དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 4 December 2012
འཇམ་སྐྱིད་སོགས་རྙིང་གཏོར་བ་ཚོའི་ངོ་གདོང་སྲེག་པ། |
[ ཨ་རིའི་བོད་པ། ] [ 2012-12-4
]
|
མི་མང་གི་ཤ་ཁྲག་མི་ཟ་མཁན་སུ་རེད།
སྔ་ལོར་ཟི་ལིང་ནས་ཨ་རི་ལ་རིག་གཞུང་འཆད་ཁྲིད་ལ་ཡོང་བའི་མཁས་པ་གིས་འཇམ་དབྱངས་སྐྱིད་དང་ཞོགས་དུང་གཉིས་འཛིན་བཟུང་བྱས་རྗེས་ཕྱུག་པོ་ཆགས་འདུག་ཟེར་བ་བདེན་པ་ཡིན་མི་སྲིད།
ཡིན་ཡང་རྒྱ་གར་ན་ཡོད་པའི་འཇམ་སྐྱིད་ཀྱི་ཤ་ཉེ་ཡིན་ཟེར་བའི་མཁས་པ་ཞིག་གིས་འཇམ་སྐྱིད་བཟའ་བ་གཉིས་ཀ་ཀློའུ་གཉིས་ཡིན་ཟེར་བ་ལ་བདེན་རྟགས་ཞིག་ཡོད་པ་འདྲ།
ཀློའུ་འཇམ་སྐྱིད་བཟའ་ཚོ་གཉིས་ཀའི་ག་ལ་ཚད། རྙིང་གཏོར་བ་ཚང་མ་ཀློའུ་རེད།
ཁོ་ཚོ་ནི་སྐད་ཆ་བཤད་མི་ཤེས་བའི་ཀློའུ་མ་རེད།
ཁོ་ཚོ་ནི་ཀློའུ་ཡི་སློབ་གསོས་གླད་པ་བསྒྱུར་ནས་ཀློའུ་ཆགས་པ་རྣམས་རེད།
འཇམ་སྐྱིད་ཀྱི་མིང་ཐོག་ནས་འཇམ་སྐྱིད་ཀྱི་ཁྱོ་གས་བྲིས་(དག་སྦྱོར་ལས་ཤེས་ཐུབ)་བའི་་ཆོས་སྒོ་རྒྱག་པ་དང་བོད་མིའི་བདེ་སྡུག་་ཟེར་བའི་ཀློའུ་བཤད་འདི་ལ་ལན་འབྲི་དགོས་དོན་འཇམ་སྐྱིད་བཟའ་ཚོ་གཉིས་ཀ་ཁོ་ནའི་ངོ་གདོང་སྲེག་ཆེད་མིན།
བླུན་འགྱུར་སློབ་གསོས་མགོ་རྡོ་རུ་ཆགས་ཡོད་མཁན་ཚང་མའི་ངོ་གདོང་བསྲེགས་ནས་མང་གཙོ་དང་རང་དབང་གི་མེ་ལྕེ་བསྐྱེད་ཆེད་ཡིན།
གཞུང་ལ་བབས་ནས་བཤད་ན་རྩོད་པ་འདི་ནི་དབང་བསྒྱུར་མཁན་དང་དབང་སྒྱུར་ཡུལ་བར་གྱི་འཐབ་རྩོད་ཅིག་རེད།
སྤྱིར་དབང་བསྒྱུར་མཁན་ནི་གཞུང་དང་གཞུང་འབྲེལ་ལས་བྱེད་པ་ཚང་མ་ཡིན།
ཁོ་ཚོའི་གསོ་ཕོགས་ཚང་མ་དབང་བསྒྱུར་ཡུལ་མི་སེར་གྱི་ཁྲལ་རིགས་ནས་ཡོང་གི་ཡོད་པས།
མི་སེར་གྱིས་གཞུང་ལ་ངོ་རྒོལ་བྱེད་ཆོག་པའི་རྒྱུ་མཚན་གཅིག་དེ་ཡིན། དཔེར་ན།
ཨ་རི་བ་རྣམས་པས་ཁོང་ནི་ཁྲལ་སྤྲད་མཁན་ཞིག་ཡིན་པས་གཞུང་ལ་སྐད་ཆ་བཤད་པའི་དབང་ཆ་ཡོད་ཞེས་སྤོ་པ་མཐོན་པོས་བཤད།
འོ་ན་འཇམ་སྐྱིད་སོགས་རྙིང་གཏོར་རྣམས་གང་གི་ཁོངས་སུ་གཏོགས་གམ་ཟེར་ན་།
དབང་སྒྱུར་བའི་ཁོངས་སུ་གཏོགས་པར་མ་ཟད།
འཇམ་སྐྱིད་བཟའ་བ་གཉིས་ཀ་ཡང་སྒེར་གཅོད་དབང་བསྒྱུར་བའི་གློག་བརྙན་དང་བརྙན་འཕྲིན་གྱི་དྲིལ་བསྒྲགས་ཀྱི་ལག་རོགས་གལ་ཆེན་གཉིས་ཡིན་པ་ནི་ཤེས་གསལ་རེད།
དེའི་ཕྱིར་ང་ཡང་དེ་སྔོན་འཇམ་སྐྱིད་ཚུད་པའི་ལས་བྱེད་ལ་ཁྲལ་རྒྱག་མྱོང་མཁན་གྱི་ཟོག་རྫི་ཞིག་ཡིན་པས་སྐད་ཆ་འདི་བཤད་པའི་ཐོབ་ཐང་ཡོད།
ཁོང་གཉིས་ཀས་མ་མཐའ་ཡང་ལོ་ཉེར་ལྔ་ལྷག་ལ་མགོ་སྐོར་དང་། སླུ་བྲིད། སྐྱག་རྫུན།
འུར་བསྟོད། རྙིང་གཏོར།
ཁ་བྲལ་དང་ལོག་སྤྱོད་ལ་ངོ་རྒོལ་ཟེར་བ་སོགས་དྲིལ་བསྒྲགས་བྱས་ཡོད།
