དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 18 September 2012
༄༅།། ཁྱི་དང་བྱི་ལའི་རྩོད་གླེང་།
ཉིན་ཞིག་ལ། རྒན་རྒོན་གཉིས་ཀས་འཚོ་བའི་ཕྱོགས་ལ་ལབ་གླེང་བྱེད་བཞིན་པའི་སྐབས་དེར། བྱི་ལས་ཁྱི་ཕྲུག་གྲོགས་སུ་བཀུག་སྟེ་ཁ་ཟས་འཚོ་དུ་སོང་། རྣམ་རྒྱུན་ཁྱི་དང་བྱི་ལ་གཉིས་ཀ་ཉི་མར་ལྡེས་ནས་ཕན་ཚུན་ལ་དགའ་བའི་གླེང་མོ་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། གཅིག་གིས་གཅིག་གི་ངོ་ལ་འཕྲུག་རེས་བྱེད་པའི་ཚུལ་དེ་མཐོང་ཚེ་འདི་ལྟ་བའི་འགྲུག་མཐུན་ཞིག་ཡོང་དཀའ་བ་རེད་སྙམ།
བྱི་ལས་ཁྱི་ཕྲུག་ལ། འུ་ཚང་ནས་ངེད་གཉིས་ལོ་མང་བོའི་ཟ་ལྷག་འཐུང་ལྷག་ཁོ་ན་ཟོས་ནས་བསྡད་པས། ཟ་མ་ཞུམ་པོ་ཞིག་ཟ་མ་ཐུབ་པ་རེད།ད་ཁྱིམ་མཚེས་ཚང་ལ་ཟ་མ་ཞུམ་པོ་ཞིག་རྐུ་རུ་འགྲོ་ཞེས་བཤད་དུས། ཁྱི་ཕྲུག་དགའ་ཐག་ཆོད་ནས་བྱི་ལའི་རྗེས་ལ་བརྒྱུགས་སོང་།
དེ་ནས་ཁོང་གཉིས་ཁྱིམ་མཚེས་ཚང་གི་སྒོ་ཁར་བསླེབ་ཚེ། བྱི་ལས་ཁྱི་ཕྲུག་ལ། གྲོགས་པོ་ཁྱོད་ཀྱིས་འདི་ནས་སོ་ལྟ་བྱོས། ང་ནང་དུ་སོང་ནས་ཟས་ཞིམ་པོ་ཞིག་བརྐུ་འེ་ཐུབ་བལྟ་ཞེས་བཤད། དེ་ནས་ཁྱི་ཕྲུག་སྒོ་རྩར་ཉལ་ནས་བསྡད། དུས་ཡུན་རིང་བོ་མ་འགོར་བར་བྱི་ལ་ལག་སྟོང་དུ་ཕྱིར་ཐོན། ཁྱི་ཕྲུག་གིས་ཁྱོད་ཀྱི་མཆུ་ཏོའི་ཐོག་ལ་འོ་མ་འགོས་འདུག ང་ལ་འོ་མ་བཟུང་ནས་མ་འོང་བ་ག་རེ་ཡིན་ཞེས་དྲིས། བྱིས་ལས་འོ་མ་འོ་ཟེའུ་ནང་ན་ཡོད་པས་ཁྱེར་ནས་ཡོང་ཐུབ། ད་ངེིད་གཉིས་འགྲོ། ཁྱིམ་མཚེས་མེད་པོ་འདི་ཚང་ནས་ཟ་མ་ཞུམ་པོ་ཞིག་མི་རྙེད་ཅེས་བཤད།
