དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 1 October 2012

༄༅། །བླ་མ་དམ་པའི་མཆོད་སྦྱིན། །
 

 ཕཊ།

 ཕྱི་མཆོད་ཕུང་པོ་གཟན་དུ་སྦྱིན། །

ནང་མཆོད་བདག་འཛིན་རྩ་ནས་གཅོད། །

གསང་མཆོད་རིག་འཛིན་རྒྱལ་ས་ཟིན། །

ཡང་མཆོད་ཀུན་བཟང་ཕྱག་རྒྱ་འབུལ། །

ཨེ་མ་ཧོཿ

དཀར་གསལ་གངས་ཀྱི་རི་ལྟར་ལྷམ་མེར་གསལ། །

ཚེ་སྲོག་མི་འཇིགས་སྐྱབས་ཀྱི་སྦྱིན་པ་གནང་། །

བདེ་སྟོན་དོན་གྱི་རང་ངོ་སྤྲོད་མཛད་མ། །

རྗེ་བཙུན་སྒྲོན་མ་དཀར་མོར་གུས་ཕྱག་འཚལ། །

ཀྱེ་ཀྱེེ། །

ལྷ་སྲས་དགྲ་ལྷའི་བདེ་སྟོང་བསྐྱེད་པའི་གྲོགས། །

དར་བཟའ་ཆོས་སྒྲོན་ཐབས་ཤེས་མདའ་གཞུ་ཅན། །

གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །

ཕྱི་ནང་གསང་བའི་བར་ཆད་བསལ་དུ་གསོལ། །

ཨེ་མ་ཧོཿ

སྐྱེ་མེད་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང་། །

འགགས་མེད་འོད་གསལ་ལོངས་སྐུ་ཐུགས་རྗེ། །

དྲི་མེད་འོད་གསལ་རྒྱལ་བ་སྤྲུལ་པའི་སྐུ། །

སྐུ་གསུམ་ཀུན་འདུས་ཨ་ཡིག་ཟབ་མོས་སྐྱོབས། །

ཨེ་མ་ཧོཿ

ཉིན་མོ་རྨི་ལམ་ནང་ནས་འདི་འདྲ་མཇལ། །

ཐབས་ཤེས་བདེ་སྟོང་སྟོན་པའི་ཕྱག་རྒྱ་བཅས། །

དུས་གསུམ་སྒྲིབ་མེད་སྣང་བའི་གསལ་ཆ་དང་། །

ཆོས་ཀུན་སྟོང་ཆེན་ངང་དུ་དལ་ཅིག་ལུས། །

ཨེ་མ་ཧོཿ

ཡེ་ནས་སྤྲོས་བྲལ་རིག་པའི་ངོ་བོ་ལ། །

རང་བྱུང་ལྷུན་གྲུབ་འོད་གསལ་བདེ་བ་ཆེ། །

ཟུང་འཇུག་བདེ་གཤེགས་སྙིང་པོ་དེ་ཁོ་ནར། །

རྩལ་སྦྱར་ཨོཾ་ཨྰཿཧུྃ་གིས་མངོན་གྱུར་མཛོད།།

ཨེ་མ་ཧོཿ

སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ཚེས། །

ཁམས་གསུམ་འགྲོ་བ་འདྲེན་པའི་སྐྱབས་གཅིག་པུ། །

མཆོག་གསུམ་ཀུན་འདུས་སྟོན་པ་ཐུགས་རྗེ་ཅན། །

སྐུ་གསུམ་རྒྱལ་བའི་དབང་པོར་གུས་ཕྱག་འཚལ། །

ཨེ་མ་ཧོཿ

བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །

ཉེ་སྲས་བརྒྱད་དང་རྩ་བརྒྱུད་བླ་མ་ལ། །

གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །

ཚེ་འདི་འཕོས་མ་ཐག་ཏུ་དེ་རུ་འགྲོ། །

ཨེ་མ་ཧོཿ

ཨེ་ཝྃ་རྫོགས་ཆེན་ཆོས་ཀྱི་ཚོགས་གླིང་དུ། །

ཨོཾ་ཨྰཿཧྰུྃ་ཧྲྰིཿའི་ཆོས་འཁོར་ལེགས་པའི་དཔལ། །

ཨེ་མ་ན་གཞོན་དགྱེས་པའི་ཐོས་བསམ་སྒོམ། །

མི་ཕྱེད་དད་པ་རྡོ་རྗེ་གཤིས་སུ་བརྟན། །

ཨེ་མ་ཧོ། །

མཁྱེན་རབ་ཉི་མ་ཤར་བའི་ལྷ་རྒྱལ་ལོ། །

བརྩེ་དུང་ཟླ་བ་ཚེས་པའི་ལྷ་རྒྱལ་ལོ། །

སྨིན་གྲོལ་སྐར་ཚོགས་བཀྲ་བའི་ལྷ་རྒྱལ་ལོ། །

ལོ་ཟླ་ཞག་དུས་དགེ་བའི་ལྷ་རྒྱལ་ལོ། །

རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །

དཀོན་མཆོག་གསུམ་གྱིས་བདེན་པ་དང་། །

རྩ་གསུམ་སྲུང་མའི་བྱིན་རླབས་ཀྱིས། །

ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག

ཨེ་མ་ཧོཿ

བརྩེ་དུང་ལུགས་གཉིས་ལུ་གུ་ནང་མཐུན་བཞིན། །

བདེ་སྐྱིད་བྲོ་གར་འཁོར་འདས་སྤང་ཐང་དུ། །

རྩེད་གར་མུ་མེད་འཁྲབ་པའི་གཡང་དཀར་གཉིས། །

ནམ་ཡང་འབྲལ་བ་མེད་པའི་སྨོན་ལམ་འདེབས། །

ཨེ་མ་ཧོཿ

ཆོས་དབྱིངས་སྤྲོས་བྲལ་ཆོས་སྐུ་རྡོ་རྗེ་འཆང་། །

 ལོངས་སྤྱོད་རྫོགས་སྐུའི་འོད་སྣང་རྡོ་རྗེ་སེམས། །

 སྣ་ཚོགས་སྤྲུལ་སྐུའི་སྟོན་པ་ཤྰཀྱ་ཐུབ།

 ཡང་སྤྲུལ་སྦས་པའི་རྣལ་འབྱོར་རིག་པ་འཛིན། །

 ངེས་དོན་ཆོས་པའི་བརྟུལ་ཞུགས་འདི་ལྟར་གྱིས། །

ཨེ་མ་ཧོཿ

ཆོས་དབྱིངས་སྤྲོས་བྲལ་ཆོས་སྐུ་རྡོ་རྗེ་འཆང་། །

ལོངས་སྤྱོད་རྫོགས་སྐུའི་འོད་སྣང་རྡོ་རྗེ་སེམས། །

སྣ་ཚོགས་སྤྲུལ་སྐུའི་སྟོན་པ་ཤྰཀྱ་ཐུབ། །

ཡང་སྤྲུལ་སྦས་པའི་རྣལ་འབྱོར་རིག་པ་འཛིན། །

ངེས་དོན་ཆོས་པའི་བརྟུལ་ཞུགས་འདི་ལྟར་གྱིས། །

ཨོཾ་སྭ་སྟི། །

 སྐུ་ཚེ་བརྟན་ཅིང་ལང་ཚོ་དར་ཞིང་རྒྱས། །

 གསུང་སྙན་ཚངས་དབྱངས་རོལ་མོ་རྒྱུན་མི་ཆད། །

 ཐུགས་མཆོག་ཞི་ལྷག་ཏིང་འཛིན་ངང་གནས་པའི། །

 གངས་ལྗོངས་ཁུ་བྱུག་སྔོ་མོ་ཞབས་བརྟན་ཤོག །

ཨེ་མ་ཧོ། །

གཞི་ཆོས་དབྱིངས་གདོད་མའི་གནས་ལུགས་དོན། །

ལམ་སྙིང་པོ་མཐར་ཐུག་རྫོགས་པ་ཆེའི། །

