དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 3 January 2013



༄༅། །རྗེ་བཙུན་འཕགས་མ་སྒྲོལ་མའི་གསོལ་འདེབས་བར་ཆད་ཀུན་སེལ། །

ཨོཾ་ན་མོ་ཨརྱ་ཏཱ་ར་ཡེ། །

ཕྱོགས་དུས་རྒྱལ་བའི་ཐུགས་དམ་རྗེ་བཙུན་མ། །

མ་ལུས་འགྲོ་བའི་འཇིགས་སྐྱོབ་ཐུགས་རྗེ་ཅན། །

ཟག་མེད་ཕན་བདེའི་གཏེར་སྦྱིན་ཉེར་གཅིག་ལ། །

གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །

སྣང་སྲིད་དག་མཉམ་རྒྱལ་ཀུན་སྒྱུ་འཕྲུལ་མ། །

ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་ཡི་དམ་ལྷ། །

མཚུངས་མེད་བདེ་ཆེན་སྟེར་བའི་མཛའ་ན་མོར། །

གསོལ་བ་འདེབས་སོ་བྱང་ཆུབ་སེམས་མཆོག་སྩོལ། །

ཀ་དག་སྟོང་པའི་ངོ་བོ་ཀུན་བཟང་ཡུམ། །

ལྷུན་གྲུབ་འོད་གསལ་རང་བཞིན་ཡེ་ཤེས་སྒྲོན། །

དབྱེར་མེད་ཟུང་འཇུག་ཐུགས་རྗེའི་མཁའ་འགྲོ་ལ། །

གསོལ་བ་འདེབས་སོ་སངས་རྒྱས་མྱུར་ཐོབ་ཤོག །

ཨོཾ་ཨྰརྱ་ཏ་རེ་ཏྰྃ་སྭྰ་ཧྰ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧྰ། །

ཞེས་གསོལ་བ་འདེབས་ན་གནས་སྐབས་བར་ཆད་ཞི་བ་དང་མཐར་ཐུག་སངས་རྒྱས་ཐོབ་པའི་དགོས་པའི་གནད་རྒྱ་ཁྱད་པར་ཅན་ཡོད་དོ། ། ཨེ་ཝྃ་ཆོས་སྨན་ཁང་གི་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་དྲན་སྐུལ་ངོར་རབ་རྒྱན་ཆུ་འབྲུག་མགོ་ཟླ་བའི་དབང་ཚེས་བཟང་པོ་འམ།

ཕྱི་ལོ་༢༠༡༣ ༡ ༡ ལ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་འགྲོ་ཁམས་ཡོངས་ལ་ཕན་བདེའི་ཐབས་སུ་བགྱིས་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