དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 26 October 2012

ཕོ་གསར་གྱི་གཟུགས་དང་གཟུགས་བཟང་མའི་ཉམས་ནི་ངོ་མ་ཕར་རྒྱན་ཚུར་རྒྱན་རེད།

ལྦུ་སོབ་སོབ། ཡིད་མོག་མོག་ཏུ་བསྒྱུར་ནུས་པའི་འཇིག་རྟེན་སྣང་བ་ཟེར་བ་དེ་ནི་འདི་འདྲ་ཞིག་ལ་གོ་དགོས་བསམས་བྱུང་།

སྤྱིར་བཏང་གི་བུ་མོ་ཞིག་ལ་འདི་འདྲའི་རྩལ་ཞིག་མེད་པ་ཐག་ཆོད་ལ།
ད་དུང་དགུན་འཁྱགས་ཁེར་མེད་ཞིག་ཏུ་འདི་ལྟར་སྒྲེན་པོར་འདུག་ཐུབ་པ་ནི་ཡང་བསྟོད་འོས་པ་ཞིག་རེད།

ཁྱེད་ཀྱིས་འདི་ལྟར་བྱེད་ནུས་སམ།

ཡུ་གུར་གྱི་བྲོའང་ཡིད་དུ་འོང་བ་ཞིག་རེད།

ཁ་ཆེ་བུ་མོས་གཞས་གཏོང་བཞིན་པ།
ཡུ་
གུར་དང་ཧེའེ་ཧེའེ་གཉིས་ནི་ཁ་ཆེ་ཆོས་ལུགས་ལ་མོས་པའི་ཐ་དད་ཀྱི་མི་རིགས་གཉིས་
ཡིན་མོད།
མི་རིགས་རང་གི་རིག་གནས་ཀྱི་ཁྱད་ཆོས་དང་ཕུན་ཚོགས་ཀྱི་ཐད་ནས་བརྗོད་ན་ཁོ་གཉིས་
ལ་མཚུངས་ཆ་ཅི་ཡང་མི་འདུག

མོ་མི་རིགས་གང་ཞིག་ཡིན་ནམ།

ཡུ་གུར་པའི་གཞས་ལ་མཛེས་མའི་བྲོ་ཡིས་རམ་འདེགས་བྱེད་པ་ནི་གཏན་སྲོལ་ལྟ་བུ་ཞིག་ཏུ་མཐོང་།

ཁ་ཙ་ཁུ་སི་ཐན་རིགས་ཀྱི་བུ་མོ་གཉིས། ཁོ་མོ་ཚོའི་ཞྭ་མོ་དེ་ནི་དེ་འདྲ་ཡིད་དུ་འོང་བ་ཞིག་ལ།

འཁྲབ་སྟོན་པ་ཚོས་བུན་ཁྲོན་ས་འགུལ་གྱི་ཁྲོད་དུ་རྐྱེན་ལམ་དུ་ཕྱིན་པའི་འདས་པོ་རྣམས་ལ་མྱ་ངན་གྱི་ཚུལ་སྟོན་བཞིན་པ།
འོན་ཀྱང་གནས་གཞན་དུ་བྱུང་བའི་འདས་པོ་རྣམས་ལ་སུས་མྱ་ངན་བྱེད་ཕོད།

དེང་རབས་ཞབས་བྲོ་འཁྲབ་བཞིན་པའི་ཡུ་གུར་བུ་མོ།

ཁོ་
ནི་ཐེངས་འདིའི་དགོང་ཚོགས་སྟེང་དགའ་བསུ་ཚད་མེད་ཐོབ་པའི་ཡུ་གུར་རིགས་ཀྱི་ཕོ་
གསར་དེ་རེད།
དགུང་ཚོགས་འདིར་ཁོས་རང་གིས་བརྩམས་པའི་གཞས་ཤིག་དང་ཨ་མེ་རི་ཁའི་སྐད་གྲགས་ཅན་
གྱི་གཞས་ཤིག་ཡུ་གར་སྐད་ཀྱི་ལམ་ནས་བཏང་།
པི་ལྦང་གི་དཀྲོལ་རྩལ་བྱང་ལ་སྐྱེས་ཕོའི་གཟི་ཉམས་ཕྱུག་པའི་སྐད་ངག་གིས་ལྟ་མཁན་
རྣམས་ཀྱི་ཡིད་དབང་ཡོངས་སུ་བཀུག་སོང་། དོ་སྣང་བྱུང་བ་ཞིག་ནི་འཁྲབ་སྟོན་གྱི་སྐབས་སུ་ཁོས་མགོ་མཇུག་བར་གསུམ་དུ་ཡུ་གུར་སྐད་ཀྱི་གཞས་བཏང་ཞིང་ལྟ་མཁན་རྣམས་ལ་མཐའ་མཇུག་གི་བཀའ་དྲིན་ཡང་རྒྱ་སྐད་དང་ཡུ་གུར་སྐད་སྦྲགས་མའི་སྒོ་ནས་ཞུས།
བསྟོད་དོ། རྒྱལ་ལོ། ཡུ་གུར་པ།

ལྟ་མཁན་ཕལ་མོ་ཆེ་ལ་མཚོན་ན་ཁོ་ཚོས་བཏང་བའི་གཞས་ཀྱི་དོན་ནི་འདྲ་པར་སྟེང་གི་ཁོ་ཚོའི་སྣང་བརྙན་བཞིན་མག་མོག་ཡིན་རུང་། འོན་
ཀྱང་དོན་དངོས་སུ་ཁོ་ཚོའི་དབྱངས་རྟ་དེ་ཚོགས་རྭའི་གྲུ་ག་ཡོད་ཚད་ལ་འཕུར་ལྡིང་
བྱེད་བཞིན་པའི་ཁ་དོག་སྣ་སྔའི་ལྦུ་བ་དང་མཉམ་དུ་ལྟ་མཁན་པ་མང་པོ་ཞིག་གི་སེམས་
ཁོང་དུ་འཛུལ་སོང་།

པི་ལྦང་གི་སྐད་ལ་འཁྲེངས་བའི་ཕྱེ་མ་ལེབ་ཅིག

ཁ་ཙ་ཁི་སི་ཐན་རིགས་ཀྱི་བུ་མོས་རྒྱ་གར་གྱི་བྲོ་འཁྲབ་བཞིན་པ།
Subscribe to:
Post Comments (Atom)
0 comments:
Post a Comment