ལོ་ངོ་འདི་འདྲ་མང་པོ་ཞིག་གི་རིང་ལ་ཁོ་གཉིས་ཀྱི་ལས་ཀ་དེས་མི་མང་ལ་ལམ་ལོགས་པར་བསྟན་ཡོད།
བསམ་བློའི་ནང་དུག་བླུགས་ཡོད། དད་མོས་ལ་ཁྱད་གསོད་བྱས་ཡོད།
སྨྲ་བརྗོད་རང་དབང་ལ་གཏོར་བཤིག་བཏང་ཡོད།
གྲལ་རིམ་དགྲ་བོ་ཕམ་པར་རྒྱོབས་ཟེར་ནས་ཕྱུག་བདག་དང་དཔོན་པོ་ཁ་རྡུང་བཏང་ཡོད།
ལྷ་འདྲེ་གདོན་དགག་བཅོམ་དགོས་ཞེས་བླ་མ་དང་གྲ་བ་ལ་དགག་རྒྱག་བྱས་ཡོད།
སྤྱི་ཚོགས་རྙིང་བ་དམྱལ་བའི་ཁམས་ནས་སྤྱི་ཚོགས་གསར་བ་ལྷ་ཡུལ་ཁམས་བསྐྲུན་ཡོད་ཟེར་།
ཁོ་ཚོའི་ལས་ཀ་མི་སེར་གྱི་རང་དབང་གི་མགོ་བོ་གཅོད་བྱེད་ཀྱི་སྟ་རེ་ཡིན་པ་མ་ཤེས་བ་རེད་དམ།
མ་ཤེས་ཁུལ་བྱས་ནས་བསྡད་པ་རེད།
འདས་བའི་ལོ་ཤས་ནང་འཇམ་སྐྱིད་ཀྱིས་གཞུང་དོན་གྱི་ཞོར་ལ་ཟློས་གར་འགའ་རེ་ཡང་ཁྲབ་ཡོད།
ཟློས་གར་དེ་དག་གི་ཡོལ་བའི་རྒྱབ་ཀྱི་ཇུས་འགོད་པ་ནི་མོའི་ཁྱོ་ག་ལྷ་མོ་སྐྱབས་ཟེར་བའི་དམར་དམག་དེ་ཡིན་པ་རེད།
འཇམ་སྐྱིད་ཀྱི་ཟློས་གར་གཅིག་ནི་བུད་མེད་ཀྱི་ཁེ་དབང་གླེང་བ་དེ་རེད།
བུད་མེད་ཀྱི་ཁེ་དབང་གླེང་བ་ནི་དགའ་དགོས་པ་ཞིག་རེད་མོད།
མོས་ཁ་ཡར་གྲགས་ལ་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན།
ཁ་མར་གྲགས་ལ་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་ཞེས་མའོ་ཙེ་ཏུང་གིས་བུད་མེད་རྣམས་ལ་ཁ་ཡག་ཅིག་བཤད་པ་དེ་མོའི་རྩ་དོན་གྱི་གཏན་ཚིག་ཡིན་པས་དེ་ལ་ཡང་ནང་སྙིང་ཅང་མི་འདུག
ད་དུང་འཇམ་སྐྱིད་ཀྱིས་བུད་མེད་ཀྱི་ཁེ་དབང་སྐོར་ལ་དེབ་ཞིག་ཡང་བྲིས་འདུག་མོད།
རང་གི་དེབ་ཀྱི་ཁ་བྱང་གི་ནང་དོན་ཡང་གསལ་བོ་ཞིག་ཧ་གོ་ཡོད་ས་མ་རེད།
འཇམ་སྐྱིད་ཀྱིས་བུད་མེད་ཀྱི་ཁེ་དབང་བཤད་ཁུལ་བྱས་ནས་ཁྱིམ་ཚང་དང་ཁྱིམ་ཚང་བར་ལ་རྙོག་དྲ་ཆེན་པོ་བཟོས་ཡོད་པ་ཡང་གོ་ཐོས་བྱུང་།
དེ་བདེན་ན་འཇམ་སྐྱིད་འདི་ནང་མིའི་བར་གྱི་འཕུང་དཀྲུག་མོ་ཞིག་ཡིན་ས་རེད།
འཇམ་སྐྱིད་བཟའ་བ་གཉིས་ཀྱིས་ཟླ་ཕོགས་ཟླ་རེ་ལ་ཆ་མཉམ་སུམ་སྟོང་རེ་བླངས་ཡོད་པའི་དབང་དུ་བཏང་ན་ལོ་ཉེར་ལྔའི་རིང་ལ་རྒྱ་སྒོར་འབུམ་བཅོ་བརྒྱད་(1800000)་བླངས་ཡོད།
སྒོར་མོ་འདི་དག་གང་ནས་ཡོང་བ་རེད། སུའི་སྒོར་མོ་རེད་དམ་ཟེར་ན།
ཁྱེད་ཚོས་རྒྱལ་ཁབ་ཀྱི་སྒོར་མོ་རེད་ཟེར་ན་ཐང་།
རྒྱལ་ཁབ་ཀྱིས་གང་འདོད་འདོད་བྱས་ནས་སྒོར་མོ་དཔར་ན་ཆོག་ནི་རེད་འདོད་གོ་ན་ཐང་།
དེ་ནི་ནོར་བ་རེད། དེ་ནི་ས་གནས་མི་མང་གི་ལག་ནས་ཡོང་བའི་དངུལ་ཁྲག་གི་སྒོར་མོ་རེད།
ལོ་ནས་ལོ་ནས་ཟླ་ནས་ཟླ་ལས་ཀ་ལས་མཁན་སྐྱོ་ཉམས་ཁ་ཞིང་ངོ་མདངས་ལོག་པའི་རོང་འབྲོག་མང་ཚོགས་ཀྱི་ལག་ནས་བླངས་བའི་འབྲུ་ཁྲལ་དང་ས་ཁྲལ་རེད།
བཤའ་ཁྲལ་དང་པགས་ཁྲལ་རེད། རྩ་ཁྲལ་དང་ཆུ་ཁྲལ་རེད།
འདི་ཚོས་ཁྲལ་སྐར་མ་གང་ཆད་ན་ལས་བྱེད་པ་ཡོང་ནས་ཆད་པ་གཅོད་གི་རེད།
