དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 25 November 2012

ཝལ་ཡེ་རིག་འཛིན་བྱང་ཆུབ་ཆོས་གླིང་ནས་དགའ་ཚོར། །
ཨེ་མ་ཧོ། །



དཀོན་མཆོག་ཀུན་འདུས་བླ་མ་རྗེ། །
སྙིང་གི་རྒྱན་དུ་རྟག་བཞུགས་ནས། །
མ་དག་འགྲོ་བ་སེམས་ཅན་གྱི། །
བློ་སྣ་དམ་པའི་ཆོས་ལ་སྒྱུར། །
སྙིང་གི་དྭངས་མའི་ཆོས་མཆེད་དང་། །
བདག་ལ་དད་པའི་སྐལ་ལྡན་རིགས། །
སྔགས་བཙུན་དགེ་འདུན་འདུས་པའི་སྡེ། །
དལ་ཅིག་དགའ་བའི་མགུར་འདི་གསོན། །
ཝལ་ཡེལ་བྱང་ཆུབ་ཆོས་གླིང་འདི། །
སྟོད་ན་གངས་དཀར་རི་བོ་མཐོ། །
སྨད་ན་མཛེས་སྡུག་གྲོང་ཁྱེར་ཆེ། །
བར་ན་དབེན་ནས་ཕུན་ཚོགས་བཀྲ། །
ཕྱི་ནས་འབྱུང་བའི་དྲོ་གྲང་མཉམ། །
ནང་དུ་འདུ་འཛིའི་ཡོ་ལང་དབེན། །
གསང་བ་བྱང་ཆུབ་སྒོམ་སྡེ་འདི། །
ཡང་གསང་བསྟན་པའི་གདན་ས་ལགས། །
ཕུ་ན་དགྲ་བཅོམ་བཞུགས་གནས་ཡོད། །
བར་ན་བྱང་སེམས་ལྷ་ཁང་ཡོད། །
མདའ་ན་རྣལ་འབྱོར་དད་ལྡན་མང་། །
ཆོས་བྱང་ཆུབ་འདོད་ན་འདི་རུ་ཤོག །
རྒྱབ་ན་ཀུན་བཟང་ཆོས་གླིང་ཡོད། །
མདུན་ན་བྱང་ཆུབ་ཆོས་གླིང་ཡོད། །
མཐའ་འཁོར་གངས་རི་ར་བས་བསྐོར། །
གངས་ཅན་ཞིང་དང་གཉིས་སུ་མེད། །
སྙིང་ནས་དམ་ཆོས་བྱེད་འདོད་ཚོ། །
དུས་རབས་ཉེར་གཅིག་ཆོས་པ་ཞེས། །
ཚེ་འདི་བདེ་ལ་ཕྱི་མ་སྐྱིད། །
མི་ཚེའི་སྙིང་པོ་ལོན་པར་མཛོད། །
རྙེད་དཀའི་མི་ལུས་རིན་ཆེན་ལ། །
དོན་མེད་སྟོང་ཟད་མི་གཏོང་བར། །
ཆོས་བརྒྱད་ཇག་པའི་ཚོགས་སྤོང་ནས། །
སྤྱི་ཕན་དགེ་བའི་ལས་ལ་འབོད། །
དགོས་འདོད་གཞན་ཕན་རྡུལ་ལྟར་སྤུངས། ། །
བློ་ཁོག་རྒྱ་ཆེན་མཁའ་ལྟར་ཡངས།།
ལྷག་བསམ་དྲི་བཟང་ཀུན་ཁྱབ་ན། །
བསྐལ་བཟང་འཛམ་གླིང་མཛེས་པའི་རྒྱན། །
འཇིག་རྟེན་ཁོ་ནར་སྲེད་པའི་ཚེ། །
མི་རྟག་སྒྱུ་མའི་དཔེ་བརྒྱད་སོམས། །
ཐར་བའི་སྲོག་རྩ་མ་ཆད་པར། །
སོར་བྱང་སྔགས་ཀྱི་ཏིང་འཛིན་སྒོམས། །
ཨེ་མ་རིག་པའི་ངང་དུ་སྐྱོང་། །
མ་རྟོགས་པ་ལ་སྙིང་རྗེ་སྒོམ། །
ཨ་ཧོ་ཐབས་ཤེས་དབྱེར་མེད་ངང་། །
འཁོར་འདས་འགལ་མེད་ཨེ་མ་ཧོ། །
 
ཞེས་པ་འདི་ཡང་རབ་གནས་ཆུ་འབྲུག་མགོ་ཟླའི་གཟའ་ཚེས་དགའ་བར་གཅེས་ཕྲུག་དབྱངས་ཅན་ཡེ་ཤེས་རྡོ་རྗེས་སྐུལ་བ་ལྟར་གང་དྲན་དུ་རིག་འཛིན་བྱང་ཆུབ་ཆོས་གླིང་ནས་ཤྲྰི་སྨྱོན་པས་གླུ་རུ་བླངས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