དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 2 March 2013
བོད་མིའི་མདུན་ཕྱོགས་ཀྱི་བདམས་ཀ་ཆེན་པོ་གཉིས། འདྲ་པར་རྩོམ་ཡིག
ཀླུ་སྨྱོན།
བོད་རང་བཙན་གླེང་ན་རྒྱ་ནག་གཞུང་ལ་འགལ་བས་མི་ཚད་རྒྱལ་བ་རིན་པོ་ཆེ་ལ་ཡང་འགལ་འགྲོ་ཟེར། ལམ་དབུ་མ་གླེང་ན་རྒྱ་ནག་གཞུང་དང་རྒྱལ་བ་རིན་པོ་ཆེ་གཉིས་ཀྱི་བློ་དང་འཚམ་ཟེར།
རྒྱ་འོག་གི་བོད་རང་སྐྱོང་ལྗོངས་སམ་ལམ་དབུ་མ་འདེམས་པའི་མཇུག་འབྲས་དང་པོ།
ལམ་དབུ་མའི་འོག་གི་བོད་མི་ཚོའི་བདེ་སྡུག་ལ་འགན་འཁུར་མཁན།
ལམ་དབུ་མ་བ་ཚོ་འགྲོ་སའི་མཛེས་སྡུག་ལྡན་པའི་ལྷ་ཡུལ་གྱི་བསླུ་བྲིད།
བོད་རང་བཙན་པ་ཚོ་འགྲོ་སའི་འཇིགས་སུ་རུང་བའི་དམྱལ་ཁམས་ཀྱི་འཇིགས་སྐུལ།
འཁྲིད་ས་ནོར་མི་ཉན་པའི་ང་ཚོའི་མི་རབས་རྗེས་མ།
གདོད་མ་ནས་ས་མཚམས་ཆུ་མཚམས་ཕྱེས་པའི་ང་ཚོའི་ཕ་ས་ཕ་ཡུལ།
ཕོ་ཟད་མོ་ལ་ཐུག་ཀྱང་དགྲ་ལག་ཏུ་སྤྲོད་མི་རུང་བའི་རང་ས་རང་ཡུལ།
བོད་རང་བཙན་གླེང་ན་རྒྱ་ནག་གཞུང་ལ་འགལ་བས་མི་ཚད་རྒྱལ་བ་རིན་པོ་ཆེ་ལ་ཡང་འགལ་འགྲོ་ཟེར། ལམ་དབུ་མ་གླེང་ན་རྒྱ་ནག་གཞུང་དང་རྒྱལ་བ་རིན་པོ་ཆེ་གཉིས་ཀྱི་བློ་དང་འཚམ་ཟེར།
རྒྱ་འོག་གི་བོད་རང་སྐྱོང་ལྗོངས་སམ་ལམ་དབུ་མ་འདེམས་པའི་མཇུག་འབྲས་དང་པོ།
ལམ་དབུ་མའི་འོག་གི་བོད་མི་ཚོའི་བདེ་སྡུག་ལ་འགན་འཁུར་མཁན།
ལམ་དབུ་མ་བ་ཚོ་འགྲོ་སའི་མཛེས་སྡུག་ལྡན་པའི་ལྷ་ཡུལ་གྱི་བསླུ་བྲིད།
བོད་རང་བཙན་པ་ཚོ་འགྲོ་སའི་འཇིགས་སུ་རུང་བའི་དམྱལ་ཁམས་ཀྱི་འཇིགས་སྐུལ།
འཁྲིད་ས་ནོར་མི་ཉན་པའི་ང་ཚོའི་མི་རབས་རྗེས་མ།
གདོད་མ་ནས་ས་མཚམས་ཆུ་མཚམས་ཕྱེས་པའི་ང་ཚོའི་ཕ་ས་ཕ་ཡུལ།
ཕོ་ཟད་མོ་ལ་ཐུག་ཀྱང་དགྲ་ལག་ཏུ་སྤྲོད་མི་རུང་བའི་རང་ས་རང་ཡུལ།
བོད་མིའི་མདུན་ཕྱོགས་ཀྱི་བདམས་ཀ་ཆེན་པོ་གཉིས། འདྲ་པར་རྩོམ་ཡིག་ཅེས་པའི་སྐོར་ལ་མཆན་ ༡༣ བཀོད་འདུག
Subscribe to:
Post Comments (Atom)
