དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 30 October 2012
སེང་ཆེན་ནོར་བུ་དགྲ་འདུལ་གྱི་བསང་མཆོད་ནི།
མཆོག་གྱུར་བདེ་ཆེན་གླིང་བ།
རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཀྱཻ། པདྨ་འབྱུང་གནས་ཐུགས་ལས་སྤྲུལ། སེང་ཆེན་ནོར་བུ་དགྲ་འདུལ་དང༌། ཝེར་མ་བཅུ་གསུམ་ཕུ་ནུའི་ཚོགས། འདིར་བྱོན་བསང་གི་མཆོད་པ་བཞེས། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །ཅི་བསམ་དོན་རྣམས་བསྒྲུབ་དུ་གསོལ། ཞེས་པ་མཆོག་གྱུར་གླིང་པས་འཕྲལ་དུ་བྲིས། ཀྱཻ། འཛམ་གླིང་གངས་ཅན་བོད་ཀྱི་ལྗོངས། ཡུལ་ལ་གཡང་ཆགས་ཤར་ཟླ་སྒང༌༑།སྐྱི་སོས་ཡག་པའི་སུམ་མདོ་ལ།དགྲ་ལྷ་སྐུ་གཅིག་སྐྱེས་པ་ནི། གེ་སར་སྐྱེས་བུ་དོན་འགྲུབ་ཞེས།མཚན་དཀར་བ་དན་སྲིད་རྩེར་བསྒྲིང༌།དབུ་ནག་བོད་ཀྱི་རྒྱལ་པོར་བསྐོས། །ཀུན་ལ་མཚར་བའི་འབྲུག་མོ་སྨན། །བཙུན་མོར་འོས་པས་ཁབ་ཏུ་བཞེས། །མཆོད་གཅིག་རྒྱ་ཚ་ཞལ་དཀར་དེ། །དགྲ་ལྷ་དེ་ཡི་དཔུང་གྲོགས་མཛད། །དཔའ་རྒོད་འདན་མ་བྱང་ཁྲ་ནི༑ །རྒྱལ་པོ་དེ་ཡི་བློན་པོར་བསྐོས། ཀྱཻ། ཚོ་དྲུག་གླིང་གི་དཔོན་པོ་ལ། གསེར་བའི་ཉི་འབུམ་དར་ཡག་དང༌། འོམ་བུའི་ཨ་ནུ་དཔལ་སེང་དང༌། མུ་རྐྱང་རིན་ཆེན་དར་ལུ་རྣམས༑ །སྟོད་སྨད་བར་གསུམ་གཙོ་བོར་བརྗིད། རྒ་བདེའི་ཆོས་སྐྱོང་བེར་ནག་ཅན། མཐུ་སྟོབས་རྩལ་ལྡན་སྐུ་སྲུང་མཛད། ནུ་བོ་རོང་ཚ་དམར་ལེབ་སོགས། ཕུ་ནུ་སུམ་ཅུ་འདུན་མ་གཅིག །འདུན་མའི་གཙོ་བོ་སྤྱི་དཔོན་རྗེ༑ གཡས་གཡོན་དབུས་གསུམ་དམག་གི་རུ། འདྲེན་པའི་དར་འཕེན་ལ་སོགས་པའི། །དམག་དཔོན་གསུམ་ནི་དགྲ་ལ་རྔམས། །བཟང་ངན་ལས་ཀྱི་སྣ་འདྲེན་པ། །ཨ་ཁུ་ཁྲོ་ཐུང་ཁྲ་སྤྱང་དང༌། །ཧོ་གྱི་ཤན་པ་མེ་རུ་སོགས། །ལས་བྱེད་དཔའ་ཐུལ་སུམ་ཅུ་དང༌། །གླིང་གི་ལྷ་དམག་བྱེ་བའི་ཚོགས། །ཧོར་དམག་བདུད་དམག་བྲན་དུ་བསྐོལ། །ཀུན་ཀྱང་བསྟན་པ་སྲུང་བ་དང༌། སྐྱེ་བོ་ཡོངས་ཀྱི་དགྲ་ལྷ་མཛད། །རྒྱབ་བརྟེན་བླ་མ་ཡི་དམ་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང༌། །བསྡོང་ཟླ་དགྲ་ལྷ་ཝེར་མའི་ཚོགས༑ །ཀུན་ཀྱང་རྩལ་ཆེ་ཕྲིན་ལས་མྱུར།།ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཚུལ། །སྐྱེ་བོའི་ཟོར་དོར་ཡིན་པའི་ཕྱིར། །འདོད་ཡོན་གཏོར་མའི་མཆོད་པ་འབུལ། །སྐྱེ་བོ་ཡོངས་ལ་མགོན་སྐྱོབས་མཛོད། །བསྟན་པའི་དགྲ་བོ་བསྒྲལ་བའི་ཕྱིར། །རཀྟ་དམར་གྱི་མཆོད་པ་འབུལ། །དགྲ་བགེགས་མྱུར་དུ་སོད་ལ་ཤོག །གསང་སྔགས་སྲུང་མ་ཡིན་པའི་ཕྱིར༑ །དམ་རྫས་སྨན་གྱི་མཆོད་པ་འབུལ། །གསང་སྔགས་བསྟན་པ་རྒྱས་པར་མཛོད། །གུ་རུ་པདྨ་འབྱུང་གནས་ཀྱི། །ཡང་སྤྲུལ་གྲུབ་ཐོབ་ཡིན་པའི་ཕྱིར། །གསང་བའི་མཆོད་པ་སྣ་ཚོགས་འབུལ། །བྲང་གཏེར་བསྟན་པ་རྒྱས་པར་མཛོད། །བདུད་རྩི་བསང་གི་མཆོད་པ་འབུལ། །མི་ནད་ཕྱུགས་ནད་ཞི་བར་མཛོད། །དག་བྱེད་ཁྲུས་ཀྱི་མཆོད་པ་འབུལ། །མི་གཙང་ཉམས་གྲིབ་ཞི་བར་མཛོད། །བདུད་རྩི་ཆང་གི་མཆོད་པ་འབུལ། །ལོ་ཏོག་འབྲས་དྲུག་ལེགས་པར་མཛོད། །བདུད་རྩི་དཀར་གསུམ་མཆོད་པ་འབུལ། །མར་ཐུད་ཟས་བཅུད་འཕེལ་བར་མཛོད། །གསེར་དངུལ་དར་ཟབ་མཆོད་པ་འབུལ། །གོས་དང་རྒྱན་གྱིས་ཕྱུག་པར་མཛོད༑ །གོ་ཆ་མཚོན་ཆ་སྣ་ཚོགས་འབུལ། །མི་མཐུན་གཡུལ་ལས་རྒྱལ་པར་མཛོད༑ །རི་དྭགས་གཡུང་དྭགས་སྣ་ཚོགས་འབུལ། །རྟ་ཕྱུག་རྐང་འགྲོ་འཕེལ་བར་མཛོད༑ །བ་དན་རྒྱལ་མཚན་དཀར་པོ་འབུལ། །སྙན་གྲགས་ཕྱོགས་བཅུར་ཁྱབ་པར་མཛོད༑ །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །ཆོས་སྲིད་དཔལ་འབྱོར་མཐོ་བའི་མཛོད༑ །བཀྲ་ཤིས་རྫས་བརྒྱད་མཆོད་པར་འབུལ། །ཚེ་རིང་ཆོས་འཕེལ་མཛད་དུ་གསོལ༑ །བཀྲ་ཤིས་རྟགས་བརྒྱད་མཆོད་པ་འབུལ། །འདོད་པའི་འདོན་རྣམས་མྱུར་དུ་སྒྲུབས༑ །རོལ་མོ་གླུ་དབྱངས་མཆོད་པ་འབུལ། །གཏམ་སྙན་སྣ་ཚོགས་དངོས་གྲུབ་སྩོལ། །ཀྱཻ། མེ་ཏོག་སིལ་མའི་ཆར་གྱིས་བར་སྣང་ཁེངས། །ཉི་ཟླ་སྣང་གསལ་འོད་ཀྱིས་ཀུན་ཏུ་ཁྱབ། །སྤྱན་གཟིགས་སྣ་ཚོགས་འབྱོར་བས་ས་གཞི་གང༌། །འདི་དག་འབུལ་གྱིས་བཀྲ་ཤིས་བདེ་ལེགས་སྩོལ།
ཞེས་པར་འུ་སྒྲུང་མཁན་ཨ་རྨེ་གཞོན་ནུའི་རིང་མོ་ནས་བསྐུལ་བའི་ངོར། མཆོག་གྱུར་གླིང་པས་མདོ་ཁམས་བྱང་རྒྱུད་ཤར་ཟླ་དལ་གྱིས་འབབ་པའི་འགྲམ་སྐྱེས་བུ་ཆེན་པོ་སྐུ་འཁྲུངས་པའི་ཡུལ། ཕུ་ནུ་སུམ་ཅུའི་གསས་མཁར་གྱི་ཞོལ། འདུ་ར་སྟག་ཐང་ཁྲ་མོར་རབ་བྱུང་བཅོ་ལྔ་པའི་མགོ་བོ་ཡོས་ལོ་སྤྲེལ་ཟླ་བའི་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་དུས་ཆེན་ལ་བྲིས་པ་དགེ།

0 comments:

ཟིན་བྲིས་འཚོལ་ཡུལ