ཁྱི་ཕྲུག་གིས་དེ་ན་ད་ཐེངས་འུ་གཉིས་ཨ་ཁུ་ཕྱུག་པོ་ཚང་ལ་འགྲོ། ཁོང་ཚང་ལ་ཟ་མ་ཞིམ་པོ་རེ་ཡོད་པ་ཁོ་ཐག་ཡིན། ཞེས་ཆུ་ཁུང་ནས་ཡར་ནང་དུ་འཛུལ་ནས་ཟ་མ་ཞིམ་པོ་ཞིག་བཙལ་གྱང་མ་རྙེད་པ་རེད། སྐབས་དེར་བྱི་ལས་བྱི་བ་ཞིག་བཟུང་ཡོང་ནས། ཡ་ཁྱི་ཕྲུག་འདིར་ཤོག འུ་གཉིས་ཀྱིས་བྱི་ཤ་འདི་མཉམ་ཟ་བྱེད་ཅེས་བཤད།
ཁྱི་ཕྲུག་གིས་སྣ་གཉེར་ཏེ། ངས་ཤ་འདི་མི་ཟ་སེམས་ཐག་ཡིན། ཤ་འདི་ནི་སྐྱུག་བྲོ་བ་ཞིག་རེད། ཁྱོས་ཀྱི་ང་ལ་ཟ་མ་ཞིམ་པོ་ཞིག་བཙལ་རོགས་མི་བྱེད་པར། མགོ་བསྐོར་གཏོང་དགོས་པ་འདི་ག་རེ་རེད་ཅེས་བཤད་ཞོར་ལ་ཕྱིར་བུད་སོང་།ཕྱི་ནས་ཁྱི་ཕྲུག་བྱི་ལ་མཉམ་དུ་ཟས་རྐུ་བར་མ་སོང་བར་ཡུལ་ནས་བསྡད་པ་རེད། བྱི་ལས་ཁྱིམ་མཚེས་ཀྱིས་ལུག་བཤས་པའི་གྲོད་པུ་ཞིག་བརྐུས་ཏེ་ཟ་བར་རྩོམ་པའི་ཚེ། ཁྱི་ཕྲུག་གིས་ཁོའི་ལག་ནས་འཕྲོག་སྟེ། ངས་ཉིན་གཉིས་ལ་ཟ་མ་ཟོས་མེད་པས། ཁྱོད་ཀྱིས་ང་ལ་ངོམས་པ་ཡིན་ནམ། ཞེས་བཤད་བཞིན་ཁོ་རང་གིས་ཟོས།
བྱི་ལས་འདི་ནི་ངས་བཙལ་བའི་རྒྱུ་ཡིན་པས། ཁྱོད་ཀྱིས་ཟ་ན་མི་ཆོག ང་ལ་ཕྱིར་སྤྲོད། ཁྱོད་རང་ལྟོགས་ན་ཁྱོད་རང་ཟ་མ་འཚོལ་དུ་སོང་ཞེས་རྩོད་དེ་འཕྲོག་རེས་བྱས་པ་དང་། མཐར་ཕན་ཚུན་ལ་ཁ་ཡང་མི་གྲགས་པར་རང་རང་གི་སར་བསྡད། རྒན་རྒོན་གཉིས་ཀྱིས་གཟི་ཇི་ལྟར་བཤད་ཀྱང་འགྲིག་ཐབས་མ་བྱུང་།
དེ་ནས་བྱི་ལར་རྒན་པོས་བདག་སྐྱོང་བྱས་ནས་ཚ་ཐབས་སྟེང་ལ་བཞག ཁྱི་ཕྲུག་ལ་རྒན་མོས་གཉོར་སྐྱོང་བྱས་ནས་སྒོ་སྲུང་དུ་བཅུགས། དེ་ནས་བཟུང་ཁྱི་དང་བྱི་ལ་གཉིས་དགྲ་ཟླ་རུ་གྱུར་ཏེ་ཁྱོན་ནས་འཁོན་འཛིང་མ་ཞི་བ་རེད།
༄༅།། ར་མ་བློ་གྲོས་ཅན་དང་སྤྱང་ཀི།