ད་དུང་མ་བྱིན་ན་དམག་བཏང་ནས་བཙོན་འཇུག་བྱེད་ཀི་རེད།
ཁོ་ཚོའི་བྱ་བ་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྒྱབ་རྩ་བརྟན་པོ་ཡོད།
དེའི་རྒྱབ་ན་མེ་མདའ་བཙན་པོ་ཡོད།
འདས་བའི་ལོ་བཅུ་ཙམ་གྱི་ནང་ནུབ་བརྒྱུད་གསར་སྤེལ་གྱི་ཇུས་ནག་ཁྲོད་དུ་མཐོ་སྒང་གི་སྣོད་བཅུད་གཉིས་ཀའི་ཟུང་ཁྲག་འཇུབ་ཆེད་དབུས་གཞུང་གིས་སྒོར་འབོར་ཆེན་བཏང་ནས་རོང་འབྲོག་གི་ཁྲལ་མེད་པར་བཏང་བ་བདེན་མོད།
མདོར་དེད་ན་དེ་ཡང་མཐོ་སྒང་གི་ཤ་རིན་ཁྲག་རིན་རེད།
ད་དུང་འཇམ་སྐྱིད་གཟའ་བ་གཉིས་ཚུད་པའི་ལས་བྱེད་རྣམས་ཀྱི་སྨན་རིན་མི་དགོས།
ཕྱེ་འབྲས་དང་ཤ་སོགས་ཉོས་ན་རིན་མྱིང་ཙམ་རེ་བྱིན་ན་ཆོག(ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་དེ་འདྲ་ཡིན།
ད་སྐབས་གསལ་བོ་མི་ཤེས)འགྲོ་ཁྲེ་ཐོག་ཡེ་བསྡད་ཡོད་པ་རེད།
ཕོ་དམངས་ཐོག་ཡེ་བསྡད་པ་རེད། མཐའ་ན་འདི་ཚོ་སློབ་གྲ་འགྲོ་སའི་སློབ་ཁང་དང་ཉལ་ཁང་།
གོ་རེ་ཅོང་ལྡོག་དང་ཡོང་ཚེ་ཡན་ཆད་མང་ཚོགས་ཀྱི་ཤ་དང་ཁྲག་རེད།
འཇམ་སྐྱིད་ལ་ཉིན་འགར་འདྲི་གཅོད་བྱས་བ་དང་ཁོང་གཟའ་བ་གཉིས་ཀྱི་ལས་ཀའི་ནང་ན་བོད་ལ་ཕན་པའི་ལས་ཚན་འགའ་རེ་ཡོད་བསམ་ནས་ང་རྒྱལ་སྐྱེད་ཀིན་ཡོད་ན་ཐང་།
དེས་ལོ་ཉེར་ལྔ་ལྷག་གི་རིང་གི་དཀར་ནག་གོ་ལྡོག་གི་དྲིལ་བསྒྲགས་ནག་པོ་དེའི་ལོ་གཅིག་གི་གྱོང་གིན་ཡང་སོད་ནི་མ་རེད།
དགོད་འཆོར་བའི་སྐད་ཆ་་་འཇམ་སྐྱིད་གཟའ་ཚོ་ཉིས་ཀྱིས་འདི་ཟེར་་་ཁྱོད་ཚོ་ཕ་ཡུལ་ནས་ཙག་བསེར་བུའི་ནང་དུ་འགྲོ་མ་དགོས།
ཆར་ཁ་བའི་ནང་དུ་སྦང་མ་དགོས། ཟས་རང་གྲུབ། གོས་རང་གྲུབ། སེམས་ལ་འདང་རྒྱག་མེད་ཅིང་།
ལུས་ལ་དཀའ་སྡུག་མེད་པར་རང་སེམས་འདུལ་བའི་གཞུང་ལ་རིག་པ་རྩེ་གཅིག་བསྒྲིམས་ནས་སྦྱོང་ཐུབ་པའི་གོ་སྐབས་བྱུང་གི་ཡོད་པ་མང་ཚོགས་ཀྱི་དྲིན་རེད་ལ།
ཁྱོད་ཚོས་གྲོང་ཁྱེར་དུ་མི་དྲག་དཔོན་པོ་ཚོ་དང་འདྲ་བར་རྫིག་གཤོམ་ཆེ་བའི་ཁང་པ་དང་རླངས་འཁོར་གོང་ཆེན།
རིན་པ་མཐོ་གྲས་ཀྱི་འཛད་སྤྱོད་མཐའ་དག་འདོད་པ་ཚིམ་པའི་བར་དུ་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད་བཟོ་འདུག་པ་དེ་ཡང་གཙོ་བོ་མང་ཚོགས་ཀྱི་བཀའ་དྲིན་མིན་ན་ཅི་ཡིན། རེད།
ཁོང་གཟའ་བ་གཉིས་ཀྱིས་ཙག་བསེར་བུའི་ནང་ལ་སོང་ནས།
ཆར་ཁ་བའི་ནང་དུ་སྤང་ནས་སྒོར་འབུམ་མང་པོ་བླངས་བ་རེད། ཟས་རང་གྲུབ་མ་རེད།
གོས་རང་གྲུབ་མ་རེད། སེམས་ལ་འདངས་རྒྱག་ཆེ་ནི་རེད། ལུས་ལ་དཀའ་སྡུག་ཆེ་ནི་རེད།
ཁོང་གཉིས་ཀྱི་ཁང་པ་དེ་ས་ནས་སྐྱེས་དང་ནི་རེད། རླངས་འཁོར་དེ་གནམ་ནས་བབས་དང་ནི་རེད།
འདི་གཟའ་ཚོ་གཉིས་ལ་མང་ཚོགས་བཀའ་དྲིན་ཆེ་ནི་མ་རེད།
