དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 3 February 2013
ཨེ་མ་ཧོ་ལ
ལུང་རིགས་གཉིས་མཛོམས་རི་བོ་དགེ་ལྡན་ནས།།
སྤྱོད་ངན་རྙིང་མའི་མཐའ་ཆད་ཨེ་མ་ཧོ།།
ཐུབ་པའི་རྗེས་འབྲང་གྲུབ་མཐའ་མང་ཡོད་ལས།།
དབུས་ལུགས་སྨྲར་བ་རི་བོ་དགེ་ལྡན་ཡིན།།
ཁྱེད་ཚོའི་ལུགས་ལ་དབུ་མ་ཡིན་འདོད་ཡོད།།
དབུ་མ་ཡིན་མིན་དོན་གྱིས་དཔྱད་དགོས་སོ།།
རྒན་མོ་བུ་ཕྲུག་དུ་མ་ཞིག་བཞག་ནས།།
དམ་ཆོས་མཉམ་སུ་ལེན་པའི་ཨེ་མ་ཧོ།།
སྔ་མོར་ཆོས་པ་ཡིན་ཞེས་ཆེ་མདོག་ཞིག།
དགོང་མོར་བུ་མོ་ཞིག་གི་བླ་བར་ན །།
སྔ་ཕྱི་གཉིས་ཀ་གར་གྱི་བྱེད་པོ་སྟེ།།
རྙིང་མའི་གྲུབ་མཐའ་སྨྲར་བའི་ཨེ་མ་ཧོ།།
སྒོམ་པའི་མཉམ་ལེན་སྐལ་བ་སྟོང་ལ་སྦྱང་།།
མཁོར་བའི་བདེ་སྡུག་མི་ཚེ་གང་བོར་གླེང་།།
ཆུང་མ་བྱིས་པ་སོགས་ཀྱིས་ལྟོས་ནས་ཡོད།།
འགན་ཁུར་ཚར་རྒྱུ་མེད་པའི་ཨེ་མ་ཧོ།།
དུང་རབས་འདི་ནི་གཙང་མ་བྱེད་ལ་དགའ།།
རྙིང་མ་ཞེས་པའི་མིང་གི་ཐ་སྙད་འདི།།
གོ་ན་རྣ་ལ་མི་སྙན་དམན་སྒྲ་ལས།།
གཞན་གྱི་ཡུལ་ལ་མི་འཐད་ཨེ་མ་ཧོ།།
གྲོང་ལ་སོང་ནས་གྲོང་མཆོག་འགྲིམས་དུས་ན།།
ལུག་ཤ་མེད་ན་འདོད་པ་མི་འདོད་གི།
འབུལ་བ་མེད་ན་ཐར་བ་མི་ཐོབ་གི།
དམ་ཆོས་རིན་གོང་མཐོ་བའི་ཨེ་མ་ཧོ།།
མཛེས་མ་མིན་ན་མཛད་པ་སྟོན་རྒྱུ་མེད།།
རྒྱུ་ཆེན་མིན་ན་མཇལ་ཁ་འཇོག་རྒྱུ་མེད།།
གཡག་ཤ་མིན་ན་ར་ཤ་བཞེས་རབས་མེད།།
ཡོད་ཙད་ཆབ་སྲིད་ཅན་གྱི་ཨེ་མ་ཧོ།།
ཞེས་པ་འདི་རི་བོ་དགེ་ལྡན་པའི་གཞུང་ལུགས་པ་དགེ་འདུན་ཟླ་གྲགས་ཀྱིས་ཨེ་མ་ཧོའི་མཛད་པ་ཚིགས་སུ་བཅད་པའོ
Subscribe to:
Post Comments (Atom)
0 comments:
Post a Comment