དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 18 September 2012
༄༅།། ང་རྒྱལ་གྱི་འབྲས་བུ།



རྫིང་བུ་ཞིག་གི་ནང་དུ། རུས་སྤལ་ཞིག་དང་ངང་བ་གཉིས་ཡོད་པ་རེད། དུས་སྐབས་ཤིག་ན་ཡུལ་དེར་ཆར་བ་མ་བབས་པས་རྫིང་བུ་བསྐམས་སོང་བ་རེད། དེ་ནས་ངང་བ་གཉིས་རུས་སྤལ་གྱི་སར་སོང་སྟེ། ཝ་ཡེ་གྲོགས་པོ། ད་ངེད་གཉིས་འདིར་འདུག་བཟོད་མི་བདེ་བས། རྫིང་བུ་གཞན་ཞིག་འཚོལ་དུ་འགྲོ་བ་ཡིན་ཞེས་བཤད་པ་རེད།


རུས་སྤལ་གྱིས། དེ་ན་ང་ཡང་མཉམ་དུ་ཁྲིད་རོགས་ཞེས་བཤད། ངང་བ་གཉིས་ཀྱིས་ངེད་གཉིས་ལ་ཁྱེད་འཁྲིད་འདོད་ཡོད་ཀྱང་། ཁྲིད་ཐུབ་པའི་ཐབས་ཤེས་མི་འདུག་ཅེས་བཤད། རུས་སྤལ་ན་རེ། ཁྱེད་གཉིས་ཀྱིས་ངོ་མའི་ང་འཁྲིད་འདོད་ན། ཐབས་ང་ལ་ཡོད་ཅེས་བཤད། ངང་བ་གཉིས་ཀྱིས་ཁྱེད་ལ་ཐབས་ཡོད་ན་གསུང་དང་། ང་ཚོ་མཉམ་དུ་འགྲོ་ཆོག་ཅེས་ལབ་པ་རེད།


དེ་ནས་རུས་སྤལ་གྱིས་ཤིང་ཐུར་གཅིག་ཁྱེར་འོང་ནས། ཁྱེད་གཉིས་ཀྱིས་ཤིང་ཐུར་འདིའི་སྣེ་རེ་རེ་ལ་སོས་ཐོབས་ལ་ནམ་མཁར་འཕུར་དང་། ངས་ཤིང་ཐུར་འདིའི་དཀྱིལ་ལ་སོ་འདེབས་ནས་འདུག་ཆོག་ཅེས་ཟེར་བ་ན། ངང་བ་གཉིས་ཀྱིས་དེ་ནི་ཐབས་ཤེས་མཆོག་ཏུ་གྱུར་བ་ཞིག་རེད་ཅེས་བཤད་དེ། ཤིང་དུར་དེའི་སྣེ་གཉིས་ནས་སོས་བཟུང་སྟེ་ཡར་བཏེགས་ནས་མཁའ་ལ་འཕུར།

ངང་བ་གཉིས་ཀྱིས་དེ་ལྟར་རུས་སྤལ་བཀྱགས་ནས་ནམ་མཁའ་རུ་འཕུར་ཏེ་སོང་སོང་བའི་ཚེ་ན། ལུང་བ་ཞིག་གི་ཁ་ན་ཡོད་པའི་རྫི་བོ་ཞིག་གིས་མཐོང་སྟེ། རྫི་བོ་གཞན་ཚོར་ཁ་ཕྱོགས་ཏེ། ཀ་ཡེ་གྲོགས་པོ་ཡར་ལྟོས་དང་ངང་བ་དེ་གཉིས་ག་འདྲའི་རིག་པ་རྒོད་པ་ལ་ཟེར། རུས་སྤལ་གྱིས་གཏམ་དེ་ཐོས་པ་དང་། ང་རྒྱལ་སྐྱེས་ཏེ་ཁ་རིག་པ་འདི་ངས་དྲན་པ་ཡིན་ཅེས་ཁ་གདངས་པས། ཤིང་ཐུར་ཁ་ནས་ཤོར་བ་དང་རུས་སྦལ་ནམ་མཁས་ནས་མར་ཟག་པ་རེད། །

རྨ་བྱ་དང་ཁྭ་ཏ།
༄༅ །། གནའ་སྔ་མོ་ཞིག་ལ། རྨ་ཆུའི་ཁ་རུ་རྨ་བྱ་ཞིག་ཡོད་པ་རེད། རྨ་བྱ་དེ་གླུ་ལེན་གར་རྩེད་ལ་མཁས་པ་ན་ཟད། མཛེས་ཤིང་སྒེག་ཉམས་ལྡན་པས་བྱ་བརྒྱ་ཤིན་ཏུ་སྨོན་ཞིང་གུས། དུས་དེ་ནས་བཟུང་རྨ་བྱར་ང་རྒྱལ་ཁེངས་དྲེགས་སྐྱེས་ཤིང་བྱ་གཞན་ལ་མཐོང་ཆུང་བྱས།

ཉིན་ཞིག་ཁོའི་ཁྱིམ་མཚེས་ཁ་ཏ་ལ་ཁྱོད་ཀྱི་ལུས་ཡོངས་ནག་ཏིག་ཏིག་མི་སྡུག་པ་མ་ཟད། གླུ་ལེན་གར་རྩེད་ཀྱང་མི་ཤེས་པ་ཞིག་ང་ལྟ་བའི་མཚན་སྙན་གྲགས་ཅན་ཞིག་དང་མཉམ་དུ་བསྡད་ན་འགྲིག་གམ་ཞེས་པར། ཁྭ་ཏས་ཉན་རྗེས་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་ཞེ་ནས་ལངས་ཏེ། ལོ་གསུམ་གྱི་རྗེས་སུ་བདགགི་མཚན་སྙན་གྲགས་ཀྱང་རྨ་བྱ་ལས་བརྒལ་དགོས་སྙམ་པའི་སེམས་ཐག་བཅད།