ཐ་ན་འཇམ་སྐྱིད་གཟའ་བ་གཉིས་ཀས་སྒེར་སྤྱོད་པར་བཅོམ་རོགས་བྱས་པའི་གླ་ཕོགས་འབུམ་བཅོ་བརྒྱད་དེ་འཁོར་བསྐྱོད་བྱེད་ས་མང་ཆེ་བ་བོད་པའི་རོང་འབྲོག་མང་ཚོགས་དང་བོད་པའི་ཚོང་ཙ་ཙུང་རྒྱག་མཁན་ཚོ་མ་ཡིན་པར་ཟི་ལིང་གི་རྒྱ་མི་ཚོ་ཡིན་པ་ནི་ཚད་དཔག་བྱས་ནས་བཤད་པ་ཐུབ་ཞིག་རེད།
རྙིང་གཏོར་བ་ཚོས་མི་མང་གི་བདེ་སྡུག་གླེང་གི་ཡིན་ན་རང་ཉིད་་མནར་གཅོད་གཏོང་མཁན་དང་མི་མང་གི་ཤ་ཟ་ཁྲག་འཐུང་གི་གྲོས་ནས་ཕྱིར་བུད་དེ་འཚོ་བ་རང་སྐྱོང་བྱས་དང་།
དེ་ནས་མི་སེར་ནང་གི་གིན་འགྲིག་གི འདི་མི་འགྲིག་ཟེར་ན་ཆོག
དེ་མིན་ཁྱི་དཀར་ནག་གཉིས་ཀའི་གང་གིས་སོ་བཏབ་ན་གཅིག་རེད།
དད་ལྡན་མང་ཚོགས་རྨོངས་ནས་རྨོངས་སུ་འཇུག་པ་དང་།
གཞི་རིམ་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ན་མི་ལེགས་ཚུལ་བཤད་དེ་གྲྭ་པ་བྱེད་དུ་འཇུག་པའི་ཚུལ་དེ་ནི་གནས་ལུགས་ཤིག་ཡིན་མིན་མི་ཤེས་པས་ཀུན་གྱིས་དཔྱད་པར་མཛོད།།
ཟེར་བའི་འཇམ་སྐྱིད་ཀྱི་བསམ་ཚུལ་འདི་ཐོན་པའི་ཉིན་ཤས་རྗེས་སུ་རེབ་གོང་ནས་སྲིད་གཞུང་གིས་དགོན་པར་དོ་དམ་བྱེད་རྒྱུའི་དོན་ཚན་བདུན་ཡོད་པའི་བདུན་པ་ནི་ལོ་ཚོད་མ་རན་པའི་བྱིས་པ་རབ་བྱུང་སྒྲུབ་པར་གཏན་འགོག་བྱ་རྒྱུ་ཞེས་བཀོད་འདུག
འཇམ་སྐྱིད་ཀྱིས་་་དད་ལྡན་མང་ཚོགས་ལ་དད་པ་ཆེ་ནས་ཆེ་རུ་སོང་བ་དང་།
གྲ་བ་བྱེད་མཁན་མང་ནས་མང་དུ་སོང་ན་ཏང་དང་རྒྱལ་ཁབ་ཡི་ག་གཏིང་རུ་གཏིང་ནས་ལོག་འགྲོ་བའི་གསང་བ་ཤེས་ཏེ་སེམས་ཚགས་བྱེད་ཀིན་ཡོད་པ་འདྲ།
གཅིག་བྱས་ན་ཡུན་རིང་མི་འགོར་བར་ཨ་ཅག་འཇམ་སྐྱིད་ཀྱི་རེ་འདུན་བཞིན་ཏང་དང་རྒྱལ་ཁབ་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་དེ་ཡང་གཏན་འགོག་བྱེད་ན་ཐང་།
འདི་གཟའ་བ་གཉིས་ཀྱི་བཤད་སྟངས་འདི་ལ་བལྟས་ན་རིགས་གནས་གསར་བརྗེ་སྐབས་ཚོགས་ཆེན་ཞིག་གི་དཀྱིལ་ལ་བླ་རྒན་ཞིག་གི་མགོར་ཤོག་ཞ་རིང་པོ་ཞིག་སྐོན་ཏེ་སྔོན་འགྲོ་བ་ཚོས་འཐབ་རྩོད་བྱེད་ཀིན་ལོས་ཡོད་བསམ་གི
དགེ་བཅུའི་ཁྲིམས་བཞག་པ་འགྲིག་འདུག
མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་གསུང་སྐད་གྲགས་ཅན་ཀུན་ལ་མཐུན་ལམ་བྱེད་དགོས།
ཡིན་ཡང་རང་ཚུགས་འཆོར་མི་ཉན་ཟེར་བ་དེའི་ཤུགས་རྐྱེན་ཞིག་ལོས་ཡིན།
མཁས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་དར་སྤེལ་བཏང་འདུག
རྒྱབ་སྐྱོར་ཡོད། ཁྲིམས་ནི་མི་རིགས་དང་།
རིགས་གནས། དཔལ་འབྱོར་སོགས་སྤྱི་ཚོགས་ཕྱོགས་ཡོང་ནས་ཡར་རྒྱས་འགྲོ་བའི་རྨང་གཞི་རེད།
དགེ་བཅུའི་ཁྲིམས་ནི་ཡབ་ཆེན་སྲོང་བཙན་སྒམ་པོས་བཙུགས་པའི་ཐུ་བྷོད་རྒྱལ་ཁབ་ཀྱི་རྩ་ཁྲིམས་རེད།