ཚུལ་ཡང་དག་སྤྱོད་ལམ་རབ་གནས་ན། །

མཐར་རྣམ་མཁྱེན་བྲལ་སྨིན་འབྲས་བུ་མངོན། །

ཨེ་མ་ཧོཿ

ཕྱི་ལུས་རྩ་རླུང་སྦྱང་བས་ནམ་མཁར་ལྡིང་། །

སྤྱན་འདྲེན་གཤེགས་གསོལ་སྙན་པའི་རྔ་ཆེན་རྡུང་། །

ཐུགས་དམ་རྩེ་གཅིག་ཀ་ལྷུག་ཟུང་འཇུག་གིས། །

སྤྲུལ་པའི་ཟློས་གར་ལྷ་ཁང་ནང་ནས་བསྒྱུར།

ཨེ་མ་ཧོཿ

 གདོད་ནས་ཆོས་སྐུའི་དགོངས་པ་མངོན་དུ་གྱུར། །

 ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་སྒྱུ་འཕྲུལ་ངོམ། །

 སྣ་ཚོགས་སྤྲུལ་སྐུ་པདྨ་རྒྱལ་པོ་ཡིས། །

 ཀུན་ཏུ་བཀྲ་ཤིས་སྣང་བའི་བདེ་ལེགས་སྩོལ། །

ཨེ་མ་ཧོཿ

ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་དོན། །

སྐལ་ལྡན་སྙིང་གི་བསྟན་པ་སྔ་འགྱུར་བའི། །

རིང་ལུགས་འཛིན་སྐྱོང་སྤེལ་བའི་བསྟན་འཛིན་རྣམས། །

ཕྱོགས་ལས་རྣམ་རྒྱལ་འགྲོ་དོན་ལྷུན་འགྲུབ་ཤོག །

ཨེ་མ་ཧོཿ

ཁྱོད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །

ང་ཡི་སྐྱེ་སྐར་གྱི་དགའ་བདེ་ཇི་སྙེད་ཀུན། །

སྙིང་གྲོགས་དམ་པ་ཚོར་མཆོད་པར་འབུལ་ལོ། །

འགྲོ་ཀུན་བདེ་བའི་སྨོན་ལམ་ཡང་ཡང་འདེབས་ཡ། །

ཨེ་མ་ཧོཿ

 ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཁྱེན་ནོ། །

མཁྱེན་གཉིས་ཡེ་ཤེས་དབྱིངས་ལ་གསལ་སྒྲིབ་མི་མངའ། ། ཉམས་ཐག་འགྲོ་ཀུན་འདྲེན་པའི་ཐུགས་དམ་སྐུལ་ན། ། བསྟན་འགྲོའི་དོན་ཆེན་འགྲུབ་པའི་དངོས་གྲུབ་སྩོལ་ཅིག །

ཨེ་མ་ཧོཿ

ཤར་མུ་མེད་དུང་གི་བླ་མཚོ་ནས། །

ཐུགས་མཚུངས་མེད་ཡེ་ཤེས་མཁའ་འགྲོ་མས། །

བུ་དམ་ཚིག་ཅན་ལ་ཉེར་དགོངས་ནས། །

ཆོས་བཀའ་གཏེར་བདག་པོ་མཛད་པར་ངེས། །

ཨེ་མ་ཧོཿ

ཆོས་སྐུའི་ཡུམ་ཆེན་ཀུན་ཏུ་བཟང་མོ་དང་། །

ལོངས་སྤྱོད་རྫོགས་སྐུའི་ཡུམ་ཆེན་མ་མ་ཀི།

སྤྲུལ་སྐུའི་ཡུམ་ཆེན་སྒྱུ་མ་ལྷ་མཛེས་དང་། །

ཨ་མ་དྲིན་ཆེན་ཨོ་རྒྱན་སྒྲོལ་མ་སོགས། །

ཚེ་སྲོག་གཉུག་མའི་མ་ཆེན་ཀུན་པོ་མཁྱེན། །

འཁོར་འདས་བཙན་ས་ཟིན་པར་ཐུགས་རྗེས་བཟུང་། །

 

