དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 4 January 2013
༈ བཀྲ་རབ་ཐེག་དགུའི་བསྟན་པ་ས་འཛིན་འདིར།
ཤིས་ལྡན་ཤཱཀྱ་གཞོན་ནུའི་ཐུགས་བསྐྱེད་མཐུས།
བདེ་འབྱུང་མན་ངག་མཛོད་འཛིན་བཤེས་གཉེན་རྗེའི།
ལེགས་ཚོགས་སྐལ་ལྡན་རྣམས་ལ་བཅུད་དུ་ཕོབ།
༄། །དེ་ཡང་བདག་དང་སྔོན་བསགས་བསོད་ནམས་དང་ལས་དབང་གིས་འབྲེལ་བའི་དད་ལྡན་སློབ་མ་ ཡོངས་དང་། གཞན་ཡང་སྦྱིན་བདག་དང་ཆོས་གྲོགས་གཙོས་འབྲེལ་ཡོད་ཡོངས་ལ། ད་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ལ་མཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞུ།
སྤྱིར་ལོ་གསར་དང་སྐྱེས་སྐར་ལ་དགའ་སྟོན་བྱེད་པའི་གོམས་སྲོལ་དག་འགྲོ་བ་ མིའི་རིགས་ཀྱི་སྲོལ་རྒྱུན་ཞིག་ཡིན་རུང་། བསམ་ཞིབ་ཞིག་བྱེད་ན་ང་ཚོ་ལོ་གསར་པ་དང་། སྐྱེས་སྐར་སོགས་ནས་འཆི་བ་ལ་ཐག་ཇི་ཉེར་སོང་བ་ཞིག་ལ་དགའ་སྟོན་བྱེད་པ་ཞིག་དང་ མཚུངས། དེ་ལ་དགའ་སྟོན་བྱེད་འོས་མིན་དང་དེས་སོ་སོའི་མི་ཚེ་འདིའམ། ཚེ་ཕྱི་མར་ཕན་ནུས་ལྡན་པའི་སྤྲོ་སྐྱིད་ཞིག་དངོན་སུམ་སྟེར་གྱིས་ཡོད་མེད་དེ་ དཔྱད་པ་བྱེད་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེ། དེ་མིན་ང་ཚོའི་ལོ་གསར་འདི་ཡང་། ཆུ་ནང་གི་ཉ་མོ་སྲོག་འཕྲོག་གི་ལྕགས་ཀྱུ་ལ་རོ་ལྡན་གྱི་བཅུད་དུ་འཁྲུལ་བ་ལྟར་ ལས་གཉིས་སུ་མ་མཆིས་དེས་ན་ང་ཚོས་ཅི་ཞིག་དང་ཅིའི་ཕྱིར་ལོ་གསར་སོགས་ཀྱི་དགའ་ སྟོན་བྱེད་ཀྱི་ཡོད་མེད་དེ་སྔོན་དུ་ཤེས་དགོས།
སྤྱིར་བཏང་ལོ་གསར་པའི་ཉིན་འདིར། བག་མེད་སྤྲོ་འཁྱམས་གཏོང་བའི་དུས་ཚོད་ཞིག་ལ་ངོས་འཛིན་མི་བྱེད་ནས་འདས་ཟིན་ པའི་བྱ་སྤྱོད་སོགས་ལ་དཔྱད་ཞིབ་བྱེད་པའི་ཉིན་མོ་ཞིག་ལ་ངོས་འཛིན་བྱེད་ན་དགེ་ འབྲས་དང་ལྡན་པའི་ལོ་གསར་གྱི་དགའ་སྟོན་དུ་འགྱུར་ཐུབ། དཔྱད་ཞིབ་བྱེད་པ་དེ་ཡང་འདས་པའི་ལོ་རྒྱུས་ལ་བསྐྱར་ལོག་རྒྱག་རྒྱུ་མེད་ན་ཡང་། འདས་ཟིན་པའི་འཚོ་བས་བརྒྱུད་རིམ་ཁྲོད་ཀྱི་བདེ་སྡུག་ཚོར་བའི་ཉམས་མྱོང་གི་ རྒྱུ་བྱས། དཔྱད་ཞིབ་ཉམས་མྱོང་གི་རྐྱེན་བྱས། བླང་དོར་གནས་ལུགས་སྟོན་པའི་འབྲས་བུ་བྱས་པའི་མཐུས། མི་ཚེ་དོན་ལྡན་ཡོང་བའི་མཐུན་རྐྱེན་བཟང་ཤོས་སུ་འགྱུར་སྲིད།
༡༽  དེ་ལྟར་དཔྱད་ཞིབ་བྱེད་པའི་བརྒྱུད་མི་ཚེ་དོན་དང་ལྡན་པའི་ལས་ཀ་གཞན་སྨོན་རང་ སྐྱིད་ཞིག་བྱེད་ཟིན་པས་སྡོམ་རྩིས་ཞིག་སྤོབས་པ་དང་ལྡན་པའི་སྒོ་ནས་རྒྱག་རྒྱུ་ འདུག་ན།  རང་བཞིན་གྱིས་བློ་བདེ་བག་ཕེབ་ངང་གནས་ཐུབ་པ་མ་ཟད།  འབྱུང་འགྱུར་གྱི་ཁ་ཕྱོགས་དག་ལ་ངལ་མེད་སྤྲོ་དགའི་ངང་འཇུག་ཐུབ་པའི་ལམ་སྟེག་ ཞིག་ལ་རང་བཞིན་གྱིས་སླེབ་ཐུབ། དེ་འདྲ་བྱུང་ན་ཆེད་དུ་གཉེར་ནས་དགའ་སྟོན་བྱེད་ཀྱང་རུང་ལ་མ་བྱེད་ཀྱང་རུང་། གང་ཡིན་ཞེ་ན། ཞི་བདེའི་བློ་དེ་རྒྱུན་དུ་རང་གི་སེམས་ནང་ལ་གནས་སྲིད།
༢༽ གལ་སྲིད་དཔྱད་ཞིབ་བརྒྱུད་འདས་པའི་ལག་རྗེས་ནང་། གནས་སྐབས་ཆགས་སྲེད་དབང་གིས་རང་ལ་ཞུ་དག་གཏོང་རྒྱུའི་གོ་སྐབས་ཙམ་ཡང་བྲལ་ཏེ། བག་མེད་རྒྱས་སྤྲོས་ཀྱི་སྒོ་ནས་རྩ་ཆེའི་རིན་ཐང་བྲལ་བའི་དུས་ཚོད་ཡོངས་རྫོགས་ རྣམ་གཡེང་ངང་མཐུས་ཤོར་ཐོག་མི་ཚེ་སྟོང་ཟད་དང་ཆུད་ཟོས་ཕྱིན་ཡོད་ན།
དེ་རིང་ལོ་གསར་གྱི་དགའ་སྟོན་དེ་རང་མགོ་རང་གིས་བསྐོར་བ་ཙམ་མ་གཏོགས་དོན་ལ་སྤྲོ་སྐྱིད་རྣལ་མ་ཞིག་ཐོབ་མི་སྲིད།
གང་ཡིན་ཞེ་ན། མུ་མཐུད་ཁ་སང་ནས་བསགས་པའི་དཀའ་ངལ་དེ་ཐག་མ་ཆོད་པའི་གནས་ཚུལ་དང་། ལས་དོན་མང་པོ་ཞིག་ངང་བསྒུགས་བྱས་ཡོད་པ་དེ་དག་སེམས་ཁྲལ་དང་དཀའ་སྡུག་གིས་ གདོང་ལེན་བྱེད་རྒྱུར་མདུན་དུ་ལྷག་ཡོད།