ནམ་ཡང་ང་ཚོའི་སྙིང་སྟོབས་ཀྱི་སྲོག་རྩ་ཡིན།
ས་གནས་རེ་ཟུང་ནས་ལག་ལེན་འདེབས་སྟངས་ལ་ཞན་ཆ་ཡོད་སྲིད།
དགེ་བཅུའི་གྲངས་དོན་རེ་རེར་བསམ་བློ་བཏང་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་གྱི་ར་བ་ལས་བརྒལ་ཡོད་པ་གཅིག་ཀྱང་མི་འདུག
དགེ་བཅུའི་ཁྲིམས་འཛུགས་མཁན་རྣམས་ནི་མི་མང་གི་ཁོངས་གཏོགས་ཀྱི་མི་སེར་རྣམས་རེད།
ཁོ་ཚོར་ཚོགས་སྡེ་(དགོན་སྡེ་རྣམས་ཡང་འདུས)འཛུགས་པའི་རང་དབང་ཡོད་དགོས་་ལ།
ཚོགས་སྡེ་ཁོངས་སུ་འཛུལ་བའི་རང་དབང་ཡང་ཡོད་དགོས།
ཚོགས་སྡེ་མགོ་འཛིན་པ་ཚོས་ཚོགས་མི་མི་སེར་རྣམས་འཛིན་བཟུང་བྱེད་ཀིན་མི་འདུག
ཁོ་ཚོས་བཙོན་ཁང་ལ་བཅུགས་ནས་གཅར་རྡུང་ཡང་བྱེད་ཀིན་མི་འདུག
དེའི་ཕྱིར་ཚོགས་མི་མི་སེར་དེ་རྣམས་ལ་མཐའ་མའི་གདམ་ཀ་རང་ལག་ན་ཡོད་པ་རེད།
རང་དབང་རྩོད་ས་ནི་བཙོན་ཁང་དང་མཚོན་ཆ་ལྡན་པའི་སྲིད་གཞུང་ཁག་རེད།
ཚོགས་པ་དང་སྒྲིག་འཛུགས་གང་ཡིན་ཡང་སྒྲིག་ཁྲིམས་ཡོད་པ་རེད།
ཁྲིམས་དང་འགལ་ན་དངུལ་གྱི་ཆད་པ་གཅོད་པ་དང་།
ཡང་ན་ཚོགས་ཁོངས་ནས་ཕྱིར་ཕུད་པ་ནི་རྒྱལ་ཁབ་ཀུན་ལ་ཡོད་པ་ཞིག་རེད།
ལྷག་པར་ཆོས་དང་འབྲེལ་བའི་ཚོགས་སྡེ་རྣམས་ཀྱི་ཁྲིམས་དང་འགལ་ན་ཆོས་སྒོ་རྒྱག་པ་དེ་ཡང་རྒྱལ་ཁམས་ལ་དར་ཡོད།
དཔེར་ན།
རང་དབང་དང་མང་གཙོའི་ཕ་ས་རུ་གྲགས་པའི་ཨ་རིའི་རྒྱལ་ཁབ་འདིར་ཡང་མི་གྲངས་འབུམ་གཉིས་ལྷག་ཡོད་པའི་ཨ་མེ་ཞིའི་(ཞིབ་ཚགས་་་ཨ་རིའི་རང་དབང་དང་ཨ་མེ་ཞིའི་སྙིང་སྟོབས་ཟེར་བ་ན་གསལ་*)མི་གང་ཞིག་གིས་རང་ཁྱིམ་ལ་གློག་འཐེན་པ་དང་རླངས་འཁོར་ནང་བསྡད་ན་ཆོས་སྒོ་རྒྱག་པར་བྱེད།
ཨ་རིའི་དཔལ་འབྱོར་དང་སྲིད་དབང་གི་སྲོག་རྙིང་རུ་འགྱུར་བའི་རྗེའུ་ཞི་(Jewish)་ས་ཡ་དྲུག་དང་ཕྱེད་ཡོད་པའི་ནང་གི་ས་ཡ་བཞི་ལྷག་ཆོས་སྡེ་ཁག་གི་ཚོགས་ཁོངས་ན་ཡོད་པ་གང་ཞིག་གིས་གཟའ་པ་སངས་ཉིན་རླངས་འཁོར་ལས་འདུག་པ་དང་ཁ་པར་འཛིན་པ་སོགས་དེང་རབས་འཕྲུལ་ཆས་བཀོད་སྤྱོད་བྱས་ན་ཆོས་རྒྱག་པར་བྱེད།
ལོ་བརྒྱ་ཕྲག་མང་པོའི་རིང་ལ་ཨ་མེ་ཞི་མི་རིགས་དང་རྗེའུ་ཞི་མི་རིགས་ལ་དེ་ལྟ་བུའི་སྲ་མཁེགས་ལྡན་པའི་སྒྲིག་ཁྲིམས་བཙན་པོ་ཞིག་ཡོད་པ་དེས་ཁོ་ཚོ་དུས་འགྱུར་དང་སྤྱི་ཚོགས་ཟང་ཟེང་ཇི་འདྲ་ཞིག་ཕྲད་ཀྱང་རང་ཚུགས་ཀྱི་སྟོབས་ཤུགས་ལྡན་ཡོད།
དེ་དག་གི་ག་ལ་ཚད།
ཁ་སང་དེ་རིང་ཡི་ཤུ་ཆོས་ལུགས་ཀྱི་ཚོགས་སྡེ་ཁ་ཤས་ནང་མཚན་མཐུན་ཆགས་སྤྱོད་པ་རྣམས་ཚོགས་ཁོངས་ནས་ཕྱིར་འཕུད་བྱས་ཏེ་ཆོས་སྒོ་རྒྱག་གིན་འདུག འདི་དག་་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཞིག་མ་རེད་ལ།
ཨ་རིའི་ཁྲིམས་དང་འགལ་བ་ཞིག་ཡང་མ་རེད། འདས་བའི་ལོ་དྲུག་ལྔ་བཅུའི་ནང་བཅིངས་འགྲོལ་གྱི་འཐབ་མོ་བའི་ལྕགས་རིས་ཕྱིའི་མཐའ་སྐོར་ནས།