སྔོན་ཁྱིམ་བདག་ཞིག་ལ་ར་ཕོ་ཞིག་ཡོད་པ་དེ་ཡུལ་ལྷའི་སྒོ་ཟོག་ཏུ་ཕུལ་ནས་ལྷ་རྒྱལ་རི་བོའི་རྩེ་རུ་བཏང་། ར་ཕོས་ཉིན་མོ་རི་མགོ་ནས་རྩྭ་ཟོས་ཤིང་མཚན་མོ་ཞོལ་དུ་བབས་ནས་ཆུ་འཐུང་བཞིན་ཉིན་མཚན་འདས། ཉིན་ཞིག་རི་ཞོལ་གྱི་གྲམ་ཆུའི་ཁ་ནས་སྤྱང་ལྟོགས་ཤིག་ལ་འཕྲད་སོང་། ར་ཕོས་སེམས་ལ་དེ་རིང་སྤྱང་ལྟོགས་འདིས་བདག་ཟ་ངེས་སུ་གྱུར་ཡང་། བདག་གིས་ནུས་ཚོད་ཀྱིས་ཕར་རྒོལ་བྱ་དགོས་སྙམ་ནས་རྭ་ཅོ་གཉིས་སྤྱང་ཀིར་གཏན་ནས་བསྡད།
དེ་དུས་སྤྱང་ཀི་ཡང་ཅུང་ཧད་པར་གྱུར་ནས་འཛུམ་དམུལ་དམུལ་གྱིས། ར་ཕོ་ལགས། ཁྱོད་ཀྱི་མགོ་ལ་སྲ་མཁྲེགས་རྡོ་རྗེ་རྩེ་བརྒྱ་ལྟ་བུ་ཞིག་ཡོད་པ་དེ་ཅི་རེད། ཞེས་དྲིས་པ་ན། ར་ཕོས་རྫིག་ཉམས་ཆེན་པོས། འདི་ནི་ལྷ་ཚངས་པས་གནང་བའི་གཅན་གཟན་འགོག་བྱེད་ཀྱི་རྡོ་རྗེ་རྭ་ཅོ་ཡིན་ཞེས་ཟེར། སྤྱང་ཀིས་རྭ་ཅོ་དེའི་སྟོབས་ཆེ་ཆུང་ཅི་འདྲ་འདུག ཁྱོད་ཀྱིས་ང་ལ་བསྟན་ན་ཆོག་གམ། ཞེས་ཟེར། ར་ཕོས། འོ། ཁྱོད་དེ་རུ་སྡོད་དང་ངས་ཁྱོད་ལ་བསྟན་ཆོག་ཟེར་ནས། རྒྱང་རིང་ནས་རྒྱུག་འོང་སྟེ་སྤྱང་ཀིར་གཅིག་རྡུང་བས་སྤྱང་ཀིའི་གསུས་འོག་ནས་ཤོར་བར་གྱུར་པ་ན། ཨ་ཁ། ད་ཐེངས་དམའ་སོང་། ད་ཐེངས་དམའ་སོང་ཟེར།
དེ་ནས་ར་མས། ཡ། ད་ངས་ཡང་བསྐྱར་ཐེངས་གཅིག་རྡུང་ཟེར། སྤྱང་ཀི་སྔར་ལྟར་བསྡད་པ་ལ། ར་ཕོ་རྒྱང་རིང་ནས་རྒྱུག་འོང་ནས་རྡུང་བ་ལ་སྤྱང་ཀིའི་ཐོག་ནས་ཕར་ཤོར། ཨ་ཁ། ད་ཐེངས་མཐོ་དྲགས་སོང་།ངས་སླར་ཡང་གཅིག་རྡོང་བར་བྱ། ཐེངས་འདིར་མི་མཐོ་མི་དམའ་བར་བརྡུང་བར་བྱ། ཞེས་པ་ན། སྤྱང་ཀི་ར་ཕོའི་རྡུང་ཤོམ་ལ་བལྟས་ནས་སྐྲག་སྟེ་དོན་དག་ཅིག་ལ་ཁ་གཡར་ནས་གཡོལ།
