དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 10 February 2013
སྡོམ་པ་འཕྲོག་བའི་བླ་རྒན་དེ་ཁ་གོར།



-------རང་ཉིད་ལ་དྲིན་ཆེ་བའི་ཇོ་མོ་ཞིག་གི་སྡོམ་པ་ཤོར་སོང་བས། ཞེ་སྡང་གི་མགོ་མ་བསྣོན་ནས་བྲིས།
དོ་ནུབ་རྒྱ་མི་ཡི་གནམ་ལོ་གསར་བའི།།
རེས་གཟའ་མིག་དམར་གྱི་མཚན་མོའི་ངོགས་ཀྱི།།
དུས་ཚོད་ཐིག་ལེའི་སྟེང་ཐོས་བ་དེ་ནི།།
དྲིན་ཆེན་ཇོ་མོ་ཁྱོད་བྱིས་པ་འདུག་ཟེར།།
ནག་ནག་སྐྲ་ལོ་དེ་རིང་བོ་ལོན་འདུག།
དམར་དམར་མཆུ་རྩི་ཞིག་ཁ་ལ་དྲུད་ནས།།
མིང་ཆེན་བླ་རྒན་དེའི་རྗེས་སུ་སྙེགས་ཏེ།།
རྒྱ་ཡུལ་ཧྲང་ཧེ་ན་འཁྱམ་བཞིན་འདུག་ཟེར།།
ཀུ་ཤུའི་ཁ་པར་དེ་ལག་གཡས་བཟུང་ནས།།
རྒྱབ་ཁུག་ལོང་ཆེན་ཞིག་ལག་གཡོན་ཁུར་ནས།།
དེང་རབས་གསར་ཐོན་གྱི་ལྭ་བ་གྱོན་ནས།།
རྒྱ་སྐད་རེ་གཉིས་ནི་བཤད་ཀྱིན་འདུག་ཟེར།།
ཆེ་ཆེ་མིང་བྱང་ཡི་བླ་རྒན་དེས་ཀྱང་།།
ད་དུང་དམར་སེར་གྱི་ལྭ་བ་གྱོན་ནས།།
ཇོ་ལོག་ཁྱོད་ཉིད་ཀྱི་གསང་དོར་ཉར་ན།།
ང་ཚོའི་གངས་ཅན་གྱི་ངོ་ཚ་ལོས་ཡིན།།
མི་སྙན་སྐད་ཆ་དེ་རྣ་ལམ་ཐོས་དུས།།
དབང་མེད་ལུས་ཟུང་ནས་བ་སྤུ་གཟེངས་སོང་།།
དེ་ནི་མི་ལམ་གྱི་འཕྲུལ་སྣང་བསམ་བཞིན
རེ་ཞིག་ཧངས་སིངས་ནས་སེམས་པ་བརྒྱལ་སོང་།།
དྲིན་ཆེན་ཨ་ནེ་ཁྱོད་ཇོ་ལོག་མེད་ན།།
མེ་གསོན་འཁྱམ་པོ་ངའི་སེམས་པའི་བསྲིབ་ན།།
མདངས་ཆེན་མི་ཞིག་གི་མཐོ་སར་བགྲེང་ཡོད།།
རེ་བ་ཆེ་ཆེ་ཞིག་ཁྱོད་ལ་བཅངས་ཡོད།།
མི་ལའི་བྲག་དམར་གྱི་སྒོམ་ཁང་ནང་ནས།།
ཤ་སྐམ་སྐྲ་རིང་གི་མི་ལ་སྣང་བཞིན།།
ལོ་ཟླ་གང་མང་ལ་འཚོ་གནས་བསྐྱལ་ཐ།།
ང་ཡིའི་སེམས་ཁོང་ན་འདང་ཞིག་ལོས་ཡོད།།
ཉིན་མཚན་མེད་པ་ཡི་སྐྱིལ་ཀྲུང་ངང་ནས།།

རྩམ་སྐྱ་ཆུ་སྤག་གི་ཆོག་ཤེས་ཁྲོད་དུ།།
གྱོན་ཆས་ལོ་འདབ་སྟེ་མནར་འདུག་དྲན་ན།།
ད་དུང་ཡ་ཆུང་འདི་འཁེངས་འདར་ལོས་བྱེད།།
དམ་ཉམ་བསྡོམ་ཤོར་གྱི་བླ་རྒན་སྨྱོན་པ།།
སྟོན་པའི་ན་བཟའ་ནི་རྒྱབ་ནས་གཡུག་ཞོག།
ཁྱོད་དང་འདྲ་བ་དེ་ཇེ་མང་སོང་ན།།
བསྟན་པའི་བདག་པོ་ལ་དཀའ་ངལ་ལོས་ལྕི།།
ཁྱོད་ཉིད་སངས་རྒྱས་ཀྱི་སྤྲུལ་བ་ཡིན་མིན།།
བདག་ངའི་སྨྱུ་གུ་ལ་མཁྱེན་པ་མེད་པས།།
ལན་ཆགས་དགུ་སྟོང་གི་སྡོམ་འཕྲོག་བླ་རྒན།།
ད་དུང་མེ་གསོན་ངས་གློག་འཕྲིན་བྲིས་ཡོང་།།

0 comments:

ཟིན་བྲིས་འཚོལ་ཡུལ