ལོ་གསར་པ་ཞིག་སླེབས་པ་དེས་རང་གི་དཀའ་སྡུག་གིས་འཁོར་ཡུག་རྙིང་པ་དེ་ལ་ འགྱུར་ལྡོག་གང་ཡང་ཕྱིན་མེད་ལ་གཏོང་ཡང་མི་ཐུབ། དེས་ན་ལྟར་སྣང་གིས་ལོ་གསར་གྱི་དགའ་སྟོན་ཞིག་བྱེད་པ་ལས། དོན་དམ་པའི་ལོ་གསར་གྱི་དགའ་སྟོན་བྱེད་རྒྱུ་དེ་གལ་ཆེ། གང་འདྲ་ཞིག་གིས་དོན་དམ་པའི་ལོ་གསར་དགའ་སྟོན་ཞིག་བྱེད་དགོས་ཞེ་ན། ལོ་གསར་པ་འདིས་བརྒྱུད། གནས་ལུགས་གསར་པའམ་ལྟ་བ་གསར་པ་ཞིག་རྒྱུད་ལ་སྐྱེ་ཐབས་སུ་འབད་དགོས།
དེ་ཡང་སྔར་སྡུག་བསྔལ་གྱི་གཞི་མ་ཕྱི་ཅི་ལོག་པའི་ལྟ་སྤྱོད་རྙིང་པ་དག་ དོར་ནས། མ་འོངས་འབྱུང་འགྱུར་གྱི་ཁ་ཕྱོགས་གཏན་བདེའི་ལམ་ཡང་དག་པའི་ལྟ་སྤྱོད་གསར་པ་ ཞིག་རྒྱུད་ལ་སྐྱེ་བར་འབད་དགོས། དེ་ལྟ་བུ་རྒྱུད་ལ་སྐྱེ་བར་བྱེད་པ་ལ།
༡༽གཞི་ཀུན་སློང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་དང་ལྡན་དགོས།
༢༽ལམ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་དང་ལྡན་དགོས།
༣༽འབྲས་བུ་གཏན་གཡོའི་དངོས་པོ་མཐའ་དག་མ་བཅོས་ལྷུན་གྲུབ་སྟོང་གསལ་དག་ མཉམ་ཆེན་པོའི་གནས་ལུགས་རྟོགས་པ་དང་ལྡན་དགོས། དེ་ལྟར་རྟོགས་ན། ད་ལྟའི་འཁྲུལ་པའི་སྣང་བ་འདི་རང་ཞིགས་སུ་འགྲོ་བ་མ་ཟད། ཆབས་ཅིག་དེ་ལས་བྱུང་བའི་སྡུག་བསྔལ་དེ་ཡང་རང་འགགས་སུ་འགྱུར་ཐུབ་པ་དང་། མ་འོངས་འབྱུང་འགྱུར་གྱི་ཁ་ཕྱོགས་དེ་ཡང་། ཡང་དག་པའི་ལྟ་སྤྱོད་གསར་པ་རྣལ་མ་ཞིག་ངེས་པར་དུ་རྒྱུད་ལ་སྐྱེས་ཐུབ། དེ་ལྟར་སྐྱེས་ན། ད་ལྟའི་ལོ་གསར་ཐོག་ཕན་ཚུན་སྨྲས་པའི་རེ་འདོད་ཀྱི་ཤིས་ཚིག་དེ་དག་རང་ལ་རང་ཆས་ སུ་ཡོད་པ་དང་།  མི་འདོད་འགལ་རྐྱེན་གྱི་རིགས་དག་རང་ཡལ་དུ་འགྲོ་བའམ་མཐུན་རྐྱེན་གྱི་གྲོགས་ སུ་རང་བཞིན་གྱིས་འགྱུར་ཐུབ། མཐར་ཐུག་རྩོལ་མེད་ངང་གཏན་བདེ་རྒྱལ་བའི་གོ་འཕངས་དེ་ཡང་མངོན་སུམ་རྙོག་ཐུབ། དེ་ལྟར་བྱུང་ན་ཁྱད་དུ་འཕགས་པའི་ལོ་གསར་ཞིག་འགྱུར་ཐུབ་པ་མ་ཟད་ཚེ་འདིར་སྤྲོ་ སྐྱིད་ལྡན་པའི་མི་ཚེ་ཞིག་ཏུ་འགྱུར་སྲིད་ལ་ཕྱི་མར་རེ་དོགས་དང་བྲལ་བའི་དོན་ སྙིང་དེ་ཡང་ལོན་སྲིད། དེ་འདྲ་བྱུང་ན། གཅེས་སྤྲས་འོས་ཤིང་སྤྲོ་སྣང་ལྡན་པའི་ལོ་གསར་གྱི་དགའ་སྟོན་དེ་ད་གཟོད་དངོས་ སུ་མྱང་ཐུབ་བོ།
༈ ཆུ་སྐྱེས་ཀུན་གཞི་གནས་ལུགས་རབ་རྟོགས་ཕྱིར།
འབྲུག་སྒྲ་ལྟར་སྙན་ཐུབ་གསུངས་མཛོད་འདི་ཡིས།
ལོ་བརྒྱ་སྟོང་ཆེན་གཉིས་དང་གྲངས་བཅུ་གཉིས།
གསར་འཆར་འདི་ལ་ཤིས་པའི་དགའ་སྟོན་སྩོལ།
༄། ཅེས་པ་འདི་ཡང་རང་སློབ་པདྨ་ཤེར་སྒྲོན་ནམ། ཐའེ་ཝན་གྱི་དགེ་བསྙེན། གཏན་ཚིག་རིག་པའི་འབུམ་རམ་པ། (ཚོཝེ་གྷ་ཤིན) གྱིས་ཆུ་འབྲུག་གནམ་ལོ་གསར་ཚེས་འདི་ལ།  ཤིས་ཚིག་ཞིག་འབྲི་རོགས་ཞེས་ལྷག་བསམ་དག་པའི་ངང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ ནས་གློག་འཕྲིན་བརྒྱུད་བསྐུལ་མ་བྱུང་བ་ལ་བརྟེན་ལོ་གསར་གྱི་བསམ་བློ་ཁྱེར་ སྟངས་དང་འབྲེལ་བའི་ཉམས་ལེན་བྱེད་སྟངས་མདོར་བསྡུས་བསླབ་བྱའི་ཚུལ་དུ་ཤར་ སྤྲུལ་སྐྱེ་མིང་གསུམ་པ་དམ་ཆོས་རྒྱ་མཚོ་ཞེས་པ་དེས་བལ་ཡུལ་ས་ལྷག་རྡོ་ལྷག་ མཆོད་རྟེན་ཉེ་འགྲམ་དེར་གནས་པའི་སྔ་འགྱུར་གར་དབང་འགྲོ་འདུལ་གླིང་གི་རང་ཤག་ ཏུ་སྤྱི་ལོ་༢༠༡༢/༡/༦ དང་། བོད་རྒྱལ་ལོ་༢༡༣༨ ལྕགས་ཡོས་བོད་ཟླ་༡༡ ཚེས་༡༣ ཉིན་གང་དྲན་ཤར་མར་བྲིས་པ་དགེ་ལེགས་འཕེལ།
勝美九乘教法此世界,吉祥釋迦童子發心力,
擁持得樂竅訣善知識,諸妙精要降與有緣眾。
在此新年開年的慶祝中,向往昔積聚福德及宿業與我有緣之一切具信弟子,和以施主、道友為主的一切有緣者問候,並祝吉祥如意!
一般於新年和生日作慶祝活動的習慣,可以是人類的風俗。但仔細思維,我們 從新年和生日起,已更接近死亡,這和慶祝同時。對此而言,是否應慶祝?這能否為個人的今生或來世,真實帶來能夠利益的快樂?這樣的觀察是極為重要的,否則 我們這新年,和水中魚類將奪命的鐵鉤誤以為美味的食物般,沒有兩樣。因此我們應該要先了解,要作或不要作?作什麼和為什麼作新年等慶祝?
