དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 17 October 2012
༄༅།། གྲུབ་དབང་བླ་མ་ལུང་རྟོགས་རྒྱལ་མཚན་་
དཔལ་བཟང་པོ་སྐུ་ཞི་བར་གཤེགས་ནས་
ལོ་འཁོར་གཅིག་ལོན་
པའི་རྗེས་དྲན་དུ།



ཆོས་ཀུན་མ་འདྲེས་སོ་སོར་གསལ་བའི་མཁྱེན་པའི་མེ་ལོང་གཙང་མའི་ངོར།།
གཙུག་ལག་གཞུང་གི་ཟབ་རྒྱས་སྙིང་པོ་རྣམ་པར་གསལ་བའི་ངོ་མཚར་འབུམ།།
མཁས་རློམ་རལ་བ་གདན་དུ་ལེན་པའི་ལུང་རྟོགས་བསྟན་པའི་མཛོད་འཆང་བ།།
འདྲེན་མཆོག་བླ་མའི་ཞབས་སེན་རྡུལ་ལ་མི་ཕྱེད་དད་པས་ལྷ་ཕྱག་བརྩེགས།།

སྙིགས་མའི་འགྲོ་བའི་ཡིད་ཀྱི་ས་ཆེན་དུས་ཀྱི་མུན་པས་ཡོངས་བཀབ་སྟེ།།
རྨོངས་བའི་ཡོལ་བ་ཡངས་པོར་ཕྱེ་བའི་དབྱིངས་ཀྱི་ལྷ་ཚོགས་ངལ་བའི་ཚེ།།
མཛད་འཕྲིན་འཁོར་ལོའི་མུ་ཁྱུད་གཅིག་ཏུ་འགྲོ་ཀུན་ཟླུམ་པའི་ཤེད་མོང་གིས།།
མཐོན་པོའི་རྒྱལ་མཚན་བླ་རུ་བསྒྲེངས་བའི་ཕ་རྒོད་བླ་མ་སྙིང་ནས་དྲན།།

རིང་མོའི་དུས་ནས་ཚོགས་གཉིས་ལ་བརྟེན་གཉུག་མའི་བཙན་ས་ཟིན་ལེགས་ཀྱང་།།
ཉམ་ཐག་འགྲོ་ལ་བརྩེ་བས་རྗེས་ཆགས་སྒྱུ་འཕྲུལ་སར་བ་སར་བའི་གར།།
མི་མཇེད་ཞིང་གི་འཇིག་རྟེན་འདི་ནས་བསྒྱུར་བའི་བྱུང་བ་རླབས་པོ་ཆེ།།
བརྗོད་པར་རྒྱལ་བའི་ལྗགས་ཀྱང་ངལ་བས་དམན་པོའི་ལྕེ་རྩེར་ཤོང་ནུས་མིན།།

རྩོད་ངག་གནམ་ལྩགས་འཁོར་ལོ་འབར་བས་ལོག་རྟོག་གླང་བོའི་ཀླད་ལ་འགེམས།།
མི་འཇིགས་སྟོབས་བཅུའི་རྩལ་རབ་རྗོགས་པས་ཤྰཀྱ་སེང་གེ་གཞན་ཡོད་མིན།།
རྨད་བྱུང་ཐུབ་བསྟན་སྐྱ་རེངས་དཀར་པོ་ཕྱོགས་ཀྱི་མཐའ་རུ་འདྲེན་པའི་མགོན།།
དེ་རིང་འདབ་བརྒྱད་སྙིང་གི་ཟེའུ་འབྲུར་བཞེངས་ཤིག་དྲན་པས་ཆོ་ངུ་བགྱིད།།

འོག་འགྱུ་རླུང་གི་རྟོག་ཚོགས་རྒོད་པོའི་ཆུ་འཛིན་ལ་འཁྲིལ་སྲེད་པའི་ཆུར།།
མི་མཐོང་ཀུན་གཞིའི་གཤིན་སའི་འགྲམ་པར་ཟོལ་གྱིས་འཇོ་བའི་རྟེན་འབྲེལ་གྱིས།།
རེ་དོགས་མྱུ་གུའི་ཚང་ཚིང་འབུས་བའི་རྨི་ལམ་ཞིག་གི་རྩེད་འཇོ་ལ།།
ཅིར་ཡང་འཁྲུལ་བའི་ཉམ་ཆུང་བུ་ང་ས་ནག་གྲུ་བཞིའི་ཕང་ནས་ངུ།།

འཇམ་མཉེན་ཕྱག་ཟུང་རིང་དུ་བརྐྱངས་ནས་དབུགས་དབྱུང་མེ་ཏོག་གཏོར་བའི་མགོན།།
ལས་འབྲས་ཟབ་མོའི་རྣམ་བཞག་རེ་རེ་སྙན་པའི་གསུང་ལ་རབ་བརྒྱུས་ཏེ།།
ལུས་སྐྱེས་བ་སྤུ་ལོང་ལོང་གཡོ་བའི་དད་ལྡན་སྐྱེ་བོའི་མཆོད་སྡོང་དུ།།
ཆོས་དབྱིངས་སྒེག་མོའི་མངལ་ལས་འཛུམ་གྲོལ་ཁྱེ་སྐུ་ཉི་གཞོན་ག་དུས་འཆར།།

མཐོན་པོའི་རི་རྒྱབ་སྨུག་གི་གནོན་པའི་སྤེན་མ་འཛིངས་བའི་རྫ་གཤོལ་ཞིག།
ཤང་ཤང་ཆུ་མོའི་དབྱངས་རྟ་འཁྱིལ་བའི་བརྡ་ཁོལ་དབེན་པའི་ཐིག་ལེ་ཞེས།།
ཆོས་བརྒྱད་འཕྱོན་མ་ཐབས་ཀྱིས་ཕོངས་བའི་མཚུངས་མེད་བླ་མའི་བསྟི་གནས་སུ།།
འཁྱམས་པོའི་ཡིད་ཀྱི་གས་སྲུབས་ཞིག་ལས་དྲན་པའི་སྨྲེ་ངག་འདི་ཙམ་ཐལ།།
༢༠༡༢

0 comments:

ཟིན་བྲིས་འཚོལ་ཡུལ