ནང་དུ་མི་མང་གི་ཞབས་ཞུ་བ་ཡིན་ཟེར་བའི་དབང་བསྒྱུར་རིམ་པ་སོ་སོའི་ལྟེ་གནས་བརྗེད་ཉམས་ལྡན་པ་ལྷའི་ཕོ་བྲང་འདྲ་བ་དག་དག་བཙུགས།
རིམ་པ་རེ་རེ་ནང་ན་སྲིད་གཞུང་གཙོ་བོ་ཡིན་པའི་ཉེན་རྟོག་ལས་ཁུངས་དང་།
ཁྲིམས་ཞིབ་ལས་ཁུངས། སློབ་གསོ་ལས་ཁུངས།
འཕྲོད་བསྟེན་ལས་ཁུངས་སོགས་སུ་ལྕགས་ཀྱི་ཕོར་བ་ཐོག་པའི་ལས་བྱེད་གྲངས་འབོར་མི་སེར་གྱི་ཁྱིམ་གྲངས་དང་ཉེ་བ་ཡོད་ན་ཡང།
ཞིང་འབྲོག་མི་མང་ཚོས་གིན་དྷེ་རྗེ་ལགས་ཀྱི་མཉམ་འབྲེལ་མི་བྱེད་པ་འདི་ཡིན་ཟེར་བ་བཞིན་སློབ་སྤྱོང་བྱེད་ས་དགོན་པ་དང་རང་འཚོའི་གནས་ལ་བྱས།
ན་ཚ་བྱུང་ན་རིམ་འགྲོ་རེ་སྒྲུབ་ནས་བོད་སྨན་རེ་འཐུང་སྟེ་བསྡད།
བདེ་འཇགས་ཁྲིམས་དོན་ཡང་ཡིག་ཐོག་ན་མེད་པ་མ་གཏོགས་ཆེ་བ་མྱི་བསད་ནས་ཆུང་བ་མཐུར་མདའ་རྐུས་བ་ཡན་གྱི་གྱོད་དོན་ཡོད་ཚད་བླ་མ་སྤྲུལ་སྐུ་གཙོས་གྲ་བ་དང་སྡེ་བའི་རྒན་པོ་ཚོས་བཤད་དེ་སྒེར་ཚུགས་ཀྱི་ངོ་བོར་བསྡད་རྐྱེན་རིམ་པ་སོ་སོའི་སྲིད་ལས་ཁུངས་ཁག་ལ་ལས་ཀ་མེད་པར།
ཡིད་ཆེས་མེད་པར། འབྲེལ་བ་མེད་པར། ངོ་གནོང་དགོས་པ་བྱུང་ཡོད།
གྲ་བཙུན་རྣམས་ང་ཚོའི་སྲིད་འབྱོར་རིག་གསུམ་གྱི་སྲོག་རྩ་ཡིན།
ཡང་འཇམ་སྐྱིད་ཀྱིས་དགོན་སྡེ་དང་གྲྭ་བཙུན་ལྷག་བསམ་ཅན་སྐོར་ཞིག་གིས་ཀྱང་མང་ཚོགས་སྣེ་ཁྲིད་མཛད་དེ་ཕ་སྐད་གཙང་མ་ལབ་རྒྱུ་དང་མ་ཡིག་ངོ་ཆོད་དུ་འཇུག་རྒྱུ།
གསར་བྱུང་ཐ་སྙད་མང་པོ་ཕྱོགས་བསྒྲིགས་ཀྱིས་སྤྱི་ཚོགས་སུ་འགྲེམ་པ།
མི་རིགས་ཀྱི་འདུ་ཤེས་སློང་བ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ལ་ཞབས་ཞུ་གང་རིགས་སྒྲུབ་ཀྱི་ཡོད་ལ་ནུས་པ་ཡང་འཐོན་དང་ཐོན་མུས་སུ་ཡོད་པ་སུས་ཀྱང་བསྙོན་དུ་མེད་
ཟེར་བ་འདི་དག་ནི་གོ་ཁའི་རྒན་རྒོད་དང་ལ་ཁའི་ལུག་རྫི་ཚང་མས་ཡང་བཟང་གི
རྒྱན་གི་ཟེར་ནས་མཐེ་བོ་སྟོན་བཞིན་ཡོད།
དེ་ཙམ་ལས་མི་ཤེས་ན་ཁོ་ཚོས་ཁོ་ཚོར་དཔྱོད་ཤེས་བ་དང་བློ་འབྱེད་པ་ཟེར་བ་ནི་རུལ་མས་བུ་བསྟོད་ཟེར་བ་དེ་མ་རེད་དམ།
དུས་རབས་སྔ་ཕྱི་གཉིས་ཀའི་ནང་བོད་ཀྱི་གྲ་བཙུན་རྣམས་ནི་སྲིད་ཀྱི་རུ་དཔོན་བྱས་འདུག
ཆིག་སྒྲིལ་གྱི་སྲོག་རྩ་ཆགས་འདུག
རིགས་གནས་ཀྱི་རྒྱུད་འཛིན་པ་ཉན་འདུག དཔལ་འབྱོར་གྱི་ རྨང་གཞི་འཛུགས་མཁན་(ཁོང་དགོད་བྱེད་སྲིད)་དུ་གྱུར་འདུག
ཕྱི་མ་དེའི་དོན་དཔེ་ལ་འགྲེལ་ན་།
ངའི་ཕ་ཡུལ་གྱི་སྡེ་བར་མི་ཆིག་སྟོང་ལྔ་བརྒྱ་༡༥༠༠་ཡོད།
སྡེ་བར་གྲ་བ་ལྔ་བཅུ་ཙམ་ཡོད་པའི་དགོན་པ་ཞིག་ཡོད།
དགོན་པར་ཆོས་སློབ་གཉེར་བྱེད་རྒྱུ་ཆེན་པོ་མེད། གཙོ་བོ་གྲོང་ན་ཆོས་བཏོན་ནས་བསྡད་ཡོད།