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༢༢ སྐར་མ་ ༤༦ རྩ་སྨྱོན་ལོ་ལོ། སྤྲུལ་སྐུ་དབང་ཆེན་དང་ཁྱོད་གཉིས་སྨྱོ་རྟགས་མ་བསྟན། རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ཁྱོད་གཉིས་འདྲ་བོ་ཞིག་གིས་མེད་པ་བཟོ་ཐུབ་ཀྱི་མ་རེད། སྟོང་བསམ་མ་བཅིངས།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༢༣ སྐར་མ་ ༠༣ ལམ་དབུ་མ་རང་སྲིད་རང་སྐྱོང་དེས་བོད་མི་དམངས་ལ་འོད་ཟེར་སྟོང་ལྡན་གྱི་ལམ་ཁ་ཞིག་སྟོན་ཐུབ་པའི་ལུང་དང་རིགས་པ་རྣམ་དག་རེ་ཡོད་ན་ཁྱེར་ཤོག དེ་མིན་རྒྱལ་བ་རིན་པོ་ཆེ་མིའི་མགོ་རྡུང་བྱེད་ཀྱི་ཐོ་བ་མིན་པ་དེ་ཤེས་ན་ལེགས། རྒྱ་མིས་བོད་དོན་ཟེར་བ་ཞིག་མེད་ཏྰ་ལའི་བླ་མའི་སྒེར་གྱི་གནད་དོན་ཟེར་བ་ཞིག་ཡོད་ཟེར་གི་ཡོད་པ་རེད། ཁྱོད་ཚོས་བོད་དོན་འདི་རྒྱལ་བ་རིན་པོ་ཆེའི་མི་ཚེའི་ལྟ་བ་དང་སྤྱོད་པ་གཅིག་པོའི་སྐེ་ལ་ཅིག་མ་དཀྲིས་ན་མི་ཆོག་ག ངས་རྒྱལ་བ་རིན་པོ་ཆེས་ང་ལ་གནང་བའི་སྨྲ་བརྗོད་རང་དབང་དང་མི་རེ་ངོ་རེར་བོད་དོན་ཐད་སྐད་ཆ་བཤད་རྒྱུའི་འགན་ཁུར་ཡོད་པ་དེ་བེད་སྤྱད་ནས་ཅིག་བཤད་ཁུལ་བྱེད་ཀི་ཡོད། ཁྱོད་ཚོས་རྒྱལ་བ་རིན་པོ་ཆེས་ང་ལ་གནང་བའི་སྨྲ་བརྗོད་རང་དབང་དང་བོད་ཀྱི་རྩ་དོན་འགན་ཁུར་དེ་ཕར་འཕྲོགས་ནས་དམར་ཕྱོགས་སྒེར་གཅོད་པའི་སྲིད་གཞུང་དེར་སྤྲོད་ན་འདོད་ཀི་ཡོད་པ་ངས་མི་ཤེས་ཟེར་རྒྱུ་ཅང་མེད་ཀྱང་། ངས་ཀྱང་ཕ་མས་ང་ལ་གནང་བའི་མགོ་བོ་འདི་རང་སྐྱོང་ཁ་ལ་ཁྱེར་ནས་དམར་ཕྱོགས་སྒེར་གཅོད་པའི་འདོད་དོན་སྒྲུབ་མཁན་སུ་ཞིག་གི་རྐང་འོག་ཏུ་འཇུག་ན་མི་འདོད་ཀི
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༢༣ སྐར་མ་ ༢༦ ༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞིར་དང་ཐུགས་འདོད་ཡོད་པའི་ལམ་དབུ་མ་ནི་དེང་སོང་མི་རེ་ཟུང་གི་ལོག་ལམ་འགྲེལ་གང་ཐུབ་བཟོ་བཞིན་པ་འདི་ནི་ནང་ཁུལ་འགའ་ཟླ་བཟོ་བྱེད་ལས་དེ་མིན་ཡང་མེད་ངེས་་་་་རེད་་་་
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༢༣ སྐར་མ་ ༤༢ ལམ་དབུ་མ་ནས་རང་བཙན་ལ་བསྒྲོད་པ་ནི་ཕྱིན་དྲུག་བརྒྱུད་ནས་མངོན་མཁྱེན་གྱི་གོ་འཕང་བརྙེས་པ་དང་མཚུངས།རང་བཙན་ཤར་རྒྱག་རྩོད་མཁན་ཡེ་གུར་གྱི་མཇུག་འབྲས་ཡིད་སྐྱོ་བ་དེ་ལས་ང་ཚོ་མི་རིགས་ཀྱི་མཐའ་འབྲས་མཐོང་ཐུབ།དཔའ་བོ་མོ་དག་གི་མཛད་རྗེས་དང་རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་མ་གཏོགས་ང་ཚོ་ནི་ཉམས་ཆུང་ལག་བསྡུམས་ཤིག་ལས་མ་འདས།ཁ་བགྲད་ནས་རང་བཙན་ཞིག་བཤད་སྲོལ་ག་ལ་ཡོད།རང་བཙན་ཤར་མར་རྩོད་པར་ངོ་ཚ་གི་་སྔགས་རྒན་རལ་བ་ཅན་ཞིག་གློ་བུར་སངས་རྒྱས་སོང་འདྲ་བ་ཞིག་རེད།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༢༣ སྐར་མ་ ༤༩ ང་ཚོའི་བྱེད་སྟངས་མ་འགྲིགས་པ་མ་རེད། རང་བཙན་བརྩད་ན་རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བས་དམྱལ་བར་འགྲོ་གི་རེད་ཟེར་མཁན་ཚོ་མ་འགྲིགས་པ་རེད།
ཁྱོད་ཚོས་ག་རེ་བྱས་ནས་ང་ཚོར་རང་བཙན་ལྟ་གྲུབ་ཀྱི་དགེ་མཚན་དང་ལམ་དབུ་མར་དགག་སྒྲུབ་བྱེད་འཇུག་གི་མེད། གནད་འགག་འདི་རེད། ཁྱོད་ཚོས་ལམ་དབུ་མའི་ལྟ་གྲུབ་ལ་དགག་སྒྲུབ་བྱེད་ཆོག་གི་མེད་ཟེར་གི་ཡོད་པ་རེད། ས་སྟེང་འདི་ན་དོགས་སློང་དང་དགག་སྒྲུབ་བྱེད་མི་ཆོག་པའི་ཆབ་སྲིད་ལྟ་གྲུབ་ཅིག་ཡོད་དམ།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༢༣ སྐར་མ་ ༥༦ ཀླུ་སྨྱོན་ལ་ཆབ་སྲིད་ཀྱི་ལེགས་ཉེས་འབྱེད་པའི་བློ་གྲོས་དང་རྣམ་དཔྱོད་དམན་པས་རང་བཙན་སྟོང་ཚིག་ཡིན་པ་དེ་ཤེས་ཀྱིན་མེད།
ཆབ་སྲིད་ལ་མཁྲེགས་ཆོད་དང་ཐོལ་བརྒལ་ཛ་ནི་མ་རེད།དེ་ནི་ལམ་གྱི་རིམ་པ་ཞིག་ལ་བརྟེན་དགོས།རྒྱལ་བ་རིན་པོ་ཆེའི་དགོངས་པ་ནི་གང་ཟག་གཅིག་གི་བློ་ལས་བྱུང་བ་མ་ཡིན་པར་ཆོལ་གསུམ་གྱི་བློ་གྲོས་འདུས་པ་ཞིག་ཡིན།དངོད་གནས་ཆབ་སྲིད་པ་ཞིག་བྱེད་འདོད་ན་ས་སྐྱ་ལེགས་བཤད་ལ་ལེགས་པར་ལྟོས།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣ གི་ཆུ་ཚོད་ ༠ སྐར་མ་ ༠༦ ངས་ད་བར་དུ་ཀླུ་སྨྱོན་ཚང་གི་རྩོམ་ཡིག་ཚང་མ་བཀླགས་དང་ཀློག་བཞིན་ཡོད། ངས་ཁོང་གི་རྩོམ་ཡིག་བཀླགས་བཀླགས་ཚང་མའི་ནང་ན་དོན་ངོ་མར་་་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་བཞག་པ་ཞིག་རྩ་ནས་མ་རིག་ཐལ་་་་་སྐད་ཆ་འདི་དྲང་བོ་ཡིན། སྐུ་སྨྱོན་ཁོང་ནི་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མཁན་་་་་སྤྲུལ་རྫུན་དབང་ཆེན་ཁྱི་རྒན་དེ་དང་རྩ་ནས་མི་འདྲ་བའི་ཡིད་ཆེས་ཡོད། ལྷག་པར་དུ་ཀླུ་སྨྱོན་ཁོང་ནི་༧གོང་ས་མཆོག་ལ་བཅོས་མ་མ་ཡིན་པའི་ལུས་ངག་ཡིད་གསུམ་གྱིས་དད་པ་དང་ཡིད་ཆེས་གནང་མཁན་ཞིག་ཡིན་ཞིང་། བོད་དོན་ཐོག་ལ་ཡང་སེམས་འཁུར་གནང་མཁན་ཞིག་ཡིན་པར་་་་དེ་རིང་ངས་དྲྭ་གྲོགས་ཚོར་དཀོན་མཆོག་ཚེ་ལ་བཙུགས་ནས་མནའ་སྐྱེལ་ཆོག
