དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 27 August 2012
ཨེ་མ་ཧོ།



བདེ་འཚམས་ཡིན་ནམ་ཤེས་རབ་བཟང་པོ་ལེགས། །
གང་དུ་བཞུགས་སམ་ད་ལྟ་ཅི་ཞིག་མཛད། །
གངས་ལྗོངས་རྒྱལ་ས་གཉིས་པ་རྡར་ས་རུ། །
ཐུག་པ་མོག་མོག་མཆོད་པར་དགྱེས་ལེགས་སམ། །
མཁན་པོའི་ཕྲིན་ལས་རླུང་གི་རྗེས་སུ་འགྲོ། །
མཁན་ཆེན་སྒོམ་པ་རི་རྒྱལ་ལྷུན་པོ་བཞིན། །
ལོ་ཙྰའི་མཁྱེན་རབ་ཉི་མ་འདྲ་བ་ཡིས། །
བསྟན་འགྲོའི་དོན་ཆེན་འགྲུབ་པར་ཡིད་ཉེས་བྲལ། །
ལོ་ཙྰ་ཆེན་པོ་ཉི་མ་འདྲ་བ་ཁྱོད། །
རྨོངས་པའི་སྨག་ཆེན་བསལ་བའི་སྒྲོན་མེ་དངོས། །
ད་དུང་ཐུགས་བསྐྱེད་དམ་བཅའ་མ་བཏང་བར། །
འགྲོ་ཁམས་ཤེས་རབ་འོད་ཀྱིས་ཁྱབ་པར་མཛོད། །
[9:24:38 AM] Erick  Tsiknopoulos: ད་ཁྱེད་རང་ང་ལ་འདྲི་འདྲ་བསྟོད་པ་བཏང་པ་ཡིན་ན་ངས་དངོས་གནས་རང་ལ་ཡིག་སྒྱུར་འགའ་ཤས་བྱེད་དགོས་རེད
[9:24:39 AM] Khenchen Lama: བསྟོད་པ་དང་ངོ་དགའ་ཅུང་པ་ཅི་མིན། ཁྱེད་ཀྱིས་བདག་ལ་ཡིག་སྒྱུར་དགོས་པ་དེ་བས་ཀྱང་མིན། སྙིང་ཁུང་ནས་རྡོལ་བའི་གླུ་རེད་གདའ།
[9:25:58 AM] Khenchen Lama: གཏེར་མ་ཟེར་ན་མི་ཆོག་གམ།
[9:25:59 AM] Erick  Tsiknopoulos: ལེགས་སོ། ཐུགས་རྗེ་ཆེ།
[9:26:55 AM] Khenchen Lama:
དད་གུས་ཡོད་ན་འདྲེན་མཆོག་མཁན་ཆེན་ཡིན། །
དད་གུས་མེད་ན་མདོ་མེད་བྱ་བྲལ་ཡིན། །
གང་ལྟར་འགྲོ་ཁམས་མོས་པའི་ཆུ་སྣོད་ན། །
འོད་དཀར་དགྱེས་པ་རྡོ་རྗེ་ཨེ་མ་ཧོ། །

0 comments:

ཟིན་བྲིས་འཚོལ་ཡུལ