དགོན་པའི་གྲ་བ་རྣམས་གཙོ་བྱས་ནས་སྡེ་བའི་རྒན་པོ་ཚོས་སྡེ་བར་མིང་ལ་སྡེ་ཁྲིམས་ཟེར་བ་བཞག་ཡོད།
ནང་དོན་དགེ་བཅུའི་ཁྲིམས་དང་འདྲ།
སྡེ་ཁྲིམས་ནང་གི་བདེ་འཇགས་དང་འཕྲོད་སྟེན་གཉིས་ཀྱི་ཕྱོགས་ནས་དཔལ་འབྱོར་ལ་ཕན་ཡོད།
གཙོ་བོ་དུད་ཆང་དང་རྒྱལ་འཇོག་ཤོ་རྒྱག་གཅོད་པའི་ཁྲིམས་རེད།
ཁྲིམས་འདི་མི་བརྒྱ་ཆའི་གོ་བརྒྱད་ཀྱིས་བརྩི་བཞིན་འདུག་ཟེར།
སྡེ་ཁྲིམས་མ་བཞག་ན་ཉེས་བ་འདི་འབྱུང་གི་རེད།
སྡེ་བར་དུད་ཆང་སྤྱོད་མཁན་མི་བཞི་བརྒྱ་ལྷག་འདུག
ཉིན་རེ་ལ་མྱི་རེ་རེས་དུད་ཆང་ལོངས་སྤྱོད་ལ་ཆ་སྙོམས་ཀྱིས་སྒོར་བཅུ་རེ་ཡིན་པས།
སྡེ་བའི་ལོ་གཅིག་གི་དུད་ཆང་རིན་པ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་དྲུག་(1460000)རེད།
ཆང་འཐུང་སྟེ་འཁོན་རྡུང་རེ་བྱས་པ་དང་རླུང་འཁོར་རྡེབ་སྐྱོན་བྱུང་བ་ཉུང་ཐ་ཡང་ལོ་རེར་དྲུག་ཅུ་རེ་བྱུང་གིན་འདུག་ཟེར།
དོན་སྐྱོན་ཆེ་བ་ལ་སྒོར་ཁྲི་ལྔ་ཡན་གྱི་འགྲོ་སྒོ་དང་།
དོན་སྐྱོན་ཆུང་བ་ལ་སྒོར་སྟོང་ཡན་ཡིན་པས།
ཆ་སྙོམས་སྒོར་བརྒྱད་སྟོང་བྱས་ན་སྡོམ་གྲངས་སྒོར་བཞི་འབུམ་བརྒྱད་ཁྲི་(460000)རེད།དུད་ཆང་སྤྱད་དེ་རང་རང་གི་གློ་མཆིན་གྱི་ནུས་བ་རྒུད་དེ་ནད་རིགས་འདྲ་མིན་བསྐྱེད་ནས་སྨན་རིན་མང་པོ་ཤོར་བ་རྩིས་མེད།
འགོང་རྡོ་འཕེན་མཁན་དང་ཤོ་རྒྱག་མཁན་མི་གྲངས་བརྒྱ་ཡོད་པའི་དབང་དུ་བྱས་ནས་མི་རེ་ཉུང་ཐ་ཡང་སྒོར་ལྔ་སྟོང་རེ་ལོ་རེར་བརླགས་པར་ཚོད་དཔག་བྱེད་ཐུབ་ཟེར།
རྒྱུན་མཚན་ནི་། སྡེ་ཁྲིམས་མི་འཁུར་བའི་ཁྱིམ་ཚང་བཞི་རྒྱ་གྲོང་ན་ཡོད།
དེའི་ཁྱིམ་ཚང་གཉིས་ཀྱིས་ཤོ་བརྒྱབས་ནས་ཁྱིམ་གཞི་སྟོང་འདུག
ཉུང་ཉུང་བྱས་ན་ཁྱིམ་ཁ་དེ་གཉིས་ཀྱིས་ཁྲི་བཅུ་རེ་མེད་རླག་ལ་བཏང་ཡོད་ས་རེད་ཟེར།
མདོར་བསྡུས་ན་དགོན་པའི་གྲ་བ་རྣམས་དང་རྒན་པོ་ཚོས་ལོ་རེ་ལ་སྒོར་ཁྲི་ཉིས་བརྒྱ་བཞི་བཅུ་ལྷག་གིས་སྡེ་བའི་དཔལ་འབྱོར་ཡར་རྒྱས་འགྲོ་བར་ཕན་འདོགས་བཞིན་འདུག་ཟེར།
ང་ཚོའི་སྡེ་བ་གཅིག་པོ་མ་ཡིན་པར་བོད་ཀྱི་ཡུལ་ཁམས་མང་པོ་ན་དགོན་པས་སྣེ་ཁྲིད་བྱས་ཏེ་བོད་ཀྱི་བདེ་འཇགས་འཕྲོད་རྟེན་དང་དཔལ་འབྱོར་ཇེ་ལེགས་ལ་འགྲོ་བའི་བྱ་བ་འདི་ལྟ་བུ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ཐག་ཨ་རིའི་གླིང་ནས་གོ་ནས་ཐག་ཉེ་ཟི་ལིང་གྲོང་ནས་མ་གོ་བའི་རྒྱུ་མཚན་ཅི་ཡིན་ན།
དེ་ལས་གཞན་དགེ་འདུན་པའི་སྡེ་ལ་དད་ལྡན་མང་ཚོགས་ཀྱིས་རང་མོས་ཀྱིས་སྒོར་མོ་འབུལ་བཞིན་པ་ནི་རྙིང་གཏོར་བ་ཚོའི་ཁ་ནང་གི་རྨ་དང་མིག་ནང་གི་ཚེར་མ་རུ་གྱུར་འདུག
གྲ་བཙུན་རྣམས་ལ་བཟའ་ཟླ་བུ་ཕྲུག་ལ་འདངས་རྒྱག་སའི་ཁྱིམ་ཚང་མེད་ལ།
རང་གི་སྲོག་ལས་གཅེས་བར་བྱེད་སའི་རྒྱལ་ཁབ་ཀྱི་བྱ་བ་ཡང་མེད།
