དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 1 October 2012

ཡ་མཚན་དངོས་བྱུང་ལྟ་བུའི་ཡ་ཆེན་སྒར།
[ ཆོས]



རུ་ཤན་ལ་ཕེབས་བཞིན་པ།
ཁྱུ་མཆོག་གིས་ནི་ཁྱུ་ལྟ་བུའི། །འདུས་པའི་ཚོགས་འདི་གང་དུ་བཞུད། །


མིག་ལ་ཡང་ཡིད་ཆེས་དཀའ་བ་ཡི། ལི་ཁྲིའི་རྒྱ་མཚོ་འདི་ཅི་ཞིག །

ཆོས་ཀྱི་སྒོ་ཆེན་འདི་བརྒལ་ནས། །ཚེ་གཅིག་དོན་གྱི་སངས་རྒྱས་འཚོལ། །


དད་པའི་སྙིམས་པ་རབ་སྦྱར་བས། །རྩེ་གཅིག་གིས་ནི་དམ་ཆོས་ཉན། །
ཁམས་ཡ་ཆེན་སྒར་དུ་དེང་སང་ཟླ་བ་འདིའི་ནང་། རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའི་བཀའ་ཁྲིད་གནང་བཞིན་པའི་སྐབས་ཏེ། གྲྭ་པ་སྟོང་བཞི་དང་། བཙུན་མ་སྟོང་བརྒྱད་ཙམ་ཡོད་འདུག
འདི་ཡོངས་རྫོགས་ཡ་ཆེན་གྱི་རྒྱུན་སྡོད་ཡིན་པར་མ་ཟད། འདིའི་ནང་དུ་རྩ་བའི་ཆོས་བརྒྱུད་ཡིན་པ་བཞི་སྟོང་། རྙིང་མ་ཡིན་པ་བདུན་སྟོང་། དེའི་ཁར་དགེ་བསྙེན་སུམ་སྟོང་བཅས་ཡོད། གྲྭ་བཙུན་ལ་རྟེན་དགེ་ཚུལ་སློང་གང་རུང་ཡིན་ངེས་རེད་འདུག
ད་དུང་རྒྱུད་སྡེ་བློ་སྦྱོང་དང་། འབུམ་ལྔ་བསག་སྦྱོང་གི་སྡེ་ཚན་གཉིས་འདིར་མི་གཏོགས། ཁྲིད་གནང་མཁན་སྤྲུལ་སྐུ་ཨ་གསང་རིན་པོ་ཆེ་ཡིན་པ་དང་། ཁྲིད་དཔོན་མཁན་པོ་སུམ་ཅུ་ལྷག་གིས་གཙོ་སྐྱོང་གནང་གིན་ཡོད་འདུག
ཡེ་ཤེས་བླ་མ་ཞུ་མཁན་རྣམས་བློ་སྦྱོང་འབུམ་ལྔ་དང་། སྙན་རྒྱུད་ཀྱི་ཁྲིད་ལོ་གཅིག་གམ་ཟླ་བ་བདུན་ལ་སྦྱང་བ་མཐར་མ་ཕྱིན་བར་ཞུ་མི་ཆོག་པ་རེད་འདུག

0 comments:

ཟིན་བྲིས་འཚོལ་ཡུལ