སྤྱང་ཀིས་ཆུ་བོ་དེར་བརྒལ་ནས་ཕྱིར་མིག་ཅིག་བལྟས་ཚེ། ར་ཕོས་བག་ཕེབས་ཀྱི་ངང་ཆུ་འཐུང་རྗེས་རྭ་ཅོ་ཕ་བོང་ཞིག་ལ་གཏད་ནས་ཉལ་འདུག་པ་མཐོང་བས། ཡང་ཁོར་ར་ཤ་ཟ་བའི་འགྲམ་ཆུ་འཁོར་ནས་ཕྱིར་ཡོང་བ་ན། ར་ཕོས། སྤྱང་ཀི་ལགས། ཁྱོད་ཏོག་ཙམ་སྡོད་དང་། ངས་རྭ་ཅོ་ཕ་བོང་ལ་བརྡར་རྗེས་ཁྱོད་ལ་རྩལ་སྟོབས་ཤིག་ངོམ། ཞེས་པ་ན། སྤྱང་ཀི་མཆོང་རྒྱུག་འདུར་གསུམ་གྱིས་རྒྱང་རིང་གི་ཡུལ་དུ་བྲོས་སོང་ངོ། དེ་ལྟར་ར་ཕོས་རང་གི་བློ་གྲོས་ལ་བརྟེན་ནས་སྤྱང་ལྟོགས་དེའི་ཁ་ནས་ཐར་བར་གྱུར།
རྒྱུ་ནོར་གྱི་མནར་གཅོད།
གནའ་སྔ་མོར་ཞིག་ལ་ཚོང་དཔོན་བཀྲ་ཤིས་ཟེར་བ་ཞིག་ཡོད། ཁོ་ལ་རྟ་ནོར་ལུག་གསུམ་མང་བས་རི་ལུང་བ་ཚང་མ་ཁེབས་ནས་འདུག། ཁོའི་ས་ཞིང་ནི་ཡངས་པའི་རྩ་ཐང་ལས་ཀྱང་ཆེ། ཁོ་ལ་གཡོག་པོ་གཡོག་མོ་སྟོང་ཕྲག་ལས་ཀྱང་བརྒལ། ཁང་བར་ཐོག་བརྩེགས་དགུ་ཡོད་པ་དང་། བརྗིད་ཆགས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པ་རེད། ཡིན་ནའང་ཚོང་དཔོན་བཀྲ་ཤིས་ཀྱི་འདོད་པ་ནི་དུང་ཞབས་མེད་ཅིག་དང་མཚོངས་པར། གནམ་འོག་གི་རྒྱུ་ནོར་ཚང་མ་ཁོ་ལ་ཐོབ་ན་ཅི་མ་རུང་བསམ་ནས། ཧམ་སེམས་ཀྱི་རྒྱུ་མ་འགུལ་བཞིན་བསྡོད་ཀྱི་ཡོད་པ་རེད།
ཁོའི་ལུས་ཁོམ་ན་ཡང་སེམས་མི་ཁོམ་པར། རྟག་ཏུ་རྒྱུ་སྒྲུབ་སྟངས་ལ་བསམ་བློ་བཏང་དྲགས་པས། ཟས་ཞིམ་པོ་བཟའ་མི་འདོད་པ་དང་གོས་ཡག་པོ་གྱོན་མི་འདོད་པ་ཞིག་ཏུ་གྱུར་བ་དང་། ནུབ་མོར་གཉིད་སྐྱིད་པོ་ཞིག་གྱང་ཁུག་མི་ཐུབ་པར་གྱུར། མཐར་ཁོའི་ལུས་པོ་ཇེ་སྐམ་ནས་ཇེ་སྐམ་དུ་གྱུར་ནས་སྤྲེའུ་ཞིག་དང་མཚུངས་པར་གྱུར།