ལྷག་བསམ་རྣམ་དག་གི་ངང་ནས་བོད་ཀྱི་ཆོས་དང་རིགས་གཞུང་སྲུང་སྐྱོབ་བྱེད་མཁན་གྱི་སྲུང་དམག་གི་དཔུང་སྡེ་དག་དག་གྲུབ་འདུག་པ་འདི་ནི་བོད་ཀྱི་སྔོན་གསག་བསོད་ནམས་ལས་བྱུང་བ་ཡིན་རྒྱུ་རེད།
དོན་ཆེན་འདི་འདྲ་སྒྲུབ་པ་ལ་ཁོང་ཚོར་ཡང་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་ཞིག་ལོས་དགོས།
དགེ་འདུན་རྣམས་ལ་་སྒོར་ལྷག་ཅུང་ཙམ་རེ་ཡོད་ན་ཀློག་གླད་དང་ཁ་པར་ཉོས་མཁན་མང་པོ་ཡོད་པ་དེས་ཡང་དེང་གི་རྒྱུ་ལམ་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་ཞིག་ཆགས་འདུག
ཟི་ལིང་ནས་དཔེ་ཆ་ཙོང་མཁན་བུད་མེད་གཉིས་ཀྱིས་བརྗོད་པ་ལྟར་ན་
དཔེ་ཆ་ཉོ་མཁན་བརྒྱ་ཆའི་དྲུག་ཅུ་ལྷག་གྲ་བ་རྣམས་རེད་ཟེར།
དེ་ལྟར་ན་གྲ་བཙུན་རྣམས་མེད་ན་བོད་ཀྱི་དཔེ་བསྐྲུན་ཁང་ཚང་མ་སྒོ་རྒྱག་དགོས་རྒྱུ་རེད།
དེ་དུས་ཞོགས་དུང་ལ་དཔེ་ཆ་རྩོམ་སྒྲིག་བྱེད་རྒྱུ་མེད་ནས་ཁོའི་བྱ་བ་ཤོར་རྒྱུ་རེད་ལ།
ཁོ་ཚང་གི་སྒེར་གཉེར་དཔེ་ཁང་དེ་ཡང་སྒོ་རྒྱག་དགོས་རྒྱུ་རེད།
དེ་དུས་ཁོ་ཚང་ལ་ལྟོགས་སྐོམ་ཡོང་ན་ཐང་(རྩེད་མོ་ཡིན)།
དེ་ལྟར་བསམ་ན་དད་ལྡན་པས་སྒོར་འབུལ་ས་ནོར་མི་འདུག
གྲ་བཙུན་གྱིས་སྒོར་གཏོང་ས་ཡང་ནོར་མི་འདུག
སྨོན་འདུན་འགྲུབ་ལ་ཉེ།
རྙིང་གཏོར་བ་དང་ཤེས་ཡོན་པ་རྣམས།
འདས་ཟིན་པའི་མེས་པོ་རྣམས་ནི་ལོ་རྒྱུས་ཉེས་ཅན་པ་ཡིན་ཡང་ཁྱེད་ཅག་ནི་བོད་ཀྱི་ལོ་རྒྱུས་ཀྱི་གསེར་གྱི་རྫོགས་ཅིག་འབྲི་མཁན་རེད།
ཁྱེད་ཅག་གི་སྨོན་འདུན་འགྲུབ་བཞིན་ཡོད། ཁྱེད་ཅིག་གིས་གཏོར་བསམ་པ་དེ་འཐོར་བཞིན་ཡོད།
ཁྱེད་ཅིག་གིས་སྒྲུབ་བསམ་པ་དེ་འགྲུབ་བཞིན་ཡོད།
སྨོན་འདུན་དང་པོ།
ལོ་བཅུའི་སྔོན་གྲ་བ་བརྒྱ་ཡོད་པའི་དགོན་པ་ན་ད་ལྟ་ལྔ་བཅུ་ལས་མེད་ལ།
ལོ་བཅུའི་སྔོན་གྲ་བ་ལྔ་བཅུ་ཅན་མང་པོ་ཞིག་ད་ལྟ་སྟོང་བཞིན་ཡོད་པས།
ཁྱེད་ཅག་གི་མིག་ནང་གི་མགོ་མཁྲེགས་རྨོངས་རྒན་བླ་སྤྲུལ་གྲ་བཙུན་ཚོས་མི་རིང་བར་གྱེས་ཕྱག་འབུལ་རྒྱུ་རེད།
སྨོན་འདུན་གཉིས་པ།
དེང་སྐབས་བོད་ཀྱི་སློབ་ཆུང་ཚད་ལྡན་གཅིག་ཡང་འཛུགས་ཐུབ་མེད་པའི་ཟི་ལིང་ན་ལོ་བཅུའི་སྔོན་བོད་ཁྲི་ལྔ་ཡང་མི་ལོངས་ན་ཡང་དེང་སང་བོད་པ་ཁྲི་བཅོ་ལྔ་ནས་ཉི་ཤུར་འཕར་ནས་དེང་རབས་བོད་པ་ཆགས་ཡོད་པར་མ་ཟད།
མདོ་སྨད་ན་སློབ་ལོ་རིན་པའི་སློབ་མ་བརྒྱ་ཆའི་གོ་ལྔ་སློབ་གྲར་འགྲོ་བཞིན་ཡོད་པས།
ཁྱེད་ཅིག་གི་མིག་ནང་གི་དེང་རབས་དང་ཡར་རྒྱས་ཀྱི་བཀག་རྡོ་རུ་གྱུར་བའི་ཡིག་རྨོངས་རྗེས་ལུས་ཞིང་འབྲོག་པ་ཚོས་ཡང་གྱེས་ཕྱག་འབུལ་ལ་ཉེ།
ཨ་རིའི་རང་དབང་དང་ཨ་མེ་ཞིའི་སྙིང་སྟོབས་འདི་ན་གསལ*
|
Subscribe to:
Post Comments (Atom)
0 comments:
Post a Comment