དེ་ནས་ཁྭ་ཏ་ས་གཞན་ལ་སོང་སྟེ་བྱ་བ་ངན་པའམ་ལྷག་པར་དུ་མི་ཤི་བ་འདྲ་ཁ་མ་དྲོ་བའི་བྱ་བ་བྱུང་ཚེ། ཁོས་ཨ་བ། ཨ་བ་ཞེས་མང་ཙམ་གྲགས་པ་ན། རིམ་བཞིན་ཁོ་གང་དུ་གྲགས་ན་ས་དེར་བཀྲ་མི་ཤིས་པའི་བྱ་བ་རེ་བྱུང་། དེ་ནས་བཟུང་ཁྭ་ཏ་ཞེས་གླེང་བ་ཙམ་གྱིས་མི་རྣམས་རང་དབང་མེད་པར་། འདར་གྱིན་འདུག་ལ། ཁྭ་ཏའི་ལྟས་ངན་མིང་ངན་ཡང་ཀུན་ཏུ་ཁྱབ།

ལོ་གསུམ་གྱི་རྗེས་སུ། ཁྭ་ཏ་ཕྱིར་རྨ་ཆུའི་ཁར་འབྱོར་དུས་རྨ་བྱ་ཡིས་རང་འཁོར་བྱ་བརྒྱ་ཁྲིད་དེ་ཐག་རིང་ལ་བསུ་བར་ཡོང་མ་ཟད། ད་དུང་རྨ་བྱས་ཁྭ་ཏ་་ལ་སྔོན་ཆད་ཁྱིམ་མཚེས་ཡིན་དུས་མ་འགྲིག་ས་རེ་ཡོད་ན་ཐུགས་རྒྱལ་མི་བཞེངས་པར་མཁྱེན་ཞེས་ཞུས།


ཁྭ་ཏས་ཐོས་རྗེས་དོགས་པ་སྐྱེས་ཏེ་ཁ་རོག་ཏུ་གྲོགས་པོ་ཆུང་ངུ་ཁང་བྱིའུ་ལ་འདིའི་དོན་ཅི་ཡིན་ཞེས་དྲིས་དུས། ཁང་བྱིའུ་ཡིས་འདི་ནི་གསལ་བོ་མ་ཡིན་ནམ། ད་ལྟ་ཁྱོད་ནི་མིང་གྲགས་ཅན་ཡིན་པས་སུས་ཁྱོད་ལ་ཕོག་ཐུག་གཏོང་ཕོད་དམ། ཁྱོད་ཀྱིས་་་ཨ་བ་་་་ཨ་་་བ། ཞེས་པ་ན་མི་གཞན་གྱི་འགོ་ལ་སྡུག་བསྔལ་འབྱུང་བས་རྨ་བྱ་ཁྱོད་ལ་མི་སྐྲག་ཀ་མེད་བྱུང་བ་རེད་ཟེར་རོ། །


2 comments:

Wild Yaks said...

All these wonderful stories are from http://www.wildyaks.com/

It is great that you want to share them. But the author and artist of all these works need to be credited, they belong to the individuals, Please don't just copy them, link them to the website www.wildyaks.com. They are covered under international copyright law. Thanks!

Wild Yaks said...

ཨེ་མ་ཧོ་རིག་མཛོད་ཀྱི་དྲ་བདག་ལགས་སུ་ཞུ་གསོལ། སྐུ་ཉིད་ཀྱིས་གཡག་རྒོད་དྲ་ཚིགས་ནས་ཐད་ཀར་པར་བཤུས་བྱས་ཏེ་བྱིས་སྒྲུང་དང་རི་མོ་སོགས་འབྲེལ་བཤད་གང་ཡང་མེད་པར་དྲ་གནས་འདིར་བཀོད་འདུག། གཡག་རྒོད་དྲ་ཚིགས་སུ་བཀོད་པའི་བརྩམས་སྒྲུང་དང་། རི་མོ་སོགས་རྒྱལ་སྤྱིའི་དཔར་དབང་གི་ཁྲིམས་ལུགས་ལྟར་སྲུང་སྐྱོབས་བྱས་ཡོད་པས། གཡག་རྒོད་དྲ་བདག་དང་རི་མོ་བ། རྩོམ་པ་པོ་སོགས་ཀྱི་དགོངས་འཁྲོལ་མེད་པར་གང་བྱུང་པར་བཤུས་བྱེད་ཆོག་གི་མ་རེད། གལ་ཏེ་གཡག་རྒོད་དྲ་ཚིགས་སུ་ཡོད་པའི་བྱིས་སྒྲུང་རྣམས་ཁྱབ་སྤེལ་བྱེད་འདོད་ཡོད་པ་ཡིན་ན། གཡག་རྒོད་དྲ་བྱང་འདི www.wildyaks.com སྐུ་ཉིད་ཀྱི་དྲ་བར་མཐུད་ན་མཐུས་ལ་དགའ་བསུ་ཡོད།

གཡག་རྒོད་དྲ་ཚིགས་ཀྱི་ལས་བྱེད་པ་རྔ་བ་མཁས་གྲུབ་གྱིས་སྤྱི་ལོ ༢༠༡༢ ལོའི ཟླ་བ ༡༢ བའི ཚེས་༡ ལ།

ཟིན་བྲིས་འཚོལ་ཡུལ