ཨེ་མ་ཧོཿ

སྣང་སྟོང་སྤྲོས་བྲལ་དབུ་མའི་ལྟ་བ་མཇལ། །

 བདེ་སྟོང་ཟུང་འཇུག་ཕྱག་རྒྱའི་སྒོམ་པ་གོམས། །

 རིག་སྟོང་དབྱེར་མེད་རྫོགས་ཆེན་སྨིན་གྲོལ་ཐོབ། །

 ཀུན་བཟང་གདོད་མའི་རྒྱལ་ས་ཕྱིན་གྱུར་ཅིག །

ཨེ་མ་ཧོཿ

དྭངས་གསལ་གངས་རིས་མཛེས་པའི་རི་རྩེ་རུ། །

ལྟ་སྒོམ་རྣམ་པར་དག་པའི་དོ་ཧ་ཆེས། །

ཆོས་མཆེད་དགྱེས་པའི་མགུར་དབྱངས་སྙན་པོའི་སྒྲས། །

སྣང་སྲིད་བདེན་པ་གཉིད་ལས་སད་པར་རྨིས། །

ཨེ་མ་ཧོ། །

ཕྱིའི་དབྱིབས་ཡེ་ཤུ་སྟོན་པའི་གཞལ་ཡས་ཁང་། །

ནང་རོལ་རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་བཤམས། །

གསང་ཆེན་དེ་ཉིད་སྒོམ་པའི་དཀྱིལ་འཁོར་དུ། །

ངེས་དོན་རྣལ་འབྱོར་ཕོ་མོ་ཉམས་རྟོགས་འཕེལ། །

ཨེ་མ་ཧོཿ

འཛམ་གླིང་གོ་ལའི་ཡངས་སྟེང་ཝ་ཡེལ་རིར། །

ཆེས་མཐོའི་གླང་ཆེན་འགྱིང་རྩེའི་ནམ་མཁའ་རུ། །

མི་འཇིགས་ཏིང་འཛིན་རྩེ་གཅིག་སྒོམ་ནུས་པ། །

གྲུབ་སྨྱོན་དགྱེས་དཔལ་རྡོ་རྗེ་ང་མིན་སུ། །

ཨེ་མ་ཧོཿ

ལྟ་བ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོར། །

 སྒོམ་པ་རིག་ངོའི་མཁྱེན་བརྩེའི་འཇའ་འོད་ཕྲེང་། །

སྤྱོད་པ་བྱང་སེམས་བཀྲ་མདངས་མ་ཉམས་ན། །

འབྲས་བུ་ཀུན་བཟང་གདོད་མའི་རྒྱལ་ས་ཐོབ། །

 ཕྱི་སྣང་འཇའ་འོད་མཛེས་པའི་སྤྲོ་སྣང་དང་། །

 ནང་རྟོག་ཤེས་རབ་འོད་གསལ་སྙིང་པོའི་སྐུ། །

 དབྱེར་མེད་རང་རིག་བདེ་བར་གཤེགས་པ་ཉིད། །

 ངེས་ཤེས་སྒྲོན་མེ་སེམས་ཀྱི་གཉུག་མ་ལགས། །

ཨེ་མ་ཧོཿ

 ཕྱི་མཛེས་འཁོར་ཡུག་སྐྱེད་ཚལ་ཡིད་དུ་འོང་། །

 ནང་གི་ལྔ་རིག་བཤད་སྒྲུབ་ཕྲིན་ལས་དར། །

གསང་བ་རང་གཞན་དོན་གཉིས་ལྷུན་གྲུབ་ཅིང་། །

 ཨེ་ཝྃ་ཆོས་སྨན་བསྟན་འགྲོའི་དཔལ་དུ་སྨོན། །

ཨེ་མ་ཧོཿ

སྙིང་གྲོགས་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི། །

བཞུགས་གནས་ཡིད་འོང་གཞལ་ཡས་ཁང་ཆེན་པོ། ། བཀའ་གཏེར་གདམས་པའི་རིག་མཛོད་དཔལ་རི་བཞིན། ། གང་བསམ་ལྷུན་གྱིས་འགྲུབ་པར་གསོལ་བ་འདེབས། །

