དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 16 February 2013
རྟེན་འབྲེལ་གྱི་བརྡ་གླུ།
ཨེ་མ་ཧོ།
།
ཕྱི་སྟོང་པ་ནམ་མཁའ་ཡངས་པ་རེད།
།
ནང་སྟོང་པ་སེམས་ཉིད་དག་པ་རེད།
།
དོན་སྟོང་པ་དངོས་པོའི་གནས་ལུགས་ལ།
།
ཆོས་སྟོང་པ་རྟེན་འབྲེལ་མིང་དུ་བཏགས།
།
དོན་མ་རྟོག་འཁྱམས་པའི་རྟེན་འབྲེལ་དེ།
།
རྒྱུ་མ་རིག་པ་ལས་ལུགས་འབྱུང་འཁོར།
།
མཐའ་ཐུག་མེད་འཁྱམ་པའི་འགྲོ་བ་རྣམས།
།
གཞི་བདེན་མེད་རྟེན་འབྲེལ་རྟོགས་པར་ཤོག
།
དོན་བདེན་པ་རྟོགས་པའི་རྟེན་འབྲེལ་དེ།
།
རྒྱུ་མ་རིག་བསལ་ནས་རིག་པ་མཐོང་།
།
ལས་ཉོན་མོངས་ཟད་པའི་རྟེན་འབྲེལ་རྣམས།
།
གནད་སྨིན་གྲོལ་ཐོབ་པར་ཨེ་མ་ཧོ།
།
སྐྱབས་རྩ་གསུམ་རྒྱལ་བར་བདེན་པ་བརྡར།
།
ཆོས་བདེན་ཚིག་ཟབ་མོས་རྟེན་འབྲེལ་གྱིས།
།
གྲོགས་ཀུན་ལ་ཞབས་བརྟན་སྨོན་ལམ་འདེབས།
།
དེ་མི་འཕྲོད་ཚིག་པ་ཟ་མི་དག
།
གོང་ཀླ་ཀློས་བརླམས་པའི་སྤྲེལ་ཕྲུག་ཚོས།
།
ཆོས་འཇིག་རྟེན་ཡང་དག་ལྟ་བ་དང་།
།
ལམ་སོར་བྱང་སྔགས་ལ་བརྩོན་པ་ན།
།
མཐར་ངེས་དོན་བདེན་པའི་རྟེན་འབྲེལ་མཁྱེན།
།
མི་སྨྲ་ཤེས་དོན་གོའི་རྟེན་འབྲེལ་ལས།
།
ཚིག་བདེན་བཞིའི་འཇུག་ལྡོག་ཤེས་པ་དང་།
།
ལམ་བྱང་ཆུབ་སེམས་ལ་དབང་འབྱོར་ནས།
།
གནད་བསྐྱེད་རྫོགས་དགོངས་པ་མངོན་གྱུར་ཤོག
།
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་དབོ་ཟླའི་རྒྱལ་བ་གཉིས་པར་ཨེ་མ་ཧོས་གླུ་རུ་བླངས་པ་དགེའོ།
།
Subscribe to:
Post Comments (Atom)
0 comments:
Post a Comment