད་འཕྲོས། བསྒོམས་པ་དང་འདྲ་བའིི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿཧི། རང་རང་གི་དམ་ཚིག་པ་དང་རོ་མཉམ་པར་གྱུར། ཨོྃ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་ཡུམ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། ནག་པོ་རྣམས་ལ་དོན་གྲུབ། དམར་པོ་རྣམས་ལ་རིན་འབྱུང་། དཀར་པོ་རྣམས་ལ་འོད་དཔག་མེད། སེར་པོ་རྣམས་ལ་རྣམ་སྣང། ལྗང་གུ་རྣམས་ལ་རྡོར་སེམས། སྔོན་པོ་རྣམས་ལ་མི་བསྐྱོད་པས་རྒྱས་བཏབ་པར་གྱུར། གན་དྷྃ་ལ་སོགས་པས་མཆོད། ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོའི་མེས་ཞུ་བ་ལས་བྱུང་བའི་དབང་རྫས་མཐེ་བོའི་རྡོ་རྗེར་གྱུར། དུས་དབང་༡༧།བ༡། དེ་ཡང་སྒོམ་དོན་ལ་མཐེ་བོའི་རྡོ་རྗེ་ཞུ་ནས་ཡི་གེ་རྣམས་སུ་གྱུར་པའི་ཡི་གེ་གཉིས་གཉིས་ལས་ལྷ་གཉིས་གཉིས་སྐྱེས་པར་སྒོམ་པ་ཡིན་གྱི་མཐེ་བོའི་རྡོ་རྗེ་ལྷ་གཅིག་ཏུ་གྱུར་པ་ཞུ་ནས་ཡང་ལྷ་གཞན་གཅིག་ཏུ་གྱུར་པ་སོགས་སུ་སྒོམ་པ་མ་ཡིན་ལ། འོག་ཏུ་གདུ་བུ་ལའང་དེ་ལྟར་ཤེས་པར་བྱའོ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ནམ་མཁའི་ཁམས་གང་བ་སྤྱན་དྲངས། བཛྲ་བྷཻ་ར་ཝ ༝གནྔྷཾ ༝གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་ཅིང་མེ་ཏོག་ལ་སོགས་པའི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། བསྒྲུབས་པའིདཀྱིལ་འཁོར་གྱི་ནང་ན་བཞུགས་པའི་སེམས་དཔའ་དང་སེམས་མ་རྣམས་ཀྱིས་མཐེ་བོའི་རྡོ་རྗེ་བཟུང་སྟེ་དབང་བསྐུར་བར་གྱུར། ཅེས་པའི་སྔར་ལྟར་ལ། ཨོྃ་ཨ་ཨཱ་ཨེ་ཨཻ་ཨར་་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿབི་ཥ་ཡནྡྲེ་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བརྗོད་ཅིང་གནས་ལྔར་གཏུགས་ནས། འདི་ནི་སངས་རྒྱས་ཐམས་ཅད་དེ། རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། ཞེས་བརྗོད་དེ་མཐེ་བོའི་རྡོ་རྗེ་སྦྱིན། རྣ་བ་ལ་སོགས་པ་ལ་མེ་ཏོག་བཀོད་དེ། སྔར་ལྟར་ཆུ་དབང་བསྐུར། དེ་ལྟར་དབང་བསྐུར་བས་རང་རྒྱུད་ཀྱི་དབང་པོ་དང་ཡུལ་རྣམས་སེམས་དཔའ་དང་སེམས་མར་གྱུར། དུས་དབང་༡༨། ན༡། དེའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་སེམས་དཔའ་དང་སེམས་མ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྤྱན་དྲངས་པའི་སེམས་དཔའ་དང་སེམས་མ་རང་གི་ལུས་ཀྱི་སེམས་དཔའ་དང་སེམས་མ་ལ་ཐིམ་ཞིང་དབང་གི་ལྷ་ཐམས་ཅད་ཀྱང་བཀུག་སྟེ་རང་རྒྱུད་ཀྱི་དབང་པོ་དང་ཡུལ་རྣམས་སེམས་དཔའ་དང་སེམས་མར་གསལ་བ་ལ་ཐིམ་པར་གྱུར། གན་དྷྃ་ལ་སོགས་པས་མཆོད། དེ་ནི་བྱིས་པ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་དང་ཆོས་མཐུན། དབང་པོ་དང་ཡུལ་གྱི་དྲི་མ་འཁྲུད། སེམས་དཔའ་སེམས་མའི་དངོས་གྲུབ་སྒྲུབ་ཅིང་། རང་བཞིན་ཤེས་པའི་སྒོ་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ལ་དབང་། རྡོ་རྗེའི་སྐྱེ་མཆེད་འགྲུབ་པ་དང་། འབྲས་བུ་ས་ལྔ་པ་འཐོབ་པའི་ནུས་པ་ཅན་དུ་བྱས་སོ། ཞེས་དབང་དོན་དང་དག་པ་བརྗོད་དོ། དེ་ནས། ལས་དབང་བྱ་བ་དང་བཅས་པ་དག་བྱེད་མིང་གི་དབང་ཞུ་བའི་དོན་དུ། ཞེས་སྦྱར་ནས་མཎྜལ་ཕུལ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿས་བྷཱརྱཱ་མཻ་ཏྲཱི་ཀ་རུ་ཎཱ་མུ་དི་ཏ་ཨུ་པཀྵ་སརྦ་་ས་མ་ཏཱ་སྭ་བྷཱ་ཝཱཾ་བཛྲ་པཱུརྦཾ་ག་མཾ་ནཱ་མ་མེ་ད་དན་ཏུ་ཧུཾ་ཧཱུཾ་ཕཊ། ཞེས་ལན་གསུམ་གསོལ་བ་གདབ། རང་དང་གདུ་བུ་བསང་སྦྱངས། སྟོང་བའི་ངང་ལས་རང་གི་དྲི་ཆུའི་དབང་པོ་དང་། བྱ་བ་ཁུ་བ་འཕོ་བ་དང་། དབང་རྫས་གདུ་བུ་ཧ་ཧཱ་དང་རྡོ་རྗེ་ལས་སྐྱེས་པའི་གཙུག་ཏོར་ཅན་དང་དྲག་ཅན་མ་གཉིས་ལྗང་གུ། དུས་དབང་༡༨། བ༡། ལྗང་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ་རིམ་པ་བཞིན་ཤིན་ཏུ་སྔོན་པོ་དང་གནོད་མཛེས་སྔོན་པོས་འཁྱུད་པ། རང་གི་ཁའི་དབང་པོ་དང་། བྱ་བ་བཤང་བ་འདོར་བ་དང་། དབང་རྫས་གདུ་བུ་རྣམས་ཡ་ཡཱ་དང་རལ་གྲི་ལས་སྐྱེས་པའི་བགེགས་མཐར་བྱེད་དང་རབ་བརྩོན་མ་ནག་མོ། ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ་ན་ཕུབ། ཐོད་པ། ཁ་ཊྭཱྃ་ག་དཀར་པོ་འཛིན་པ་ལ་རེངས་བྱེད་མ་དག་གཤིན་རྗེ་མཐར་བྱེད་སེར་པོས་འཁྱུད་པ། རང་གི་ལག་པའི་དབང་པོ་དང་བྱ་བ་འགྲེ་བ་དང་། དབང་རྫས་གདུ་བུ་རྣམས་ར་རཱ་དང་རིན་པོ་ཆེ་ལས་སྐྱེས་པའི་ཤེས་རབ་མཐར་བྱེད་དང་རྨུགས་བྱེད་མ་གཉིས་དམར་མོ། དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་མེ་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་ན་གཞུ་དང་རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ་ལ་ཁེངས་བྱེད་མ་དང་པདྨ་མཐར་བྱེད་དཀར་པོས་འཁྱུད་པ། རང་གི་རྐང་པའི་དབང་པོ་དང་བྱ་བ་ལེན་པ་དང་། དབང་རྫས་གདུ་བུ་རྣམས་ཝ་ཝཱ་དང་པདྨ་ལས་སྐྱེས་པའི་པདྨ་མཐར་བྱེད་དང་ཁེངས་བྱེད་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ། དུས་དབང་༡༩། ན༡། ཕྱག་དྲུག་གི་གཡས་ན་ཐོ་བ། མདུང་། རྩེ་གསུམ། གཡོན་ན་པད་དཀར་འདབ་བརྒྱ་པ་དང་། མེ་ལོང་། བགྲང་འཕྲེང་འཛིན་པ་ལ་རྨུ་བྱེད་མ་དང་ཤེས་རབ་མཐར་བྱེད་དམར་པོས་འཁྱུད་པ། རང་གི་བཤང་བའི་དབང་པོ་དང་། བྱ་བ་བརྗོད་པ་དང་། དབང་རྫས་གདུ་བུ་རྣམས་ལ་ལཱ་དང་འཁོར་ལོ་ལས་སྐྱེས་པའི་གཤིན་རྗེ་མཐར་བྱེད་དང་རེངས་བྱེད་མ་སེར་མོ། སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་པ་གསུམ་ན་དུང་། རྡོ་རྗེ་ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ་ལ་རབ་བརྩོན་མ་དང་། བགེགས་མཐར་བྱེད་ནག་པོས་འཁྱུད་པ། རང་གི་མཆོག་གི་དབང་པོ་དང་བྱ་བ་དྲི་ཆུ་འཛག་པ་དང་། དབང་རྫས་གདུ་བུ་རྣམས་ཧྃ་ཧཿདང་རྡོ་རྗེ་ལས་སྐྱེས་པའི་གནོད་མཛེས་དང་ཤིན་ཏུ་སྔོན་མོ་སྔོན་པོ། སྔོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་རྡོ་རྗེ། གྲི་གུག། དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ་དྲག་སྤྱན་མ་དང་གཙུག་ཏོར་ཅན་ལྗང་གུས་འཁྱུད་པ། འདིར་ཁྲོ་བོ་ཁྲོ་མོ་ཡབ་ཡུམ་ཐམས་ཅད་ཀྱི་སྐུ་མདོག་ཞལ་ཕྱག་རིགས་དྲུག་ལྟར་་བྱེད་པས་སྐབས་གཞན་དང་མི་འདྲའོ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧུྃ། ལྟེ་བར་ཧོཿཐུགས་ཀའི་ཧུྃ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ་ཧི། རང་རང་གི་དམ་ཚིག་པ་དང་རོ་མཉམ་པར་གྱུར། དུས་དབང་༡༩། བ༡། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་ཡུམ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རིམ་པ་བཞིན་རྡོ་རྗེ་སེམས་དཔའ། དོན་གྲུབ། རིན་འབྱུང་། འོད་དཔག་མེད། རྣམ་སྣང་། མི་བསྐྱོད་པས་རྒྱས་བཏབ་པར་གྱུར། གན་དྷྃ་ལ་སོགས་པས་མཆོད། ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོའི་མེས་ཞུ་བ་ལས་བྱུང་བའི་དབང་རྫས་གདུ་བུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ནམ་མཁའི་ཁམས་གང་བ་སྤྱན་དྲངས། བཛྲ་དྷཻ་ར ༝གནྔྷཾ ༝ གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་ཅིང་མེ་ཏོག་ལ་སོགས་པའི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། བསྒྲུབས་པའི་དཀྱིལ་འཁོར་གྱི་ནང་ན་བཞུགས་པའི་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་གདུ་བུ་བཟུང་སྟེ་དབང་བསྐུར་བར་གྱུར། ཨོྃ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་པྲཧྨ་བི་ཧཱ་ར་བི་ཤུད་དྷ་སྭཱཧཱ། ཞེས་བརྗོད་ལ་རིན་པོ་ཆེའམ་མེ་ཏོག་ལ་སོགས་པའི་གདུ་བུ་གནས་ལྔར་གཏུགས་ཏེ། རྐང་ལག་ལ་གདུ་བུའི་གནས་སུ་བཅིང་། སྔར་ལྟར་ཆུ་དབང་བསྐུར།  བླ་མ་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས།  ཁུ་ཚུར་གཡོན་པས་ཆོས་གོས་ཀྱི་གྲྭ་སྙིང་གར་བཟུང་ཞིང་གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བྱས་ཏེ། དུས་དབང་༢༠། ན༡། སྲིད་པའི་ངན་འགྲོ་ལས་བཏོན་ཏེ། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་འདིར་ལུང་བསྟན་ཏོ།། ཀྱཻ་ཆེ་གེ་མོ་རྡོ་རྗེ་ཏ་ཐཱ་ག་ཏ་སིང་དྷི་ས་མ་ཡ་སྟྭྃ་བྷཱུར་བྷཱུ་ཝ་སྭཿཞེས་བརྗོད་ཅིང་། མེ་ཏོག་གང་ལ་ཕོག་པའི་རིགས་དང་རྗེས་སུ་མཐུན་པའི་མིང་གདགས་སོ། དེ་ལྟར་དབང་བསྐུར་ཏེ་ལུང་བསྟན་པས་རང་གི་ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་དང་ཁྲོ་མོར་གྱུར། དེའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ཁྲོ་བོ་ཁྲོ་མོ་ལས་མར་མེ་ ༝སྤྱན་དྲངས་པའི་ཁྲོ་བོ་དང་ཁྲོ་མོ་རྣམས་རང་གི་ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་དང་ཁྲོ་མོར་གསལ་བ་ལ་ཐིམ་ཞིང་། དབང་གི་ལྷ་ཐམས་ཅད་ཀྱང་བཀུག་སྟེ་རང་གི་ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་དང་ཁྲོ་མོར་གསལ་བ་ལ་ཐིམ་པར་གྱུར། གན་དྷྃ་ལ་སོགས་པས་མཆོད། དེ་ནི་བྱིས་པ་ལ་མིང་འདོགས་པ་དང་ཆོས་མཐུན། ལས་དབང་བྱ་བ་དང་བཅས་པའི་དྲི་མ་འཁྲུད། ཁྲོ་བོ་ཁྲོ་མོའི་དངོས་གྲུབ་སྒྲུབ་པ་ལ་དབང་། ཚད་མེད་པ་བཞིས་བདུད་བཞི་འཇོམས་པ་དང་། འབྲས་བུ་ས་དྲུག་པ་འཐོབ་པའི་ནུས་པ་ཅན་དུ་བྱས་སོ། དེ་ལྟར་ཤར་ཕྱོགས་ཐུགས་ཀྱི་ཞལ་གྱི་ས་གཞི་ལ་དབང་གཉིས་ཀྱིས་མངལ་དུ་ལས་དབང་བྱ་བ་དང་བཅས་པ་གྲུབ་པ་བཞིན་དུ། དབང་པོ་ཡུལ་ལ་འཇུག་པ་དང་ལས་དབང་བྱ་བ་ལ་འཇུག་པར་བྱེད་པའི་སེམས་ཀྱི་དྲི་མ་འཁྲུད། ཐུགས་རྡོ་རྗེའི་ནུས་པ་འཇོག་པ་དང་། དུས་དབང་༢༠། བ༡། ཐུགས་རྡོ་རྗེའི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ། ཞེས་དབང་དོན་དང་ཐུན་མོང་གི་དག་པ་བརྗོད་དོ། སླར་ཡང་གཡས་སྐོར་གྱིས་ནུབ་སྒོར་ཁྲིད་དེ། ཡེ་ཤེས་ཀྱི་ཞལ་ལ་མངོན་དུ་ཕྱོགས་པས་དབང་སྟེགས་ལ་འཁོད། ཡེ་ཤེས་དག་བྱེད་རྗེས་གནང་ཞུ་བའི་ཡོན་དུ། ཞེས་སྦྱར་ནས་མཎྜལ་ཕུལ། ཨོྃ་ཨེ་ཝྃ་པདྨ་བཛྲ་ཙི་ཧྣོ་པྲཛྙོ་པཱ་ཡཽ་མཎྜལ་ཨ་དྷི་པ་ཏི་བཛྲ་སུ་ཁ་ཛྙ་ནཱྃ་གཾ་མ་མ་ད་ད་ཏཱཾ་ཧཾ་ཧཿཧཱུཾ་ཕཊ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། རང་ཉིད་བསངས། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུཾ་གི་འོད་ཟེར་གྱིས་རང་ཉིད་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བའི་ཐིག་ལེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧོ་དང་འཁོར་ལོ་ལས་སྐྱེས་པའི་ཡེ་ཤེས་རྡོ་རྗེ་སེར་པོ་སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་འཁོར་ལོ། དབྱུག་པ། འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་དང་རྡོ་རྗེ་ལྕགས་སྒྲོག། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ་ལ་སྒྲོལ་མས་འཁྱུད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿཧི། རོ་མཉམ་དུ་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། བཛྲ་བྷེ་ར ༝གནྔྷཾ ༝གསོལ། ཞེས་གསོལ་བ་བཏབ་པས་རྒྱལ་བ་ཡབ་ཡུམ་ལ་སོགས་པ་ཐམས་ཅད་སྙོམས་པར་ཞུགས་ཆགས་པ་ཆེན་པོའི་མེས་ཞུ། དུས་དབང་༢༡། ན༡། བླ་མ་དང་གཙོ་བོ་ཐ་མི་དད་པའི་གཙུག་ཏོར་ནས་ཞུགས། རྡོ་རྗེ་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་ཡེ་ཤེས་རྡོ་རྗེར་བྱས་པ་ལ་དབང་བསྐུར། ཞེས་ནང་དབང་བྱ། རང་དང་ཕྱག་མཚན་རྣམས་བསང་སྦྱངས། སྟོང་པའི་ངང་ལས་རང་གི་ཡེ་ཤེས་ཀྱི་ཕུང་པོ་དང་། རྣམ་ཤེས་ཀྱི་ཁམས་དང་། དབང་རྫས་ཕྱག་མཚན་རྣམས་ཧྃ་ཀྵཿདང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་དང་ཤེར་ཕྱིན་མ་སྔོན་མོ་སྤོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་རྡོ་རྗེ། གྲི་གུག དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་མི་བསྐྱོད་པས་འཁྱུད་པ། དེ་རྣམས་ཀྱི་དཔྲལ་བར་ཨོྃ། ༝ ཞེས་པ་ནས། སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿཧི། རང་རང་གི་དམ་ཚིག་པ་དང་རོ་མཉམ་པར་གྱུར། ཨོཾ༝ སྭཱཧཱ། ཞེས་ཡུམ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་མི་བསྐྱོད་པས་རྒྱས་བཏབ་པར་གྱུར། གན་དྷྃ་ལ་སོགས་པས་མཆོད། ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོའི་མེས་ཞུ་བ་ལས་བྱུང་བའི་དབང་རྫས་ཕྱག་མཚན་རྣམས་སུ་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ནམ་མཁའི་ཁམས་གང་བ་སྤྱན་དྲངས། དུས་དབང་༢༡། བ༡། བཛྲབྷཻ་ར ༝གནྔྷཾ༝གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་ཅིང་མེ་ཏོག་ལ་སོགས་པའི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། བསྒྲུབས་པའི་དཀྱིལ་འཁོར་གྱི་ནང་ན་བཞུགས་པའི་རྡོ་རྗེ་སེམས་དཔའ་དང་། ཤེར་ཕྱིན་མས་ཕྱག་མཚན་རྣམས་བཟུང་སྟེ་དབང་བསྐུར་བར་གྱུར། འཇིག་རྟེན་ཀུན་ལ་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཨོྃ་ཧྃ་ཀྵཿ་དྷ་རྨ་ཙ་ཀྲ་པྲ་བར་ཏ་ཀ་སྭཱཧཱ། ཞེས་བརྗོད་དེ་ཕྱག་མཚན་ལྔ་ག་བསྡོམས་པ་གནས་ལྔར་གཏུགས་ནས་བསྐུར་ཏེ། ཚིགས་བཅད་ཀྱི་ཆོས་ཀྱི་ཞེས་པའི་གནས་སུ་རྡོ་རྗེའི། རལ་གྲིའི།་རིན་ཆེན། པདྨའི་འཁོར་ལོའི། ཞེས་རིམ་བཞིན་སྦྱར་ཞིང་། སྔགས་ཀྱི་དྷ་རྨའི་གནས་སུ། བཛྲ་ཁཌ་ག