བརྒྱུད་གསུམ་བསྟན་པའི་བཤད་སྒྲུབ་རྒྱས་གྱུར་ཅིག

ཨེ་མ་ཧོཿ

 བརྒྱུད་གསུམ་རིག་འའཛིན་བླ་མའི་ཐུགས་རྗེ་ཡིས། །

 ཀུན་བཟང་ཐུགས་ཀྱི་བསྟན་པ་རིན་པོ་ཆེ། །

 བཤད་སྒྲུབ་ཕྲིན་ལས་འཛིན་སྐྱོང་སྤེལ་བའི་མགོན། །

 སྔ་འགྱུར་རིག་འཛིན་དར་ཞིང་རྒྱས་པར་ཤོག །

ཨེ་མ་ཧོཿ

 ཀུན་བཟང་རྡོ་སེམས་དགའ་རབ་ཤྲྰིཿསེང་། །

 པདྨ་འབྱུང་གནས་པན་ཆེན་བི་མ་ལ། །

ཡེ་ཤེས་མཚོ་རྒྱལ་སངས་རྒྱས་ཡེ་ཤེས་རྩལ། །

 བརྒྱུད་གསུམ་བླ་མ་ཀུན་མཁྱེན་ཡབ་སྲས་མཁྱེན། །

 ཚེ་འདིར་འོད་སྐུར་གྲོལ་བར་ཐུགས་རྗེས་ཟུངས། །

ཨེ་མ་ཧོཿ

 བཀའ་གཏེར་ཟབ་དགུའི་སྲོལ་འབྱེད་སྔ་འགྱུར་བའི། །

 རང་ལུགས་ཐུབ་བསྟན་ཡོངས་རྫོགས་རྒྱལ་བའི་བསྟན། །

 བཤད་སྒྲུབ་ཕྲིན་ལས་འཛིན་སྐྱོང་སྤེལ་བ་ཡི། །

 ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་གྱུར་ཅིག །

ཨེ་མ་ཧོཿ

དགྲ་གྲོགས་མི་རྟག་འགྱུར་བ་ཡོད། །

རྒྱུ་ནོར་མི་རྟག་འཇིག་པ་ཡོད། །

ཆགས་སྡང་རྨོངས་གསུམ་མེད་པ་ཡི། །

གླིང་དཀར་དཔའ་རྒོད་རྒྱལ་གྱུར་ཅིག །

ཨེ་མ་ཧོཿ

 སྟོན་པའི་བཀའ་དྲིན་དྲན་བཞིན་མིག་ཆུ་བཞུར། །

 བླ་མའི་བཀའ་དྲིན་དྲན་བཞིན་གསོལ་བ་འདེབས། །

 ཡི་དམ་མཁའ་འགྲོ་ཆོས་སྐྱོང་བདེན་པ་བརྡར། །

 འགྲོ་ཁམས་སངས་རྒྱས་ཐོབ་པའི་སྨོན་ལམ་མཛད། །

ཨེ་མ་ཧོཿ

སྔོན་བྱོན་དམ་་པའི་ལྟ་སྒོམ་སེམས་ལ་གསལ། །

དེང་དུས་རིག་འཕྲུལ་བརྟག་པར་ཡིད་ཤེས་སྟོན། །

གནའ་དེང་ཟུང་དུ་འཇུག་པའི་ཐབས་ཤེས་ཀྱིས། །

བདེན་དྲང་ནང་བསྟན་རྒྱལ་བའི་རྒྱལ་མཚན་བསྒྲེངས། །

ཨེ་མ་ཧོཿ

 ལྷན་སྐྱེས་ངེས་འབྱུང་རྣལ་མའི་དྲི་བཟང་ཐུལ། །

 ལྷན་སྐྱེས་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །

 ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་བདེ་ཆེན་བརྙེས། །

 ལྷན་སྐྱེས་རིག་པའི་རྒྱལ་པོ་རྡོ་རྗེ་འཛིན། །

 རང་ངོ་རང་གིས་ཤེས་པའི་ཕོ་རྒོད་ཡིན། །