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣ གི་ཆུ་ཚོད་ ༠ སྐར་མ་ ༡༦ ལུས་ངག་ཡིད་གསུམ་གྱི་ལས་ཀུན་རྒྱལ་བའི་དགོངས་པ་དང་འགལ་ན་ལོག་ལྟ་ཡིན་པས་ཁྱབ་པ་ཇི་བཞིན་གོང་ས་མཆོག་གི་དགོངས་པ་དང་འགལ་ན་བོད་ཀྱི་ཁེ་ཕན་དང་སྤྱི་དོན་དང་འགལ་བས་ཁྱབ།དེ་ནི་རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མྱེད་ཀྱི་སྐད་ཆ་ཞིག་མ་རེད།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣ གི་ཆུ་ཚོད་ ༠ སྐར་མ་ ༢༥ ཀླུ་སྨྱོན། རང་བཙན་བརྩོད་ནས་འབྲས་བུ་ཡོང་གི་མེད་པ་མ་ཤེས་སམ། ཁྱེད་འདུག་སའི་ཨ་རིས་ཀྱང་རང་བཙན་ཁས་མི་ལེན། རྒྱ་གར་བས་ཀྱང་རང་བཙན་ཁས་མི་ལེན། ད་ཇི་ལྟར་ལེན་ནམ། འདི་ལྟ་བའི་རྩོད་པ་ཡིན།
དབུ་མ་ཁྱོད་ཀྱི་མགོ་ཐོག་ལ་བཙན་འགེལ་རྩ་བ་ནས་བྱེད་མཁན་མེདཔས། ་ཁྱེད་མ་ཡིན་པ་མ་ཤོད། ཁྱེད་ཅིའི་ཕྱིར་དེང་རབས་རྒྱལ་བ་རིན་པོ་ཆེར་ཤིན་དུ་སྡང་ངམ། ཁྱེད་ནས་རྒྱལ་བ་རིན་པོ་ཆེས་མེད་སྲེགས་མཚམས་འཇོག་བྱེད་དགོས་ཅེས་སྨྱོ་གཏམ་སྤེལ་བ་བདེན་པ་རེད། ད་རུང་དབུ་མ་དེ་རྒྱལ་བའི་ཡེ་ཤེས་ཀྱི་དཔྱད་དབྱིངས་རེད་ཅེས་དཀྲོག་གཏམ་ཡང་བཤད་སོང་། ད་གོང་ས་མཆོག་གི་ལམ་དབུ་མ་མི་དམངས་ལ་གྲོས་འདོན་གནང་བ་དེ་བཙན་འགེལ་རེད་ཅེས་བཤད་ནས་རྒྱལ་བ་མཆོག་ལ་ཤིན་དུ་སྡང་དགོས་པ་འདི་ངོ་མ་ཡ་མཚན་རེད།
ཁྱོད་ཀྱི་བླ་མ་ལ་མོ་ཡོངས་འཛིན་་དང་། དེ་བཞིན་འབྲས་སྤུངས་ཀྱི་དགེ་བཤེས་དེ་ཚོས་ཁྱེད་ཀྱི་བྱེད་སྟངས་འདི་ཤེས་ན་ཁྲག་མི་སྐྱུག་པའི་ངེས་པ་མིན་འདུག་
རྒྱལ་བ་རིན་པོ་ཆེའི་དྲུང་ནས་དབང་འདི་ལྟ་བུ་ཞུས། ད་བླ་མར་ངོ་ལོག་འདི་ལྟར་བརྒྱབ། ཉིན་ལྟར་གསང་སྔགས་ཀྱི་ཉམས་ལེན་པ་ཡིན་མདོག་མདོག་ངོ་མ་རང་སེམས་རང་ལ་བསྟན་དང་། སྐྱུག་མི་བྲོ་འམ། བླ་མའི་རྣལ་འབྱོར་འདོན་དུས་སྙིང་མི་ནའམ། སྐྱེད་རྫོགས་ཀྱི་དམིགས་པ་རྐྱང་དུས་ཁྲག་དྲི་མི་བྲོ་འམ། གསང་སྔགས་ཟེར་ན་གཙོ་བོ་དམ་ཚིགས་རེད། བླ་མ་ལ་དགྲ་སྡང་སྡང་བྱས་ནས་དམ་ཚིགས་འདོན་དང་།