དེ་དུས་ཁོ་ཚང་གི་ཉེ་འདབས་སུ་རང་འཐག་ཞིག་ཡོད་པ་ལ། རང་འཐག་དེ་འཐག་མཁན་གཡོག་མོ་ལོ་བཅོ་བརྒྱད་བཅུ་དགུར་སོན་པ་མ་ཐག་པ་ཞིག་ཡོད་རེད། ཁོ་མོས་ཉིན་གང་པོར་རྩམ་པ་འཐག་ནའང་ངལ་གསོ་སྐར་ཆ་གཅིག་ལ་བྱེད་ཁོམ་མ་བྱུང་ནའང་། ཁོ་མོར་ཐོབ་པ་ནི་ཇ་ཐུན་གསུམ་ལ་རྩམ་རྐྱང་ཞིག་ལས་མེད། འོན་གྱང་ཁོ་མོས་གླུ་ཁོ་ན་བླངས་ནས་འདུག་པ་ལས་གཞན་བསམ་རྒྱུ་ཅང་མེད་པ་རེད། ཚོང་དཔོན་བཀྲ་ཤིས་ཀྱིས་རྟག་པར་ཉིན་རེའི་ཡོང་སྒོ་དང་འགྲོ་སོང་རྩིས་བརྒྱབ་ནས་མི་ཁོམ་པར་ཡོད་དུས། སྒེའུ་ཁུང་ནས་གཡོག་མོ་སྐྱིད་པོ་དེ་མཐོང་གི་ཡོད་པ་དང་། མོས་བླངས་པའི་གླུ་སྒྲ་དང་དགོད་སྒྲ་ཐོས་འོང་གི་ཡོད་པ་རེད།
ཉིན་ཞིག་ཚོང་དཔོན་བཀྲ་ཤིས་ཀྱི་སེམས་ལ། ང་ལ་རྒྱུ་ཕྱུག་ལོང་སྤྱོད་འདི་འདྲ་ཡོད་ནའང་། ཐོབ་བྱའི་འབྲས་བུ་སེམས་སྡུག་ཁོ་ན་རེད། གཡོག་མོ་འདི་ལ་རྒྱུ་ཁབ་སྐུད་ཙམ་ཡང་མེད་ཀྱང་། མོ་འདི་འདྲའི་དགའ་དགོས་དོན་ག་རེད་ཡིན་ནམ། མོའི་ནང་དུ་ངེས་པར་དུ་སོང་ནས་ལྟ་དགོས་ཞེས་ཁེར་བཤད་བྱས་ཏེ་ཁང་བའི་སྒོར་བུད། དེ་ནས་ཚོང་དཔོན་བཀྲི་ཤིས་ཀྱིས་གཡོག་མོའི་འདུག་སའི་ཁང་བའི་སྒོ་གསང་ནས་ཡར་ནང་ལ་བལྟས་ཚེ། གཡོག་མོ་དེས་ལྭ་བ་ལྷན་པ་དགུ་བརྩེགས་ཅན་ཞིག་གྱོན་པ་ཡོད་པ་དང་། ལྷམ་གྱི་སྣ་སྣེ་ཐེད་དེ་རྐང་བའི་འཛུམ་མོ་རྣམས་ཀྱི་ཕྱིར་མངོན་འདུག ཡིན་ཡང་མོའི་སེམས་ལ་མ་སྐྱིད་པ་གང་ཡང་མེད་པར་གླུ་ཆུང་ཞིག་བླངས་ནས་བསྡད་ཡོད་པ་མཐོང་།
ཕྱི་ཉིན་ཚོང་དཔོན་བཀྲ་ཤིས་ཀྱིས་མོར་བརྟགས་ཕྱིར། གསེར་རྡོག་འགའ་གཡོག་མོའི་སྒོ་དྲུང་དུ་བཞག་ནས་ཐག་རིང་ས་ཞིག་ནས་བལྟས་བསྡད་པ་ན། གཡོག་མོས་གླུ་ལེན་ཞོར་དུ་ཡོང་ནས་གསེར་རྡོག་དེ་མཐོང་བ་ན། ཡར་ལྟ་མར་ལྟ་འགའ་བྱས་རྗེས། མི་གཅིག་ཀྱང་མ་མཐོང་བས་དངུལ་དེ་རང་གི་རུམ་ལ་བཅུག