དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 18 September 2012
༄༅།། ཟ་རྔམ་ཅན་གྱི་སྤྱང་ཀི།
ཉིན་ཞིག་ལ། ཨ་ཁུ་སྤྱང་ཀི་ཕོ་བ་ལྟོགས་ནས་ཟས་འཚོལ་བར་འགྲོ་སྐབས་ལམ་བར་དུ་རྟ་རྒན་ཞིག་འདམ་ལ་ཟུག་འདུག་པ་མཐོང་ནས་སྤྱང་ཀིས་ད་ནི་ཟ་རྒྱུ་ཞིག་རག་སོང་བསམ་བཞིན་ཧ་ཅང་དགའ་སྟེ། ཨ་རོགས་རྟ་རྒན་དེ་རིང་ངས་ཁྱེད་རང་ཟ་རྒྱུ་ཡིན་ཞེས་ཁ་ཆེན་པོ་ཞིག་གདང་བཞིན་ཟ་གྲབས་བྱེད་དུས། རྟ་རྒན་གྱིས་བསམ་བློ་ཞིབ་མོ་ཞིག་གཏོང་བཞིན་སྤྱང་ཀི་ལ། ཨ་ཁུ་སྤྱང་ཀི་ལགས། ངའི་རྐང་ལག་ཚང་མ་་འདམ་དུ་ཟུག་ཡོད་པས་ལུས་ཡོངས་ལ་འདམ་བག་འགོས་འདུག ད་ལྟ་ཟས་ན་ཤ་ལ་འདམ་དྲི་བྲོ་བས་ཤ་ཞིམ་པོ་ཡོད་པ་མ་རེད། དེ་བས་ཕྱིར་འདམ་ཁར་བླངས་ནས་ཉི་མར་སྐམ་རྗེས་ཟས་ན། ད་གཟོད་ཤ་ཡང་ཞིམ་པོ་ཡིན་སྲིད་ཅེས་ལབ་དུས། ཨ་ཁུ་སྤྱང་ཀིས་དེ་བདེན་པར་སྙམ་ནས། ཡ་ཡ། དེ་ཡང་མི་ཆོག་རྒྱུ་མི་འདུག འོ་ན་ངས་ཁྱེད་རང་འདམ་ཁར་བླངས་ནས་ཉི་མར་སྐམ་རྗེས། ཟ་རྒྱུ་ཡིན་ཟེར་བཞིན་རྟ་རྒན་འདམ་ཁར་བླངས་ནས་ཉི་མར་སྐམ་དུ་བཅུག
ཅུང་ཙམ་འགོར་རྗེས་སྤྱང་ཀིས་ཡང་བསྐྱར་ཨ་རོགས་རྟ་རྒན་ལགས། ད་ཁྱེད་རང་ཉི་མས་སྐམ་འདུག་གམ། ང་ཧ་ཅང་ལྟོགས་ཀྱིན་འདུག་ཞེས་ལབ་བཞིན་མཆེ་བ་གཙིགས་ནས་ཟ་གྲབས་བྱེད་དུས། རྟ་རྒན་གྱིས་ཡང་བསྐྱུར་བསམ་བློ་ཞིབ་མོ་ཞིག་བཏང་ནས་བཤད་རྒྱུར། ཨ་ཁུ་སྤྱང་ཀི་ལགས། ད་ནི་ཁྱེད་ཀྱིས་ང་རང་ཟས་ཆོག་མོད། འོན་ཀྱང་ང་མ་ཤི་སྔོན་དུ་ཁྱེད་ལ་རེ་བ་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད་པས་དེ་ཁྱེད་ཀྱིས་དང་ལེན་བྱེད་སྲིད་དམ། ཞེས་བཤད་དུས། སྤྱང་ཀིས་ཡ་ཡ། མགྱོགས་པོར་རེ་བ་ཅི་ཞིག་ཡོད་ན་ཤོད་དང་ངས་བསྒྲུབ་ཆོག་ཅེས་ཅུང་སུན་སྣང་གིས་བཤད།