ཨེ་མ་ཧོཿ

དེ་རིང་ཉི་མ་ཤར་རིའི་རྩེ་ནས་ཤར། །

སྨུག་སྤྲིན་གོས་བཟང་གསོལ་བའི་ལྷུན་པོ་དང་། །

ནགས་ཚལ་མཛེས་ལྗོངས་འཆར་ཀའི་མདམས་སུ་ངོམས། །

ལྷག་པའི་ལྷ་མཆོག་སྐུ་མདོག་གསར་དུ་ཚེས། །

ཨེ་མ་ཧོཿ

ནང་དུ་དམར་སེར་ཆོས་གོས་གསོལ། །

བར་དུ་སྔོ་དཀར་དཔལ་གོས་གསོལ། །

ཕྱི་རོལ་གོས་དཀར་མཛེས་པ་འདི། །

གསུམ་ལྡན་འཛིན་པའི་རྟེན་འབྲེལ་ལེགས། །

ཨེ་མ་ཧོཿ

འཛམ་གླིང་རྒྱལ་སྤྱི་བྱིས་པའི་དུས་ཆེན་ལ། །

ལ་རྒྱ་ཅན་གྱི་བྱིས་པ་རིན་ཆེན་ཨ། །

ཨ་མ་དྲིན་ཆེན་གསུངས་ནས་འབོད་སྒྲ་སྒྲོག ། མི་ག་བཙུམས་ཁ་གདེངས་སྣ་གཉེར་གདུང་བའི་ཤུགས་ཀྱིས་ངུ། །

ཀྱེ་མ་ཧོ། །

ཕ་ཡུལ་མེད་པའི་ས་མཐའི་ཇ་ཁང་ནས། །

བཅོས་མའི་འཛུམ་ཕྲེང་གཤིས་བཟང་གྲོགས་ལ་ངོམས། །

རྒན་བྱིས་ན་གཞོན་མང་པོ་བར་གསེང་དུ། །

རི་དྭགས་ཁྲོད་དུ་གངས་སེང་རྒྱུ་བ་བཞིན། །

ཨེ་མ་ཧོཿ

 སྤྲོས་བྲལ་སྐྱེ་བ་མེད་པའི་རྡོ་རྗེ་ལས། །

 འོད་གསལ་ལྷུན་གྲུབ་རྡོ་རྗེའི་སྒྱུ་འཕྲུལ་གར། །

 སྣ་ཚོགས་རྡོ་རྗེའི་སྤྲུལ་པའི་སྐུ་མཆོག་ཉིད། །

 རིག་འཛིན་དཔལ་དགྱེས་རྡོ་རྗེ་རྒྱལ་གྱུར་ཅིག །

ཨེ་མ་ཧོཿ

ཕྱི་ལྟར་མཆོད་པའི་ཕུད་ཀོང་མེ་ཏོག་དཀར། །

ནང་ལྟེ་ཞག་རྩིས་མཛེས་པའི་སྙིང་གི་མཚན། །

གསང་བ་བཀའ་སྲུང་མ་གཟའ་དམ་གསུམ་གྱིས། །

དགྲ་བགེགས་སྙིང་ཁྲག་ཞལ་དུ་སྟབས་པའི་བརྡ། །

རྒྱ་བོད་འགར་སུན་སྣང་གིས་བརྗོད་པ།

 ལུས་ཀྱི་གྲིབ་མ་ལས་ཀུན་མཉམ་དུ་འགྲོག །

 ངག་གི་རང་དབང་བདེན་ཚིག་རྟག་ཏུ་སྒྲོག །

 སེམས་ཀྱི་བདེ་ཆེན་ལྷན་སྐྱེས་ཕྱག་རྒྱ་ཆེ། །

 སོར་མོའི་ཁུ་ཚུར་ནང་དུ་རང་ལ་སྐོར། །

ཨེ་མ་ཧོཿ

འཛམ་གླིང་རི་གཙང་ཆུ་དྭངས་གངས་ཅན་ཡུལ། །

ཞི་བདེའི་སྲོག་རྒྱུན་འཛིན་པའི་སྟག་གཞུང་ཆེ། །

ཤེར་སྙིང་སྒེས་སྙིང་ནོར་བུ་སྤུན་གསུམ་གྱིས། །

རྒྱན་པའི་ང་ཡི་ཕ་ཡུལ་དེ་རིང་མཇལ། །

0 comments:

ཟིན་བྲིས་འཚོལ་ཡུལ