通常新年這天,不會認為是放逸玩樂的時候,若認為這是探討過去行為等的一天,就能變成具有善果的慶祝活動。這個探討雖然不能再回到過去的歷史,但以過去的生活所經歷的苦樂感受為因,探討的經驗為緣,顯示取捨的情形為果,此威力會成為人生具義的最佳助緣。
1、經由這樣的探討,作了別人羨幕、自己快樂、令人生具有意義之事,加起 來若能歡喜地進行,則不僅能夠自然地安住在舒暢安穩中,將來也能自然到達多方面不必辛勞就能得到歡喜的道階。若能那樣,特意追求而去慶祝也可以,不慶祝也 可以。怎麼說呢?因為和平的心,平常就安住在自己心中。
2、假使經過探討,過去的成果中,因暫時的貪愛,連自我改正的機會也沒 有,並以放逸鋪張而失去重要的價值,令所有光陰都於渙散中浪費掉,而空盡、虛耗人生,那麼今天新年的慶祝,只是自我欺騙而已,實際上不可能得到真正的快 樂。怎麼說呢?因為有接續昨日所累積的問題、不能確定的狀況,和要在眾多事務當中等待,有那些擔心和困苦擺在前面,而把問題留在未來。新年的來臨,不能令 自己舊有的困苦相續有任何改變,也無法捨棄。因此相較於近似地慶祝新年,勝義的新年慶祝更為重要。
要作怎樣的勝義的新年慶祝呢?經由這個新年,應努力設法令心中生起新的狀況或新的見地。其中,應捨棄往昔痛苦的根源──舊有的顛倒見地、行為,而努力讓心中生起未來方面永恆安樂之道──新的正確見地、行為。
對怎樣在心中生起而言:
1、基──必須有出離心、菩提心的動機。
2、道──必須有聞思修的修持。
3、果──必須證悟世界皆是無造作、任運成就、空明、大平等的實相。

能那樣證悟,則不僅現在這幻相會自己壞滅;同時由這所產生的痛苦,也能夠 自行斷滅;未來方面,真正新的正確見地、行為,也一定能在心中生起。若那樣生起,現在新年時,互相祝福的那些賀詞,自己自然具有;不想要的違緣之類,會自 行消散,或能自然轉變成順緣之助伴;究竟上,也能在無辛勞中,證悟永恆安樂的佛果。若是那樣,不僅能變成特別殊勝的新年,今生會是快樂的人生,來世也會得 到沒有期待、疑慮的要義。這樣的話,現在才能真正體驗值得珍惜、快樂的新年慶祝。
為證蓮花阿賴耶實相,以此悅耳雷聲佛語藏,
兩千多年與一十二數,於此新現賜吉祥慶典。
此乃依吾弟子台灣居士哲學博士候選人貝瑪喜珍,於此水龍年新年時候,以清淨意樂,從台灣首都台北經由電訊勸請寫個祝賀文,而以教誡的方式,簡要講說新年與心態相關的修持法。
第三世夏祖‧談確嘉措於尼泊爾薩拉朵拉(剩土剩石)佛塔所在的附近──安久噶旺卓都林(舊譯舞自在伏眾洲)寺的自己房中,就心中所現而直接寫下。西元2012年1月6日,藏曆2138鐵兔年11月13日。願善妙增長!
(台灣新竹 盧瑞棻 居士 中譯)
TOP
The vast wondrous, most supreme teachings of the nine vehicles within this world.
Arises from the enlightened intent of the auspicious youthful Buddha Shakyamuni
And the excellent spiritual teachers, holders of the treasury of the pith instructions, the source of all happiness,
May their essence rain down on all those excellent gatherings of fortunate students.
I and all those students who have accumulated past merit and the faithful connected through the power of karma and also to all sponsors and related dharma friends: in the coming New Year I offer my greetings, Auspicious prayers and Tashidelek.
In general New Year Celebrations-Losar and birthdays parties are part of the customs and culture of people in this world. However according to the Buddhist perspective, if we really think about it, the New Year and birthday celebrations are only bringing one closer to death so it is little hard to say whether it is appropriate to celebrate or not. Therefore we must check whether the celebration helps us in this life or in future lifetimes to gain real joy and happiness or not. If not our celebration of Losar is like a hook with tasty bait thrown in the water to deceive the fishes who will then lose their life. In the same way we might also be losing precious time, energy, wealth and so forth. Therefore first we must think about why and know for what purpose we are celebrating Losar etc.
In general on Losar day through our not recognizing our careless behavior we are just wasting our time. Therefore if we carefully check our past actions or behavior during the day and then have awareness of what we are doing, our Losar celebration will become meaningful.
