དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 26 November 2012

༄༅། །གསང་སྔགས་བསྟན་འཛིན་ལ་ཕུལ་བའི་རཀྵི་ཕྲེང་བ་ཞེས་བྱ་བ། །
ན་མོ་གུ་རུ་བིརྱ་དྷྰ་ར་ཡེ།



ཀ་དག་སྤྲོས་མཐའ་བྲལ་བའི་པདྨ་འོད་ན། །
ཁ་དོག་སྣ་ཚོགས་བཀྲ་བའི་དཀྱིལ་འཁོར་དབུས་ན། །
ག་བུར་དྲི་ཞིམ་བརྡལ་བའི་རིག་འཛིན་ཀློང་ན། །
ང་ཚོའི་འདྲེན་པའི་དེད་དཔོན་མཚོ་སྐྱེས་རྡོ་རྗེ། །
 
ཅ་དག་མ་བཅོས་གཉུག་མའི་ཟུར་ཕུད་རྒྱན་ཅིང་། །
ཆ་ལུགས་སྔགས་འཆང་རྒྱལ་པོའི་རྟུལ་ཞུགས་སྤྱོད་པ། །
ཇ་ཆང་འདོད་ཡོན་ལོངས་སྤྱོད་ཅི་དགའ་རོལ་དང་། །
ཉ་གང་ཟླ་བཞིན་སྤངས་རྟོགས་ཀུན་ཏུ་བཟང་ངོ་། །
 
ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་དམ་པ། །
ཐ་དག་སྨིན་གྲོལ་ལམ་དུ་བདེ་མྱུར་ཕྱིན་ཐབས། །
ད་ལྟའི་སྙིགས་དུས་སྨན་མཆོག་བདུད་རྩིའི་རྒྱལ་པོ། །
ན་མ་ཟུང་འཇུག་སྤེལ་བའི་ཀུན་ཏུ་བཟང་ངོ་། །
 
པ་ཊུ་གྲུབ་པའི་ཁྱུ་མཆོག་སྔགས་འཆང་མཛད་པ། །
ཕ་རོལ་ཕྱིན་པའི་ཐབས་མཁས་གཞི་ལམ་འབྲས་བུར། །
བཛྲ་ཐེག་པའི་སྨིན་གྲོལ་ཡེ་ཤེས་ཐོབ་པས། །
མ་ལུས་འགྲོ་ཀུན་འདྲེན་མཆོག་གསང་ཆེན་རྒྱལ་ལོ། །
 
ཙྭ་རིར་དབེན་གནས་སྒོམ་པའི་སྙིང་པོ་འདི་ཡིན། །
ཚ་གྲང་དཀའ་སྤྱོད་མཛད་པའི་གྲུབ་འབྲས་འདི་ཡིན། །
ཛ་ཡའི་བསྟན་པའི་གསང་སྙིང་རྣལ་འབྱོར་སྒྲུབ་པ། །
ཝ་ལེར་འཆར་བའི་བསྐལ་བཟང་འབད་པར་རེམ་འདུག །
 
ཞྭ་ནག་སྔགས་འཆང་རྡོ་རྗེ་འཛིན་པ་ཚོགས་དང་། །
ཟ་མ་མོ་ཡང་ཤེས་རབ་རིག་མར་བསྔགས་པའི། །
འ་ཅག་གསང་སྔགས་དོན་སྙིང་མཁྱེན་པ་ཡིན་ན། །
ཡ་རབས་བསྟན་སྲིད་སྤེལ་བ་འདིས་ལྷག་མི་འདུག །
 
ར་ལོ་ཙྰ་དང་མར་མི་སྔགས་གསར་དང་། །
ལ་རྒྱའི་བདག་པོ་མེས་དབོན་ཆོས་རྒྱལ་དང་བཅས། །
ཤ་ཁྲག་གཅིག་པའི་བྲག་སྲིན་རྒྱུད་པ་ཀུན་པོ། །
ས་ཐོབ་བྱང་སེམས་སྔགས་འཆང་དཔལ་ལས་འཁྲུངས་སོ། །
 
ཧ་ཤང་རྒྱལ་སྲས་འཕགས་པའི་ཉམས་ལེན་མཐར་ཐུག །
ཨ་མ་ཡུམ་ཆེན་སྒྲོལ་མའི་ཐུགས་དམ་རྩ་བ། །
ཧ་གོ་དོན་རྟོགས་མཛོད་དང་རིགས་མཐུན་སྤྲུལ་དགའ། །
ཨ་ཏིའི་ཡང་ཟབ་མཁྱེན་པའི་འོག་འདོན་ཡང་དག །
 
ཅེས་པ་རབ་རྒྱན་ཆུ་འབྲུག་སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་པ་བཅུའི་ཉིན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་གྱི་ཞལ་པར་དང་ངོ་དེབ་མཇལ་བའི་རྐྱེན་ལས་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ། །

0 comments:

ཟིན་བྲིས་འཚོལ་ཡུལ