དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 24 August 2012
ཨེ་མ་ཧོ་རྟགས་ཅན་གྱི་ལག་འཕྲིན་མི་འགྱངས་པ་ཚོང་རར་བཀྲམ་རྒྱུའི་བརྡ་ཁྱབ།
སྤེལ་མཁན། དཔལ་ལྡན་རྒྱ་མཚོ།

མིག་སྔར་བོད་པ་རང་གིས་གསར་སྤེལ་བྱས་པའི་བོད་ཡིག་གི་ལག་འཕྲིན་མང་པོ་མེད་པ་དང་།རེ་གཉིས་ཡོད་པ་དེ་དག་ཡང་འཐུས་སྒོ་ཚང་བ་དང་སྟབས་བདེ་ཞིག་མ་བྱུང་བས་མི་མང་པོ་ཞིག་གིས་བོད་པ་རང་གིས་གསར་འདོན་བྱས་པ་དང་དེང་དུས་ཁྱབ་ཆེ་བའི་ལག་འཕྲིན་ཡོངས་དང་གོ་ནུས་མཉམ་པའི་བོད་ཡིག་གི་ལག་འཕྲིན་ཞིག་ལ་རེ་སྒུག་བྱེད་བཞིན་ཡོད།གནས་ཚུལ་འདི་ལྟ་བུའི་འོག་བོད་པ་རང་གིས་གསར་དུ་འཛུགས་པའི་མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སི་མི་སྣ་ཡོངས་ཀྱིས་བགྲང་བྱ་དུ་མ་ལྷག་རིང་ལ་འབད་པ་ལྷད་མེད་བྱས་ནས་མི་འགྱངས་པའི་དུས་ཡུན་ནང་ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཕྲིན་དེ་ཉིད་བོད་ཡུལ་གྱི་ཡུལ་གྲུ་སོ་སོའི་ཚོང་རར་བཀྲམ་རྒྱུ་ཡིན།




ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཕྲིན་གྱིས་སྔོན་ན་བྱུང་བའི་བོད་ཡིག་ལག་འཕྲིན་ཡོངས་ཀྱི་ལེགས་ཆ་བསྡུ་རུབ་བྱས་པ་དང་།དེའི་རྨང་གཞི་ཐོག་དེང་དུས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་ཚན་རྩལ་གྱི་ལག་ཐབས་དག་བེད་སྤྱོད་ནས་ཅུང་དུས་རབས་ཀྱི་རང་བཞིན་ལྡན་པ་དང་ཕྱོགས་ཡོངས་ཀྱི་རང་བཞིན་ལྡན་པའི་བོད་ཡིག་ལག་འཕྲིན་ཞིག་གསར་འདོན་བྱེད་པར་གཞོལ་ཡོད།ལག་འཕྲིན་འདི་ནང་བཀོལ་བའི་ཐ་སྙད་དག་ནི་དེང་དུས་བོད་ཡོངས་ན་གཅིག་གྱུར་བྱུང་ཡོད་པ་དང་ཚང་མས་དང་ལེན་བྱེད་ཐུབ་པ་ཤ་སྟག་ཡིན་པ་དང་།ཕྱོགས་གང་ཐད་ནས་མི་རིགས་རང་གི་ཁྱད་ཆོས་མངོན་པ་མཚོན་ཡོད།ང་ཚོས་ལག་འཕྲིན་འདིའི་ཐོག་ནས་སྔོན་བྱོན་དམ་པ་དག་གི་གསུངས་ཆོས་དག་མྱོང་རོལ་བྱ་ཆོག་ལ་རང་གི་འཕྲལ་ཡུན་གྱི་མྱོང་ཚོར་ཡང་མྱུར་མགྱོགས་ངང་འདི་ནང་ཕབ་ཆོག།ད་དུང་ང་ཚོས་ལག་འཕྲིན་འདི་བརྒྱུད་དྲ་ཚིགས་སྣ་ཚོགས་སུ་འཛུལ་ཆོག་པ་དང་རང་ལ་ཉེ་བ་མཁོ་བའི་མཉེན་ཆས་རྣམས་ཅི་བདེ་ཕབ་ལེན་བྱེད་ཆོག།གང་ལྟར་ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཕྲིན་གིས་དེང་དུས་ཚན་རྩལ་གྱི་གོམ་སྟབས་རྗེས་སུ་སྙེགས་ཏེ་མི་རིགས་རང་གི་ལག་འཕྲིན་གྱི་མིག་བྱང་ལྟ་བུ་ཞིག་ཏུ་གྱུར་ཐུབ་པ་ཡིད་ཆས་ཀྱིས་ཁེངས་ཡོད།






མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་མི་རིགས་ཀྱི་ཚན་རྩལ་གོང་འཕེལ་བཏང་བའི་བླངས་བྱ་ཡིད་ལ་ཡང་ཡང་བཅགས་ནས།རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་ཐོན་རྫས་མང་པོ་གསར་དུ་འདོན་ནས་བོད་མི་རང་གི་དགོས་མཁོ་སྐོང་བ་དམིགས་ཡུལ་དུ་བྱ་ནས།དུས་ཡུན་མང་པོ་ནང་རྩོལ་བ་ལྷོད་མེད་བཏང་ཡོད།ཐེངས་འདིའི་ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཕྲིན་ནི་མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཀུང་སིའི་གོམ་པ་དང་པོ་དེ་ཡིན་ལ།རྗེས་ཕྱིན་གྱི་དུས་ཡུན་ནང་མུ་མཐུད་དུ་བོད་ཡིག་གི་མཉེན་ཆས་སྣ་ཚོགས་དང་གློག་རྡུལ་ཐོན་རྫས་སྣ་ཚོགས་གསར་འདོན་བྱེད་རྩིས་ཡོད་ལ་ལམ་བུར་འདིར་ཕྱིར་བཤོལ་མེད་པ་བསྐྱོད་ངེས་ཡིན།

0 comments:

ཟིན་བྲིས་འཚོལ་ཡུལ