སྐབས་དེར་རྟ་རྒན་གྱིས་ཨ་ཁུ་སྤྱང་ཀི་ལགས། ངས་གོ་ཐོས་ཡིན་ན་ཁྱེད་ཚང་ཧ་ཅང་མཁས་པ་ཆེན་པོ་ཡིན་ཚོད་འདུག། དེ་བས་ངའི་རྨིག་མཐིལ་ན་ཡི་གེ་ཞིག་ཡོད། ཁྱེད་ཀྱིས་དེ་ཀློག་རྗེས་སུ་ང་རང་ཟ་རོགས་ཞུ་ཞེས་ཅུང་གཟབ་ནན་གྱིས་བཤད། སྐབས་དེར་སྤྱང་ཀིས་ཡ་ཡ་མགྱོགས་པོར་རྐང་མཐིལ་སྟོན་དང་། ངས་ཀློག་གི་ཡིན་ཟེར། དུས་དེར་སྤྱང་ཀི་མགོ་ཐུར་དུ་སྒུར་ནས་རྟ་རྒན་གྱི་རྨིག་ངོས་ལ་ལྟ་བཞིན་པའི་སྐབས་སུ་རྟ་རྒན་གྱིས་ཤུགས་གང་ཡོད་བཏོན་ནས་སྤྱང་ཀིའི་དཔྲལ་བའི་དཀྱིལ་ལ་ཕྲ་ཞིག་བརྒྱབས་པས། སྤྱང་ཀི་དེ་མ་ཐག་དྲན་མེད་དུ་བརྒྱལ་སོང་བ་རེད།
སྐབས་དེར་རྟ་རྒན་གྱིས།
རྟ་རྒན་འདམ་ནས་ལེན་པའི་ཨ་ཁུ་སྤྱང་ཀི་དྲིན་ཅན་པོ།།
གཞན་གྱི་ཤ་ལ་རྔམ་པའི་ཨ་ཁུ་སྤྱང་ཀི་བདའ་རྒན་པོ།།
རྨིག་ངོའི་ཡི་གེ་ཀློག་པའི་ཨ་ཁུ་སྤྱང་ཀི་མཁས་པ་བོ།།
འགྲམ་པ་གཡས་སུ་རྫོགས་པའི་ཨ་ཁུ་སྤྱང་ཀི་ལས་ངན་པོ།།
ཞེས་གླུ་ཆུང་ཞིག་ལེན་ཞོར་ལམ་དུ་ཆས་སོང་ངོ། །
༄༅།། འུད་ཤོབ་ཆེ་བའི་བྱི་ལ་ཞིག་ཡོད་པ་དེས་ཉིན་ཞིག་བྱི་བ་ཞིག་བཟུང་བ་རེད། ཡིན་ཡང་ཁོས་གཟབ་གཟབ་མ་བྱས་པས་བྱི་བ་དེ་ལག་ནས་ཤོར་སོང་བ་རེད། ཁོས་བཤད་རྒྱུར། བྱི་བ་དེ་ཆུང་དྲག་ཞིང་དེ་ལ་ཟ་རིན་མེད་པས། ངས་བསམ་བཞིན་དུ་བཏང་བ་ཡིན། ཁོ་ཆེན་པོ་ཆགས་རྗེས་ད་གཟོད་འཛིན་རྒྱུ་ཡིན་ཞེས་ལབ་བརྒྱབ་པ་རེད།
༄༅།། འུད་ཤོབ་ཆེ་བའི་བྱི་ལ་ཞིག་ཡོད་པ་དེས་ཉིན་ཞིག་བྱི་བ་ཞིག་བཟུང་བ་རེད། ཡིན་ཡང་ཁོས་གཟབ་གཟབ་མ་བྱས་པས་བྱི་བ་དེ་ལག་ནས་ཤོར་སོང་བ་རེད། ཁོས་བཤད་རྒྱུར། བྱི་བ་དེ་ཆུང་དྲག་ཞིང་དེ་ལ་ཟ་རིན་མེད་པས། ངས་བསམ་བཞིན་དུ་བཏང་བ་ཡིན། ཁོ་ཆེན་པོ་ཆགས་རྗེས་ད་གཟོད་འཛིན་རྒྱུ་ཡིན་ཞེས་ལབ་བརྒྱབ་པ་རེད།
ཡང་ཉིན་ཞིག་ལ། བྱི་ལ་དེ་ཆུ་ཁར་ཉ་འཛིན་དུ་སོང་དུས། གློ་བུར་དུ་ཉ་ཞིག་གི་རྔ་མས་ཁོའི་ངོ་གདོང་དུ་གཅིག་གཤོས་ནས། བཟོད་དཀའ་བའོ་ན་ཟུག་སྐྱེས་ནའང་། ངོ་གདོང་ནས་བཅོས་མའི་འཛུམ་ཞིག་བསྟན་ནས་བཤད་རྒྱུར། ངའི་དང་པོ་ཉིད་ནས་ཉ་དེ་འཛིན་བསམ་མེད། ཁོའི་རྔ་མ་བཀོལ་ནས་གདོང་འཁྲུད་བསམ་པ་རང་ཡིན་ཞེས་ལབ་བརྒྱབ་པ་རེད།