རཏྣ། པདྨ། ཙཀྲ། ཞེས་སྦྱར་ནས་ཕྱག་མཚན་རྡོ་རྗེ་ལ་སོགས་པ་རིམ་པ་བཞིན་སློབ་མ་ལ་ལག་ཏུ་སྦྱིན་ནས། ལྔར་ལྟར་ཆུ་དབང་བསྐུར། དེ་ལྟར་དབང་བསྐུར་བས་རང་གི་ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཁམས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར། དེའི་འོད་ཟེར་གྱིས། ཞེས་པ་ནས། གན་དྷྃ་སོགས་ཀྱིས་མཆོད་པའི་བར་གྱི་འདོན་པ་བསྒྱུར་བ་མ་གཏོགས་སྔར་ལྟར་བྱའོ། དེ་ནས། བྷྲཱུྃ་ལས་བྱུང་བའི་འཁོར་ལོ། ཨོྃ་བཛྲ་ཧེ་ཏུ་མྃ། ཞེས་བརྗོད་དེ་མདུན་ནམ་སྟན་དུ་བྱིན། དུས་དབང་༢༢། ན༡། དབྱངས་ཐ་མ་ཨཿལས་བྱུང་བའི་དུང་། ཨོྃ་བཛྲ་བྷཱ་ཥ་རྃ། ཞེས་བརྗོད་དེ། ལག་པ་གཡས་སུ་སྦྱིན། དབྱངས་དང་པོ་ཨ་ལས་བྱུང་བའི་པོ་ཏི། ཨ་ཞེས་བརྗོད་དེ་ལག་པ་གཉིས་ཀྱི་དབུས་སུ་སྦྱིན། དབྱངས་ཐ་མ་ཨཿལས་བྱུང་བའི་དྲིལ་བུ། ཨཿཞེས་བརྗོད་ཅིང་གཡོན་དུ་གཏད་དེ་དཀྲོལ་དུ་བཅུག་ནས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་མཉམ་པ་ཉིད་སྦྱོར་བས།། ཐམས་ཅད་མཆོག་ནི་མཉམ་ཉིད་གསལ།། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ།། ཙམ་གྱིས་ཆོས་དུང་བླ་མེད་པ།། ཀུན་ནས་ཡོངས་སུ་བཀང་ནས་ནི།། ཆོས་ཀྱིས་འཁོར་ལོ་བསྐོར་བར་གྱིས།། འཇིག་རྟེན་ཀུན་ལ་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཤེས་རབ་ཐབས་ཀྱི་རང་བཞིན་བདག།། ཡིད་བཞིན་ནོར་བུ་ལྟར་མཐོ་བ།། སྐྱོ་མེད་དོགས་དང་བྲལ་བ་ཡིས།། དེ་ནི་སེམས་ཅན་དོན་གྱིས་ཤིག།། ཅེས་བརྗོད། བླ་མ་ལ་ཕྱག་བྱས་ཏེ། མངའ་བདག་གསུང་བ་དེ་ལྟར་བདག་གིས་བགྱི།། ཞེས་བརྗོད། བླ་མས། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས།། འདི་ལ་ཉེ་བར་མཛད་དུ་གསོལ།། ཞེས་གསོལ་བ་བཏབ་ཅིང་། སློབ་མས་ཀྱང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས།། བདག་ལ་ཉེ་བར་མཛད་དུ་གསོལ།། ཞེས་བརྗོད་ལ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། དུས་དབང་༢༢། བ༡། ཞལ་ནས་འཐོན། བདག་གི་ཞལ་དུ་ཞུགས་ཏེ་སྙིང་གར་ཧུྃ་ཡིག་གི་མཐའ་སྐོར་དུ་གནས་པར་གྱུར། ཅེས་བསམས་ནས་བདག་འཇུག་གི་ཚེ་བླ་མའི་རྗེས་སུ་བཟླས་པར་མོས་ནས། ཨོྃ་ཨཱཿཧུྃ་ཧོ་ཧྐྵྨམླཝརཡ་ཧུཾ་ཕཊ། ཨོྃ་ཧྲཱཾ་ཧྲཱི་ཧྲཱྀ་ཧྲཱུཾ་ཧྲཿསྭཱཧཱ། ཨོྃ་ཤྲཱི་ཀཱ་ལ་ཙཀྲ་ཧུཾ་ཧཱུཾ་ཕཊ། རྣམས་ལན་གསུམ་འདོན་པར་བྱའོ། དེ་ནི་བགེགས་ཀྱི་བར་ཆད་མེད་པ་དང་། ཞི་སོགས་ཀྱི་དངོས་གྲུབ་འགྲུབ་པ་དང་། དོན་དམ་པའི་སྔགས་ཀྱིས་དངོས་གྲུབ་ཀྱི་ཞེང་དག་པར་བྱ་བའི་ཕྱིར་སྔགས་ཀྱི་རྗེས་གནང་ངོ་། རང་གི་མིག་གཉིས་སུ་པྲྃ་ནག་པོ་རེ་རེ། ཨོྃ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊཱ་ལྃ་ཧྲཱིཿཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་ལིང་ཏོག་བསལ་བ་ལྟར།། བུ་ཁྱོད་ཀྱི་ནི་མི་ཤེས་པའི།། རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ།། ཨོཾ་དི་བྱི་ནི་ཡ་ན་མུད་གྷ་ཊཱ་ཡ་མཾ་སྭཱཧཱ། མ་རིག་པའི་རབ་རིབ་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་བྱེ་བར་གྱུར། ཨཱཿལས་བྱུང་བའི་མེ་ལོང་དུ་གྱུར་པར་བསམ་ནས་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། གསལ་ཞིང་དག་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཡང་དག་བྱུང་།། དུས་ཀྱི་འཁོར་ལོ་དེ་རྣམས་ལ།། གསལ་དག་རྙོག་མེད་མེ་ལོང་བཞིན།། སངས་རྒྱས་ཀུན་བདག་རང་ཉིད་ནི།། བུ་ཁྱོད་ཀྱི་ནི་སྙིང་ལ་གནས།། རང་བཞིན་མེད་ཅིང་གནས་མེད་པར།། ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད།། སེམས་ཅན་དོན་ནི་མཉམ་མེད་བྱོས།། དུས་དབང་༢༣། ན༡། སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ།། སྤྱིར་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དང་། ཁྱད་པར་དུ་རང་གི་སྙིང་ལ་ཞུགས་པའི་དུས་ཀྱི་འཁོར་ལོ་མེ་ལོང་ནང་གི་གཟུགས་བརྙན་དང་འདྲ་བར་ཤེས་པར་གྱིས་ཤིག།། ཧོཿ ལས་སྐྱེས་པའི་མདའ་གཞུ། ཧོཿ ཞེས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ། ཞེས་བརྗོད་དེ་བྱིན་པ་རང་ངམ་སློབ་མས། ཨོྃ་སརྦ་ཏ་ཐཱ་ག་ཏ་ཨནུ་རཱ་ག་ཡ་མི། ཞེས་བརྗོད་དེ། བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞི་དང་སྟེང་འོག་ཏུ་འཕེན་པའི་སྟངས་བྱའོ། དེ་ནས། རང་དང་རྡོ་རྗེ་དྲིལ་བུ་བསང་སྦྱངས། སྟོང་པའི་ངང་ལས་རང་ཉིད་དང་རྡོ་རྗེ་ཧུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་དང་དྲིལ་བུ་ཨཱཿདང་གྲི་གུག་ལས་སྐྱེས་པའི་ཤེར་ཕྱིན་མ་གསུམ་གའང་སྐུ་མདོག་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ་ན་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ། དེ་རྣམས་ཀྱི་དཔྲལ་བར་ཨོྃ། མགྲིན་པར་ཨཱཿཐུགས་ཀར་ཧུྃ། ལྟེ་བར་ཧོ། ཐུགས་ཀའི་ཧུཾ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿཧི། རང་རང་གི་དམ་ཚིག་པ་རྣམས་དང་རོ་མཉམ་པར་གྱུར། ཡུམ་རྣམས་ཀྱིས་ཨོྃ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བདུད་རྩིའི་ཆུས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། མི་བསྐྱོད་པས་རྒྱས་བཏབ་པ་ཞུ་བ་ལས་བྱུང་བའི་རྡོ་རྗེ་དང་དྲིལ་བུར་གྱུར། དུས་དབང་༢༣། བ༡། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་མའི་བདག་པོའི་བདག།། བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ།། ཨོྃ་མ་ཧཱ་བཛྲ་ཧཱུྃ། སྟོང་པ་ཉིད་དང་དབྱེར་མེད་པའི་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་འཛིན་པ་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཟུངས་ཤིག།། ཅེས་བརྗོད་དེ་ལག་པ་གཡས་སུ་སྦྱིན། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་སྒོ་ནས་དྲིལ་བུ་འཁྲོལ་བ་དྲིལ་བུའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཟུངས་ཤིག ཅེས་བརྗོད་དེ་ལག་པ་གཡོན་དུ་སྦྱིན། དེས་ཀྱང་། སྲིད་པ་ངོ་བོ་ཉིད་ཀྱིས་དག།། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་ལྡན་པས།། སྲིད་པ་དམ་པ་བྱེད་པར་འགྱུར།། ཞེས་བརྗོད་དེ་དཀྲོལ་ནས། རང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་གཟུང་རྣམ་རྡོ་རྗེ་སེམས་དཔའི་སྐུར་ཤར་བའི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བར་གྱུར། ཅེས་བསམས་ནས་རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་དྲན་པས་ཐུགས་ཀར་བསྣོལ་སྟེ་བཟུང་བར་བྱའོ། དེ་ནས་སྔར་ལྟར་ཆུ་དབང་བསྐུར། མི་བསྐྱོད་པས་རྒྱས་བཏབ་པར་གྱུར། གན་དྷྃ་ལ་སོགས་པས་མཆོད་དོ། དེ་ནས། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལའང་བདེན་པ་མིན་པའི་ཚིག དུས་དབང་།  ༢༤ན༡ རིན་ཆེན་ལ་ནི་གཞན་ནོར་དཔྲོག་བྱ་མཆོག་གི་པདྨའི་་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག ། ཆང་དང་སྒྲོམ་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བརྟེན་པར་བྱ། །གདོལ་པ་མོ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱཻ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །དེ་ལྟར་ནུབ་ཕྱོགས་ཀྱི་ཡེ་ཤེས་ཀྱི་ཞལ་གྱི་ས་གཞི་ལ་རྗེས་གནང་གི་དབང་ནི་བྱིས་པ་ལ་ཕ་ཡིས་ཀློག་ལ་སོགས་པ་སྟེར་བར་བྱེད་པ་དང་ཆོས་མཐུན། བྱིས་པ་སྐྱེས་མ་ཐག་ཡེ་ཤེས་ཀྱི་རླུང་རྒྱུ་བར་བྱེད་པ་བཞིན་རྗེས་གནང་འདོགས་བཅས་ཀྱི་དབང་གིས་ཡེ་ཤེས་ཀྱི་དྲི་མ་འཁྲུད། རྡོ་རྗེ་སེམས་དཔའི་ས་བོན་འཇོག་པའི་ཕྱིར་ཡེ་ཤེས་ཀྱི་ཁམས་སྦྱོང་བར་བྱེད་ཅིང་། འབྲས་བུ་ས་བདུན་པ་འཐོབ་པའི་ནུས་པ་ཅན་དུ་བྱས་སོ། །དེ་ལྟར་དཀྱིལ་འཁོར་བཞི་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བདུན་པོ་ཐམས་ཅད་ལ་ཆུའི་བྱ་བ་རྗེས་སུ་འགྲོ་བའི་ཕྱིར་ཆུའི་དབང་ཞེས་བཤད་པ་དེ་ཉིད་ཐོབ།སྡིག་པའི་དྲི་མ་འཁྲུད། ལམ་བསྐྱེད་པའི་རིམ་པ་སྒོམ་པ་དང་འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་དབང་། དུས་དབང་།  ༢༤བ༡ བསོད་ནམས་ཀྱི་ཚོགས་ཀྱི་ནུས་པ་འཇོག་བསྐྱེད་རིམ་དང་འབྲེལ་བའི་སྤྱོད་པ་དང་གྲོལ་བ་སྟེར་པར་བྱེད། གསང་སྔགས་ཀྱི་དགེ་བསྙེན་དུ་གྱུར་ཏེ་མཐོང་བའི་ཆོས་ལ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ་བྱེད་ན་ཚེ་འདིར་ས་བདུན་གྱི་དབང་ཕྱུག་ཏུ་འགྱུར་ཞིང་། མཐོང་བའི་ཆོས་ལ་དེ་ལྟར་མི་བྱེད་ཅིང་མི་དགེ་བ་བཅུ་དང་བྲལ་བར་གནས་ན་སྐྱེ་བ་བདུན་གྱིས་ས་བདུན་གྱི་དབང་ཕྱུག་ཐོབ་པར་བྱེད་དོ། །ཞེས་དབང་བདུན་གྱི་ཐུན་མོང་གི་དག་པ་བརྗོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་ཨ་བྷི་ཥེ་ཀ་སཔྟ་བྷུ་མི་པྲཔྟོཧཾ། ཞེས་བརྗོད་དེ་ང་རྒྱལ་བཟུང་བར་བྱ་ཞིང་། དེ་ནས། གལ་ཏེ་གཡོ་རྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་རེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་པ་མེད། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལས་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། ། དུས་དབང་།  ༢༥ན༡ དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལའོ། ། དེ་ནས་སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུན་བརྗོད་པའི་རྗེས་སུ། དེང་བདག་སྐྱེ་པ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུ་ཡོད། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར།ཅེས་བརྗོད་ནས་མཎྜལ་འབུལ། གཉིས་པ་གཏང་རག་གི་མཆོད་པ་འབུལ་ཚུལ་རྒྱས་བསྡུས་ཀྱི་དབྱེ་བ་ནི། གཏང་རག་གི་མཆོད་པ་རྒྱས་པ་འབུལ་བའི་ཚེ།  མཆོད་ཕྲེང་ལྟར་ཕུལ་ནས་བདུད་ཉི་ཤུ་དང་ཡབ་ཡུམ་གྱི་བསྟོད་པ་སྒྲུབ་ཐབས་ཀྱི་མཇུག་ལྟར་གྱིས་བསྟོད། འབྲིང་པོ་ལ།  ཨོྃ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ ས་བསངས། ཨོཾ་ཤཱུ་ནྱ་ཏཱ༝ཀཱ་མི་ཨཾ་ཧཱུཾ་སྭཱཧཱ། ཨོཾ་པུཥྤཾ༝ ཤཔྟ་ཨཱཿཧཱུཾ་སྭཱཧཱ། ཨོཾ་རཱུ་པ༝ སྤར་ཤ་ཨཱཿཧཱུཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཧོ། ཁམས་གསུམ་དབང་ཕྱུག་ ཞེས་སོགས་ཀྱིས་ཆུ་བཞི་འབུལ། སྡེ་པ་ཐུང་རིང་ལས་སྐྱེས་པའི།།  དུས་དབང་།  ༢༥བ༡ ཡིད་འོང་ལྷ་མོ་བཅུ་གཉིས་ནི།། ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བྱ། ། ཨོཾ་གན་དྷཾ༝ཀཱ་མཾ་ཨར་ཙྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ།  རིན་ཆེན་མེ་ཏོག་གོས་བཟང་དྲི་ཆབ་དང་། །བདུག་སྤོས་སྤྲིན་ཚོགས་མར་མེ་དྲིལ་བུའི་སྒྲ། །བླ་རེ་བ་དན་གར་མ་རོལ་མོའི་སྒྲ། །དགྱེས་པ་བསྐྱེད་ཕྱིར་བཅོམ་ལྡན་འདས་ལ་འབུལ། །ཨོཾ་ཤྲི༝པུཥྤཾ༝ཤཔྟ་པྲ་ཏཱི་ཙྪ་ན་མ།  ཞིང་འདིར་འདོད་པའི་ཡོན་ཏན་ལྔས། །མཁས་པ་༝ཅན་གྱིས་འབུལ། ཨོཾ་ཤྲི༝རཱུ་པ༝པརྴ་པྲ་ཏཱི་ཙྪ་ན་མཿ ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་ར་ན་མཿ མཆོག་སྦྱིེན་རྡོ་རྗེ་༝ཁྱོད་ལ་འདུད། སྟོང་ཉིད་སྙིང་རྗེ་༝ལ་ཕྱག་འཚལ། ། ཆུ་བཞི་ལྷ་མོ་བཅུ་གཉིས་དང་བཅས་པའི་མཆོད་པ་བྱིན་གྱིེས་བརླབས་ནས། ཚིགས་བཅད་སྔགས་དང་བཅས་པས་འབུལ། ནང་མཆོད་ཀྱང་ཕུལ་ནས། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ། ཅེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། བསྡུས་པ་འབུལ་བའི་ཚེ། གོང་གི་འབྲིང་པོ་ལྟར་མཆོད་པ་བྱིན་གྱིས་བརླབས། ཨོཾ་ཤྲཱི་ཀླ་ལ་ཙཀྲ་ས་པ་རི་ཝཱ་ར ཞེས་སོགས་སྔགས་ཙམ་གྱིས་འབུལ། ནང་མཆོད་ཕུལ་ནས་བསྟོད་པ་ཤོ་ལོ་ཀ་གཅིག་བྱ་ཞིང་། རྡུལ་ཚོན་གཤེགས་གསོལ་ཉིན་མ་གཏོགས་རྒྱུན་པར་མཆོད་པ་འབྲིང་པོ་ལྟར་འབུལ་བའི་ཕྱག་ལེན་མཛད། དཀྱིལ་འཁོར་གྱི་མཇུག་གི་བྱ་བ་ལ།གསུམ་པ་རྡུལ་ཚོན་གཤེགས་སུ་གསོལ་བའི་ཆོ་ག་ནི། བླ་བརྒྱུད་ནས་བཟུངས་སྒྲུབ་ཐབས་ཚང་མ་སྔོན་དུ་བཏང་ནས། མཆོད་འཕྲེང་རྒྱས་པ་ལྟར་ཕུལ། དུས་དབང་།  ༢༦ན༡ བདུད་ཉི་ཤུ་དང་ཡུབ་ཡུམ་གྱི་བསྟོད་པ་སྒྲུབ་ཐབས་ཀྱི་མཇུག་ལྟར་གྱིས་བསྟོད། ཚོགས་ཀྱི་མཆོད་པ་ཕུལ་ནས། བསྡུས་རྒྱུད་དང་། གཏོར་འབུལ་གཞི་བདག་གཏོར་མ་དང་བཅས་པ། ཤེས་རབ་སྙིང་པོ་བཟློག་བཅས་དང་། བདེན་བདར་གྱི་བཟློག་པ་ལན་གསུམ། ཞབས་བརྟན། བསྔོ་བ་སྨོན་ལམ་རྒྱས་པ་གྲུབ་ནས། དཀྱིལ་འཁོར་གྱི་ཤར་སྒོའི་ཕྱོགས་སུ་ཆུ་བཞི་ལྷ་མོ་བཅུ་གཉིས་དང་བཅས་པའི་མཆོད་པ་བཤམས་ནས། དཔོན་སློབ་ཐམས་ཅད་དཀྱིལ་འཁོར་གྱི་ཤར་སྒོར་བཞེངས་ཏེ་མཆོད་པ་བྱིན་གྱིས་བརླབས། ཨོཾ་ཨཱཿཧུྃ་ཧོ་ཁམས་སུ་གསུམ་དབང་ཕྱུག་ནི།   ཞེས་སོགས་དང་།  ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་ཞེས་སོགས་ཆུ་བཞི་དང་།  ཙ་སྡེ་ཐུང་རིང་ལས་སྐྱེས་པའི།  ། ཞེས་སོགས་ཚིགས་བཅད་དང་།  སྔར་སྒྲུབ་ཐབས་ལྟར་གྱི་ལྷ་མོ་བཅུ་གཉིས་ཀྱི་མཆོད་པ་ཕུལ།  