དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 9 February 2013
གུ་རུ་པདྨའི་སྙིང་གཏམ།
[ 2012-12-20 9:19:01 | By: thupnor610 ]



༄༅། །གསོལ་འདེབས་བསམ་པ་ལྷུན་གྲུབ་བྱིན་རླབས་ཆར་རྒྱུན་རབ་འབེབས་ཞེས་བྱ་ བ་བཞུགས་སོ༔
ཨེ་མ་ཧོ༔དག་པའི་ཞིང་མཆོག་ལྷོ་ནུབ་དཔལ་རི་ན༔ རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང༔ ད་ལྟ་དུས་ངན་སྙིགས་མའི་སྐྱེ་འགྲོ་ལ༔ ཐུགས་རྗེས་གཟིགས་ནས་བདག་ལ་དགོངས་སུ་གསོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན༔ རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ༔ བཀའ་བརྒྱད་བླ་མ་རྣམས་ཀྱི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ལས་ངན་དག་པར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ཕྱོགས་ལྟ་ན་སྡུག་པའི་ཕོ་བྲང་ནས༔ སངས་རྒྱས་སྨན་བླ་ཨུ་རྒྱན་རིན་པོ་ཆེ༔ སྨན་བླ་མཆེད་བརྒྱད་རིག་འཛིན་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ནད་རིགས་ཞི་བར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་མེ་རི་འབར་བའི་ཕོ་བྲང་ནས༔ ཆེ་མཆོག་ཧེ་རུ་ཨོ་རྒྱན་རིན་པོ་ཆེ༔ ཡི་དམ་ཁྲོ་བོ་ཁྲོ་མོའི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དངོས་གྲུབ་བསྩལ་ཏུ་གསོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མཁའ་སྤྱོད་དག་པ་འོད་ལྔའི་ཕོ་བྲང་ནས༔ མཁའ་འགྲོའི་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔ ཡེ་ཤེས་འཇིག་རྟེན་ཌཱཀྐིའི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དགྲ་བགེགས་གདུག་པ་བསྣོལ་བའི་ཁྲི་སྟེང་ན༔ ཆོས་སྐྱོང་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུག་བཟློག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མི་འགྱུར་རིན་ཆེན་གཏེར་གྱི་ཕོ་བྲང་ནས༔ དངོས་གྲུབ་འབྱུང་གནས་ཨོ་རྒྱན་རིན་པོ་ཆེ༔ ནོར་ལྷ་གཏེར་བདག་རྣམས་ཀྱི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཁ་བའི་ཡུལ་ལྗོངས་བོད་ཀྱི་ཞིང་ཁམས་སུ༔ ལྷ་སྲིན་དམ་འདོགས་ཨོ་རྒྱན་རིན་པོ་ཆེ༔ བཀའ་སྲུང་སྡེ་བརྒྱད་གཞི་བདག་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་མཐའ་ཡི་དམག་དཔུང་བཟློག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་ཆེན་པདྨ་འོད་འབར་ཕོ་བྲང་ན༔ འོད་དཔག་མེད་མགོན་ཨོ་རྒྱན་རིན་པོ་ཆེ༔ ཕྱོགས་བཅུའི་སངས་རྒྱས་སྲས་བཅས་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་པདྨ་འོད་དུ་དྲོངས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ༀ་ཨཱ༔ཧཱུཾ་བཛྲ་གུ་རུ་པདྨ་སིདྔྷི་ཧཱུཾ༔ སྟེང་ན་ཉི་ཟླ་གཟའ་སྐར་ཆོ་འཕྲུལ་བཟློག༔ འོག་ན་ས་བདག་ཀླུ་གཉན་གདུག་རྩུབ་བཟློག༔ བར་ན་བཙན་དང་མ་མོའི་གནོད་པ་བཟློག༔ འབྱུང་བ་བཞི་ཡི་ནད་རིམས་ཐམས་ཅད་ཀྱི་ཁ་ཐིམ༔ ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའ་ཡི་དམག་དཔུང་ཐམས་ཅད་མ་རཱ་ཡ༔བྷྱོ་བྷྱོ༔ བཟློག་བཟློག༔
མ་འོངས་འགྲོ་བ་སེར་སྐྱ་ཕོ་མོ་རྣམས༔ གསོལ་འདེབས་འདི་ལ་རྟག་ཏུ་བརྩོན་གྱུར་ན༔ ནད་གདོན་དུས་མིན་འཆི་བའི་གེགས་ལས་ཐར༔ གཟུགས་ཅན་གཟུགས་མེད་ནད་གདོན་བར་ཆད་ཞི༔ ཕྱི་མ་ཨུ་རྒྱན་ང་ཡི་ཐུགས་རྗེས་བཟུང་༔འདི་ལ་ཡིད་གཉིས་ཐེ་ཚོམ་མ་ཟ་ཞིག༔ པདྨ་ང་ཡི་སྙིང་གཏམ་ཡིན་པར་ངེས༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འཇིགས་མེད་ནུས་ལྡན་བདུད་འཇོམས་རྡོ་རྗེས་རྒྱམ་རྒྱ་ལ་རྡོ་ཐི་གངས་དཀར་སྲིའུ་འོ་མའི་མཚོ་ནང་ནས་གདན་དྲངས་པའོ༔ དགེའོ༔ ༔

0 comments:

ཟིན་བྲིས་འཚོལ་ཡུལ