When we check our past deeds it doesn’t mean that past actions can be reversed but we should know past living experiences as the cause to experience suffering and happiness. Examination of the experiences become the circumstance and through that the result, which shows the way for what to abandon and what to accept.
Thus the rest of ones human life becomes meaningful with fortunate circumstances and all becomes extremely excellent.
1) Like that through examination, one’s life work will become meaningful, help others to aspire to do good and oneself will gain happiness. If one calculates what positive result one has achieved this brings self confidence and joy and will be able to remain naturally with a joyful mind in a state of relaxation.
Moreover in the future wherever we go we will be without hardship, and are able to joyfully enter the levels of the path and automatically reach the ultimate.
If that happens then we don’t need to deliberately strive, its fine if we do the celebration and also OK if we don’t do the celebration. If you ask why? It is because this peaceful, joyful mind exists continuously within your own mind.
2) In case, through examining the past results, we momentarily fall under the power of attachment and craving, we won’t have the time to review them or go over.
Instead if through complete carelessness, ones precious, priceless time is completely wasted, squandered and empty of meaning, today’s Losar celebration will only be oneself deceiving oneself and one will not able to attain the genuine, ultimate joy and happiness.
If you ask why that is? It is because already one has continuously accumulated hardships which are not yet decided, is the circumstance and so many things are waiting for you to do, causing anxiety and tension. You still have to face those difficulties and worries in front of you.
That is why in this coming New Year you will be surrounded by the old suffering, difficulties and hardships which you have not been able to get rid of or change.
That’s why instead of this temporary Losar it is much more important to celebrate the ultimate Losar.
So if one asks what is necessary in order to celebrate the ultimate Losar? Through this temporary Losar one must exert oneself in the method which gives rise in ones mind stream to the fundamental abiding nature of reality and pure view.
Also by getting rid of and purifying the basis of the past sufferings, the old wrong view and conduct, then in the future whatever direction on the path to ultimate happiness one takes, one must make effort to develop in ones mind stream a fresh completely pure view and conduct.
In order to develop ones mind:
1) As the basis, one needs to possess proper motivation, renunciation and bodhicitta.
2) As the path, one needs to practice these three: listening to the teachings, contemplating them and meditating on them.
3) And as the result, one needs to realize, that all things, the world and the beings in it, are the ultimate nature of the great equanimity, unfabricated, spontaneously present, the luminosity of emptiness (emptiness -luminosity).
If one realizes that then present illusionary appearances will naturally dissolve or collapse. And together with that, the present occurring suffering will naturally to be stopped. In the future, one will certainly be able to develop in ones mind stream the genuine, completely pure view and conduct. If one can develop that then during this present Losar no need to say and send greetings because they are inherently within you and on top of that all kinds of unwanted adverse conditions automatically disappear and favorable conditions will naturally arise to help one.
Finally one will actually achieve the state of effortlessness, the level of everlasting happiness. When that happens it will be to become an extraordinary (noble) Losar, moreover this life will be joyful and happy and in the future you will be separated from hope and fear and be able to accomplish the essence. It is a Losar celebration worthy of praise and esteem, full of joy which we are able to actually experience at this very moment.
In order to completely realize the fundamental natural state like a stainless lotus
the vast melodious teaching of the Buddha Shakyamuni, resounds like thunder of the dragon
Taught two thousand and some hundred years ago.
In this coming New Year may the enlightened ones will bestow the auspicious celebration.
In order to fulfill the humble request via email of my student the Taiwanese Ph.D upaska Pema Sherdron, Chinese name TSUI Ke-Hsin on the occasion of the New Year of the Water Dragon, this written by the third Shatrul Damcho Gyamtso in Nepal, at Ngagyur Garwang Drodul Ling near the the stupa of Salhag Dolhag in Chabahil, on the sixth of January 2012 or according to Tibetan Calendar the year 2138 of the Iron Rabbit, the thirteenth of the eleventh month. As requested I decided in relation with this New Year message to tell briefly what attitude one should have and how to practice the celebration of the New Year.
(English translation by Ani Lodro Palmo)
TOP

0 comments:

ཟིན་བྲིས་འཚོལ་ཡུལ