ནང་མཆོད་ཀྱང་ཕུལ། བསྟོད་པས་བསྟོད།  དེ་ནས།  དཀྱིལ་འཁོར་ལ་ལན་གསུམ་དུ་བསྐོར་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་བས་ཤར་སྒོར་འགྲེལ་སྟེ་ཡི་གེ་བརྒྱ་བ་ལན་གསུམ་བརྗོད་ནས།  བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ།  གང་ཡང་བདག་བློ་རྨོངས་པ་ཡིས།  །ཉེས་བྱས་ཅུང་ཟད་གང་བགྱིས་པ།  །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར།  །མགོན་པོས་དེ་ཀུན་བཟོད་པར་མཛོད།  །མ་རྙེད་ཡོངས་སུ་མ་ཤེས་དང་།  །གང་ཡང་ནུས་པ་མ་མཆིས་པས།  །འདིར་ནི་བྱ་བ་གང་བགྱིས་པ།  །དེ་ཀུན་གཙོ་བོས་བཟོད་མཛད་རིགས།། ཞེས་བཟོད་པར་གསོལ་ཏེ་ལག་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བྱས་ཏེ།   དུས་དབང་། ༢༦བ༡ ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།  །རྗེས་སུ་མཐུན་པའི་དངོས་གྲུབ་སྩལ།  །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།  །སླར་ཡང་འབྱོན་པར་མཛད་དུ་གསོལ།  །ཨོཾ་ཨཱཿཧུྃ་ཧོཿཧྃ་ཀྵ་བཛྲ་མུ།  འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་རང་གི་སྙིང་གར་གཤེགས།  ལག་པའི་རྒྱབ་བསྟན་པའི་སེ་གོལ་དང་།  ཀྵཿདབང་པོ་ལ་སོགས་པའི་འཇིག་རྟེན་པ་རྣམས་རང་རང་གི་གནས་སུ་གཤེགས་པར་གྱུར།  ཅེས་བརྗོད་ཅིང་བསམས་ལ།  ཆོས་ཐམས་ཅད་རང་བཞིན་མེད་པར་མོས་ཏེ།  ཨ་ཀཱ་རོ་མུ་ཁཾ་སོགས་བརྗོད་ཅིང་།  རྡོ་རྗེའི་རྩེས་ཚངས་ཐིག་གི་ལམ་ནས་བདེ་ཆེན་འཁོར་ལོའི་རྡོ་རྗེའི་སྲིད་བར་དབྱི་ཞིང་།  མེ་ལོང་གི་སྟེང་དུ་ལྷ་མཚོན་རྣམས་བསྡུས་ནས།  རང་གི་མགོ་བོར་ཅུང་ཟད་ཙམ་བླུགས་ཏེ།  ལྷའི་གདན་རྣམས་དབྱི་ཞིང་།  དེ་ནས་རྡོ་རྗེའི་རྩེས་དབང་ལྡན་ལ་སོགས་པའི་རྩིག་པའི་ཟུར་རྣམས་དང་།  སྒོ་རྣམས་བཤིག་ཅིང་རྡུལ་ཚོན་ལྷག་མ་ལེགས་པར་བསྡུས་ཏེ།  ཞི་བ་ལ་སོགས་པ་དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་བྱིན་ལ།  གཞན་རྣམས་བུམ་པ་གོས་བཟང་བོས་ཀླུབས་པའི་ནང་དུ་བླུགས་ནས།   གླང་བོ་ཆེའི་སྟེང་ངམ་ཁྱོགས་ལ་བཞག་སྟེ།  བཀྲ་ཤིས་ཀྱི་གླུ་དང་།  རོལ་མོའི་སྒྲ་དང་།  གདུགས་ལ་སོགས་པ་དང་མཆོད་པ་དང་ལྡན་པས་ཁྱེར་ནས།  རྒྱ་མཚོར་འབབ་པའི་ཆུ་བོའམ་མཚོ་ཕྲན་ཟབ་མོའི་འགྲམ་དུ་ཀླུའི་དཀྱིལ་འཁོར་བྱས་ལ་མཆོད་གཏོར་འབུལ་བ་ནི།  ན་མཿཀཱ་ལ་ཙཀྲཱ་ཡ།  འདིར་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ཆབ་ལ་སྤྱན་འདྲེན་ཚུལ་ཇི་ལྟར་བྱ་བ་ནི།  ཆུ་བོའི་འགྲམ་དུ་བའི་ལྕི་བ་བྱུགས་པའི་དཀྱིལ་འཁོར་དཀར་པོའི་དབུས་སུ་པདྨ་འདབ་བརྒྱད་བྱས་ལ།  ཀླུ་གཏོར་གྱི་མཆོད་པ་དང་ཉེར་སྤྱོད་བཤམས་ནས།  དུས་དབང་། ༢༧ན༡  ཨོཾ་ཨཱཿཧུཾ་ཧོཿཧཾ་ཀྵཿ ས་བསངས།  ཤླུ་ནྱ་ཏཱས་སྟོང་པར་སྦྱངས།  སྟོང་བའི་ངང་ལས་བྃ་ལས་པདྨའི་ལྟེ་བར་ཟླ་ཉི་སྒྲ་གཅན་དུས་མེའི་གདན་གྱི་སྟེང་དུ་ཧྃ་དང་རྡོ་རྗེ་ལས་སྐྱེས་པའི་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་སྣ་ཚོགས་ཡུམ་ལ་འཁྱུད་པ་གཡས་བརྐྱང་གིས་བཞུགས་པར་གྱུར།  ཤར་དང་ཤར་ལྷོའི་འདབ་མའི་སྟེང་དུ་ཧྱ་ཧྱཱ་དང་རྒྱལ་མཚན་ལས་སྐྱེས་པའི་སྟོབས་ཀྱི་རྒྱུ་དང་པདྨ་ནག་པོ།  ལྷོ་དང་ལྷོ་ནུབ་ཀྱི་འདབ་མའི་སྟེང་དུ་ཧ་ར་ཧ་ར་དང་བཀྲ་ཤིས་ལས་སྐྱེས་པའི་ནོར་རྒྱས་དང་དུང་སྐྱོང་དམར་པོ།  བྱང་དང་བྱང་ཤར་གྱི་འདབ་མའི་སྟེང་དུ་ཧྭ་ཧཱྭ་པདྨ་ལས་སྐྱེས་པའི་རིགས་ལྡན་དང་མཐའ་ཡས་དཀར་པོ།  ནུབ་དང་ནུབ་བྱང་དུ་ཧླ་ཧླཱ་དང་རྡོ་རྗེ་ལས་སྐྱེས་པའི་འཇོག་པོ་དང་པདྨ་ཆེན་པོ་སེར་པོ།  ཧཱུྃ་ཀྵུྃ་དང་བུམ་པ་ལས་སྐྱེས་པའི་རྒྱལ་བ་ལྗང་གུ་དང་རྣམ་རྒྱལ་སྔོན་པོ་རྣམས་སྦྲུལ་མགོའི་གདེངས་ཀ་ཅན་ཞལ་གཅིག་ཕྱག་བཞི་གཡས་པ་གཉིས་ན་བུམ་པ་དང་རྡོ་རྗེ།  གཡོན་པ་གཉིས་ན་པདྨ་དང་རིན་པོ་ཆེ་འཛིན་པ།  རྡོ་རྗེའི་གདན་ལ་བཞུགས་པའི་དཔྲལ་བར་ཨོཾ།  མགྲིན་པར་ཨཱཿསྙིང་གར་ཧུྃ།  ལྟེ་བར་ཧོཿཐུགས་ཀའི་ཧུྃ་ལས་འོད་འཕྲོས།  བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས།  ཛཿཧཱུྃ་བྃ་ཧོཿ།  རོ་མཉམ་དུ་གྱུར།  སྤྱན་དྲངས་པའི་ཡུམ་རྣམས་ཀྱིས་ཨོྃ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤྭ་དྷ་ནི་སྭཱཧཱ།  དུས་དབང་།  ༢༧བ༡།  ཞེས་གསུང་ཞིང་བདུད་རྩིས་དབང་བསྐུར།  