ཐེངས་ཤིག་ལ། བྱི་ལ་ལབ་རྒན་དེ་འདམ་ནར་དུ་མར་ཟུག་ནས་དངས་སྐྲག་ཆེན་པོ་སྐྱེས་ནས་ཡོད་དུས། ར་མ་ཞིག་གིས་ཁོ་ཡར་འཐེན་ཏེ་སྐྱབས་པ་རེད། བཀའ་དྲིན་ཆེ་ཞུ་བའི་ཚབ་དུ་ཁོས་ར་མ་ལ་བཤད་རྒྱུར། ཁྱོས་ང་འདམ་དུ་ལྷུང་འདུག་བསམ་བྱུང་ངམ། ངའི་ལུས་སྟེང་དུ་ལྗི་བ་ཧ་ཅང་མང་བས་ན། འདམ་གྱིས་ལུས་འཁྲུད་པའི་ཐབས་ལམ་འདི་བཀོལ་བ་ཡིན་ཞེས་ལབ་བརྒྱབ་པ་རེད།
ཡང་ཐེངས་ཤིག་ལ། བྱ་ལ་ལབ་རྒན་དེས་གཟབ་གཟབ་མ་བྱས་པར་ཆུ་ནང་དུ་ལྷུང་ནས་ཡོད་དུས། ཆུ་བྱ་ཞིག་གིས་གཤོང་སྟེང་ལ་བླངས་ནས་སྐྱབས་པ་རེད། ཁོས་རྫིག་རྫིག་མདོག་མདོག་གིས་བཤད་རྒྱུར། ཁྱོས་ང་ཉེན་ཁར་ཐུག་འདུག་བསམ་བྱུང་ངམ། གཏན་ནས་མིན། ངས་ཆུ་ནང་དུ་གར་རྩེད་བྱས་བསྡད་པ་ཡིན་ཞེས་ལབ་བརྒྱབ་པ་རེད། དེ་ནས་བྱི་ལ་ལབ་རྒན་གྱི་ལོ་རྒྱུས་གཅིག་ནས་གཅིག་བརྒྱུད་དེ། སྲོག་ཆགས་ཡོད་ཚད་ཀྱིས་གོ་སོང་བ་དང་། དེ་ནས་བཟུང་ཁོ་ལ་རོགས་པ་བྱེད་གཅིག་གྱང་མ་བྱུང་བ་དང་། གྲོགས་མེད་ཁེར་རྐྱང་དུ་ལུས་པ་རེད།
Subscribe to:
Post Comments (Atom)
1 comments:
ཨེ་མ་ཧོ་རིག་མཛོད་ཀྱི་དྲ་བདག་ལགས་སུ་ཞུ་གསོལ། སྐུ་ཉིད་ཀྱིས་གཡག་རྒོད་དྲ་ཚིགས་ནས་ཐད་ཀར་པར་བཤུས་བྱས་ཏེ་བྱིས་སྒྲུང་དང་རི་མོ་སོགས་འབྲེལ་བཤད་གང་ཡང་མེད་པར་དྲ་གནས་འདིར་བཀོད་འདུག། གཡག་རྒོད་དྲ་ཚིགས་སུ་བཀོད་པའི་བརྩམས་སྒྲུང་དང་། རི་མོ་སོགས་རྒྱལ་སྤྱིའི་དཔར་དབང་གི་ཁྲིམས་ལུགས་ལྟར་སྲུང་སྐྱོབས་བྱས་ཡོད་པས། གཡག་རྒོད་དྲ་བདག་དང་རི་མོ་བ། རྩོམ་པ་པོ་སོགས་ཀྱི་དགོངས་འཁྲོལ་མེད་པར་གང་བྱུར་པར་བཤུས་བྱེད་ཆོག་གི་མ་རེད། གལ་ཏེ་གཡག་རྒོད་དྲ་ཚིགས་སུ་ཡོད་པའི་བྱིས་སྒྲུང་རྣམས་ཁྱབ་སྤེལ་བྱེད་འདོད་ཡོད་པ་ཡིན་ན། གཡག་རྒོད་དྲ་བྱང་འདི www.wildyaks.com སྐུ་ཉིད་ཀྱི་དྲ་བར་མཐུད་ན་མཐུས་ལ་དགའ་བསུ་ཡོད།
གཡག་རྒོད་དྲ་ཚིགས་ཀྱི་ལས་བྱེད་པ་རྔ་བ་མཁས་གྲུབ་གྱིས་སྤྱི་ལོ ༢༠༡༢ ལོའི ཟླ་བ ༡༢ བའི ཚེས་༡ ལ།
Post a Comment