ཁྱད་མཚར།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣ གི་ཆུ་ཚོད་ ༠ སྐར་མ་ ༥༡ ངས་ང་བརྒྱད་གོང་གི་རང་བཙན་ཐེད་པོ་དེ་གླེང་གི་མེད་པར་བཙན་པོའི་རྒྱལ་རབས་སྐབས་ཀྱི་རང་བཙན་གཙང་མ་དེ་སྐྱར་གསོ་བྱེད་དགོས་ཟེར་གི་ཡོད། ཁྱོད་ཚོས་ང་ལ་ཁྲག་དང་དམྱལ་བ་ཞེས་འཇིགས་སྐུལ་མ་བྱེད། ཁྲག་དང་དམྱལ་བ་དེ་དེང་སང་རྒྱ་འོག་ན་བོད་མི་རིགས་འདིས་མ་ཤི་གསོན་པོར་མྱོང་གིན་ཡོད་པ་རེད།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣ གི་ཆུ་ཚོད་ ༠ སྐར་མ་ ༥༢ ཐུགས་སྣང་།
མཆན་བུ་སྤེལ་མཁན་རྣམ་པས་ཁ་བརྡའི་མཆན་གྱི་རྩ་འཛིན་ལ་ཐུགས་སྣང་གིས་མཆན་བུ་སྤེལ་རོགས་ཞུ། རེ་ཟུང་གིས་ད་དུང་ཡང་མིང་འདྲ་མིན་སྤྱད་ནས་མཆན་བུ་སྤེལ་གྱིན་འདུག་པས་མ་ཚད། དེ་ཡང་བརྗོད་གཞི་དང་ཅི་ཡང་འབྲེལ་མེད་ཐོག་ནས་སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་བཅས་འཁོད་འདུག་པའི་མཆན་རྣམས་འདི་ནས་བཀག་དང་འགོག་བཞིན་ཡོད།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣ གི་ཆུ་ཚོད་ ༠ སྐར་མ་ ༥༦ ངས་བཙན་པོའི་རྒྱལ་རབས་སྐབས་ཀྱི་རང་བཙན་གཙང་མ་ཞིག་གོང་ས་མཆོག་སྐུ་འཚོ་བཞུགས་དུས་སུ་ལོན་ཐབས་བྱེད་དགོས་པ་དང་། གལ་སྲིད་མ་ལོན་ན་གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་པ་དེ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་གདན་འདྲེན་ཞུ་དགོས་བསམ་བཞིན་ཡོད། ཁྱོད་ཚོས་ཁོང་གི་དབུ་སྐྲ་དཀར་པོ་དེ་ཚོ་མཇལ་སོང་ངམ། ཁྱོད་ཚོས་ཁོང་གི་བགྲེས་གཉེར་དེ་ཚོ་མཐོང་སོང་ངམ། ཁོང་སྐུ་འཚོ་བཞུགས་སྐབས་འདིར་ང་ཚོས་རང་བཙན་གཙང་མའི་རྒྱལ་ཁབ་སྐྱར་གསོ་བྱས་ཏེ་ཁོང་གི་ཐུགས་རེ་ངོ་མ་དེ་སྐོང་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་དེ་རེད། ལམ་དབུ་མ་རང་སྲིད་རང་སྐྱོང་ནི་དང་པོར་རྒྱ་མིས་རང་སྐྱོང་ལྗོངས་ཀྱི་མིང་སྙན་མོ་བཏགས་ནས་ཁོང་གི་སྐུ་ཕྲག་ཏུ་བཙན་འཇོག་བྱས་པ་ཞིག་རེད་ལ། རྒྱ་གར་དུ་ཕེབས་རྗེས་རྒྱ་གར་དང་ནུབ་ཕྱོགས་ཨ་རིའི་སྲིད་གཞུང་སོགས་ཀྱིས་ཁོང་གི་སྐུ་ཕྲག་ཏུ་མི་འདོད་བཞིན་དུ་བཙན་འཇོག་བྱས་པ་ཞིག་རེད།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣ གི་ཆུ་ཚོད་ ༡ སྐར་མ་ ༠༠ ཀླུ་སྨྱོན་ལགས་འདི་ནི་ཁྱེད་ཀྱི་ནམ་རྒྱུན་ཆགས་གཏམ་མཇེ་སྟུ་མ་གླེང་བ་དང་རྩ་ནས་མི་འདྲ་བས། ཡིད་གཟབ་ཀྱིས་འབྲི་ན་ལེགས་སྙམ།