གཙོ་བོ་ལ་མི་བསྐྱོད་པ་དང་སྣ་ཚོགས་ཡུམ་ལ་རྡོ་རྗེ་སེམས་དཔའ།  ཤར་དང་ཤར་ལྷོ་པ་རྣམས་ལ་དོན་གྲུབ།  ལྷོ་དང་ལྷོ་ནུབ་པ་ལ་རིན་འབྱུང་བྱང་དང་བྱང་ཤར་བ་ལ་འོད་དཔག་མེད།  ནུབ་དང་ནུབ་བྱང་བ་ལ་རྣམ་སྣང་།  རྒྱལ་བ་ལ་མི་བསྐྱོད་པ།  རྣམ་རྒྱལ་ལ་རྡོར་སེམས་ཀྱིས་རྒྱས་བཏབ་པར་གྱུར།  གན་དྷྃ་ནས་ཀཱ་མེྃ་བར་གྱིས་མཆོད།  གཏོར་མ་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ལ།  ཨོྃ་ཨཱཿཧུྃ་ཧོཿ ཤྲཱི་ཀཱ་ལ་ཙ་ཀྲཱ་ཡ་ཛ་ཡ་བི་ཛཱ་ཡ།  པདྨ་ཀ་རྐོ་ཊ་ཀ  །བཱ་སུ་ཀི  །ཤྃ་ཁ་པཱ་ལ།  ཀུ་ལི་ཀ  །ཨ་ནནྟ།  ཏཀྵ་ཀ  མཧཱ་པདྨ་ས་པ་རི་ཝཱ་རེ་བྷྱཱ་ཨི་དྃ་བ་ལིྃ།  གན་དྷྃ།  པུཥྤྃ།  དྷཱུ་པྃ།  དཱི་པྃ།  ཨཀྵ་ཏཾ།  ད་རཱ་མ་ཧེ་ཏེ་ཛ་ཨ་གཏྟེ་ས་པ་རི་ཝཱ་ར།  ཤཱི་གྷྲྃ་ཨི་དྃ་བ་ལི་གྲྀཧྣན་ཏུ།  ཁཱ་དནྟུ་པི་ཝནྟུ།  ཛཿཧཱུྃ་བྃ་ཧོཿསརྦ་སཏྭ་ནཱྃ།  ཤཱིནྟྃ།  པུཥྚྃ།  རཀྵ་ཨ་བ་ར་ན།  གུཔྟཾི་ཀུརྦནྟུ་ཧུྃ་ཧཱུྃ་ཕཊ།  བཛྲ་དྷཱ་ར་ཨཱཛྙ་པཱ་ཡ་ཏི་སྭཱཧཱ།  ཞེས་པས་གཏོར་མ་ཕུལ།  རྒྱལ་བ་རྣམ་རྒྱལ་པད་སྟོབས་རྒྱུ།  །ནོར་རྒྱས་དུང་སྐྱོང་རིགས་ལྡན་དང་།  །མཐའ་ཡས་འཇོག་པོ་པད་ཆེན་རྣམས།  །འཁོར་དང་བཅས་ལ་གཏོར་མ་དྲི།  །མེ་ཏོག་བདུག་པ་སྒྲོན་མེ་དང་།  །མ་ཉམས་པ་འདི་བདག་འབུལ་གྱིས།  །འཁོར་བ་བཅས་དེ་རྣམས་ཀྱང་བྱོན་ལ།  །མྱུར་དུ་གཏོར་མ་འདི་བཟུང་མཛོད།  །གསོལ་བར་མཛོད་ཅིག་བཏུང་བར་མཛོད།  །ཛཿཧཱུྃ་བྃ་ཧོཿཡང་དག་ཚིམ།  །སེམས་ཅན་ཐམས་ཅད་ཞི་བ་དང་།  དུས་དབང་།  ༢༨ན༡།  རྒྱས་དང་སྲུང་དང་བསྐྱབ་པ་དང་།  སྦ་བར་མཛོད་ཅིག་ཧུྃ་ཧཱུྃ་ཕཊ།  །རྡོ་རྗེ་འཆང་གི་བཀའ་བཞིན་མཛོད་སྭཱཧཱ།  ཞེས་གཏོར་རྫོངས་བྱས་རྗེས་དུས་ཀྱི་འཁོར་ལོ་བདག་ཉིད་ལ་ཐིམ་ཞིང་།  སེ་གོལ་གཏོགས་པ་དང་མཉམ་དུ་ཀྵཿཀླུ་རྣམས་ཀྱིས་རྡུལ་ཚོན་བཀུར་བསྟི་ཆེན་པོས་ཁྱེར་ཏེ་རྒྱ་མཚོར་སོང་བར་གྱུར།  །དེ་རྣམས་ལ་རྡུལ་ཚོན་གཏད་ལ་ཆུ་ལ་བཀུར་ཞིང་།  དེ་རྣམས་ཀྱིས་ཀྱང་བཀུར་བསྟི་ཆེན་པོས་འོག་གི་གཞིར་ཁྱེར་བར་བསམ་པར་བྱའོ།  དེ་ནས་བུམ་པ་རྒུས་བཀང་ནས་ཁྱེར་འོངས་ཏེ་ཞི་བ་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་ལ་གཏོར་བར་བྱ་ཞིང་།  ལས་ཐིག་གི་རྗེས་མི་མངོན་པར་ཕྱིས་ནས།  རང་ཉིད་རྡོ་རྗེ་ཤུགས་ཀྱི་ང་རྒྱལ་གྱིས་རྡོར་དྲིལ་འཛིན་པའི་ལག་པ་གཉིས་ཀྱིས་སྐམ་པའི་ཕྱག་རྒྱ་བྱས་ཏེ།  ཨོྃ་བཛྲ་ཀཱི་ལ་ཨུཏ་ཀཱི་ལ་ཡ་སརྦ་བིགྷྣན་བཛྲ་དྷཱ་ར་ཡ་ཨཱཛྙ་པཱ་ཡ་ཧཱུཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཧོཿ  ཞེས་བརྗོད་ནས་སྔར་བཏབ་པའི་ཕུར་བུ་རྣམས་ཕྱུང་སྟེ།  ཨོྃ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྔྷ་ལོ་ཙ་ནི་སརྦྦ་ཨརྠ་སཱ་དྷ་ནི་སྭཱཧཱ།  ཞེས་བརྒྱ་རྩ་བརྒྱད་བཟླས་ཤིང་ཕུར་བུ་རྣམས་འོ་མས་བཀྲུས་པས་བགེགས་རྣམས་གསོས་ཏེ་སངས་རྒྱས་པར་བསམ་པར་བྱའོ།  །ཡང་ན་རྡུལ་ཚོན་སྤྱན་འདྲེན་པའི་གོང་དུ་ཕུར་བུ་གདོན་པའང་རུང་ངོ་།  ཕུར་བུ་ཕྱུང་བ་རྣམས་རང་གི་མདུན་དུ་བཀོད།  ཕུར་བུ་བསྲུང་བའི་ཁྲོ་བོ་དང་བཅས་པ་ལ་སྔར་ས་ཆོག་གི་སྐབས་སུ་བཤད་པ་ལྟར་མཆོད་གཏོར་ཕུལ་ནས།  ལག་པ་གཡས་པའི་རྒྱབ་བསྟན་པའི་སེ་གོལ་དང་།  ཀྵཿ  ཞེས་བརྗོད་དེ།  ཕུར་བུའི་ཡེ་ཤེས་པ་རྣམས་དང་ཕུར་བུ་བསྲུང་བའི་དོན་དུ་བཀོད་པའི་ཁྲོ་བོ་རྣམས་རང་གི་གསང་གནས་ཀྱི་འཁོར་ལོར་ཧཾ་ལ་བཅུག་ཅིང་གཤེགས་པར་གྱུར།  དུས་དབང་།  ༢༨བ༡།  ཕུར་བུ་རྣམས་གནས་ཇི་ལྟ་བར་བཞག་གོ  ། དེ་ནས་དཔོན་སློབ་རྣམས་དཀྱིལ་འཁོར་གྱི་སའི་དབུས་སུ་འགྲེང་བས་མེ་ཏོག་གི་ཆར་དབབ་ཅིང་།  མཆོད་འཕྲེང་དུ་བཤད་པ་ལྟར་ཤིས་བརྗོད་རྒྱས་པར་བྱའོ།། །། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དབང་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ་འདི་ནི་རང་གི་ཉེ་བར་མཁོ་སྐབས་སུ་སྤྲུལ་མིང་པ་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའོ།། །།      
                                ༸གོང་ས་བཅུ་བཞི་བའི་དུས་དབང་དང་སྟབས་བསྟུན་ནས་འབྲོག་རུ་བ་ཆོས་དར་གྱིས་གློག་ཀླད་དུ་ནང་འཇུག་བྱས་པའོ།།
                                                                                         སྤྱི་ལོ་ ༢༠༡༡ ལོའི་ཟླ་༡༠ཚེས་༡༥ཉིན།

0 comments:

ཟིན་བྲིས་འཚོལ་ཡུལ