ཉིན་དེ་ནས་བཟུང་གཡོག་མོས་རང་འཐག་འཐག་དུས་དང་། ལམ་དུ་འགྲོ་སྐབས། དགོང་མོ་ཉལ་སྐབས་དང་ཟ་མ་ཟ་སྐབས་ནམ་ཡིན་ཡང་། ངའི་དངུས་འདི་བཙོང་ན་ཡིན་ཐང་ཅི་ཙམ་ཡོད་དམ། དངོས་པོ་ཅི་ཞིག་ཉོའམ་ལ་སོགས་པའི་བསམ་བློ་ཁོ་ན་བཏང་ནས། གླུ་ལེན་པ་དང་གད་མོ་བགོད་པ་སོགས་མེད་པར་གྱུར།
དེ་ནས་ཚོང་དཔོན་བཀྲ་ཤིས་གཉིད་ལས་སད་པ་བཞིན། ཨོ། འཇིག་རྟེན་འདི་ན་ལུས་སེམས་མི་བདེ་བར་བྱེད་མཁན་ནི་རྒྱུ་ནོར་བསམ་ནག་དེ་རེད་བསམ་ནས། རྒྱུ་ནོར་རྣམས་དབུལ་འཕོངས་ལ་སྦྱིན་པ་བཏང་། འཚོ་བ་སྟབས་བདེ་ཞིག་བསྐྱལ་ནས་བསྡད་པ་རེད།

Subscribe to:
Post Comments (Atom)
1 comments:
ཨེ་མ་ཧོ་རིག་མཛོད་ཀྱི་དྲ་བདག་ལགས་སུ་ཞུ་གསོལ། སྐུ་ཉིད་ཀྱིས་གཡག་རྒོད་དྲ་ཚིགས་ནས་ཐད་ཀར་པར་བཤུས་བྱས་ཏེ་བྱིས་སྒྲུང་དང་རི་མོ་སོགས་འབྲེལ་བཤད་གང་ཡང་མེད་པར་དྲ་གནས་འདིར་བཀོད་འདུག། གཡག་རྒོད་དྲ་ཚིགས་སུ་བཀོད་པའི་བརྩམས་སྒྲུང་དང་། རི་མོ་སོགས་རྒྱལ་སྤྱིའི་དཔར་དབང་གི་ཁྲིམས་ལུགས་ལྟར་སྲུང་སྐྱོབས་བྱས་ཡོད་པས། གཡག་རྒོད་དྲ་བདག་དང་རི་མོ་བ། རྩོམ་པ་པོ་སོགས་ཀྱི་དགོངས་འཁྲོལ་མེད་པར་གང་བྱུར་པར་བཤུས་བྱེད་ཆོག་གི་མ་རེད། གལ་ཏེ་གཡག་རྒོད་དྲ་ཚིགས་སུ་ཡོད་པའི་བྱིས་སྒྲུང་རྣམས་ཁྱབ་སྤེལ་བྱེད་འདོད་ཡོད་པ་ཡིན་ན། གཡག་རྒོད་དྲ་བྱང་འདི www.wildyaks.com སྐུ་ཉིད་ཀྱི་དྲ་བར་མཐུད་ན་མཐུས་ལ་དགའ་བསུ་ཡོད།
གཡག་རྒོད་དྲ་ཚིགས་ཀྱི་ལས་བྱེད་པ་རྔ་བ་མཁས་གྲུབ་གྱིས་སྤྱི་ལོ ༢༠༡༢ ལོའི ཟླ་བ ༡༢ བའི ཚེས་༡ ལ།
Post a Comment