དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 27 February 2013
མ་བཀླགས་ཐབས་མེད་ཀྱི་གསར་འགྱུར། འཕྲིན་ཕྲན་གྱི་སྐོར།
[ ᠹᠥᠳᠵᠹབོད་བདུད་རྒྱལ། ] [ 2013-2-27 ]



འཕྲིན་ཕྲན - བོད་ཡིག་ལྡན་པའི་འཕྲིན་ཕྲན།



མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་འཕྲིན་ཕྲན་ནང་བོད་ཡིག་འཇུག་དགོས་པའི་ཆེད་དུ། དམིགས་གསལ་དུ་རྒྱ་བོད་ལག་རྩལ་པ་མི་མགོ་ལྔ་ལྷག་རྩ་འཛུགས་བྱས་ནས་androidའཕྲིན་ཕྲན་བོད་བསྒྱུར་ཚན་ཆུང་བཙུགས། གོ་རིམ་དེ་ཡི་ཁྲོད་དུ་འགྲོ་སྒོ་དམངས་སྒོར་ཁྲི་གསུམ་ལྷག་གཏོང་བ་དང་། ལས་དོན་མི་སྣ་རྣམ་པས་སྔ་ལངས་འཕྱི་ཉལ་གྱིས་ཟླ་བ་གཅིག་ལྷག་ལ་འབད་བརྩོན་བྱས་ནས་ད་གཟོད་ལས་དོན་འདི་ལེགས་འགྲུབ་བྱུང་བ་རེད། བཀོལ་སྤྱོད་བསྒྲིགས་རིམ་འདིའི་ནང་གི་མིང་བརྡ་ཚིག་གསུམ་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའིརྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོདདང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་བསྐྲུན་པའིབོད་རྒྱ་དབྱིན་གསུམ་ཤན་སྦྱར་བརྡ་འཕྲིན་ལག་རྩལ་མིང་མཛོདབཅས་ལ་གཞི་འཛིན་པ་ཡིན། བཀོལ་སྤྱོད་བསྒྲིགས་རིམ་འདི་དེང་སང་ཚོང་རར་བཀྲམ་པའི་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པའི་མ་ལག་ནང་དུ་སྒྲིག་འཇུག་བྱས་ཡོད།
གཤམ་དུ་པར་རིས་འགའ་བཀོད་རྒྱུ་ཡིན་པས་ལྟ་ཀློག་བྱེད་པར་དགའ་བསུ་ཞུ།
༡ འཕྲིན་ཕྲན་གྱི་དགའ་བསུ་ཞུ་ངོས།









༢ འཕྲིན་ཕྲན་གྱི་ཤོག་ངོས་དང་པོ།

༣ འཕྲིན་ཕྲན་གྱི་ཤོག་ངོས་གཉིས་པ། གྲོགས་པོ་དང་དྲྭ་གྲོགས་སོགས་ཀྱི་འཕྲིན་དེབ།

༤ འཕྲིན་ཕྲན་གྱི་ཤོག་ངོས་གསུམ་པ། འདི་ནས་གྲོགས་པོ་འཚོལ་བ་དང་གྲོགས་པོའི་འཚོ་བའི་བདེ་སྐྱིད་མཉམ་རོལ་བྱེད་ཐུབ།



༥ འཕྲིན་ཕྲན་གྱི་ཤོག་ངོས་བཞི་བ། འདི་ནས་འཕྲིན་ཕྲན་སྒྲིག་འགོད་བྱེད་ཆོག།


༦ གྲོགས་པོའི་རྒྱུ་ཆ་ཞིབ་རྒྱས་ནས་འདེམས་ཐོ་མནན་ན་གྲོགས་པོའི་མིང་བྱང་སྒྲིག་འགོད་བྱེད་ཆོག

༧ འཕྲིན་ཕྲན་ནང་གི་བར་གཞུག་ཐམས་ཅད།

༨ འཕྲིན་དེབ་ཀྱི་བདེ་འཇགས་ལས་རོགས། འདི་ནས་ལག་འཕྲིན་གྱི་འཕྲིན་དེབ་ནང་གི་འབྲེལ་གཏུག་མི་སྣ་རྣམས་དྲ་བའི་ཐོག་ཏུ་གྲབས་ཉར་བྱས་ཏེ་གལ་སྲིད་སྟབས་མ་ལེགས་པས་ལག་འཕྲིན་བོར་ཤོར་ན་འབྲེལ་མི་བོར་མི་སྲིད།

༩ འཕྲིན་ཕྲན་གྱི་སྐོར། འདི་ནས་པར་གཞི་དང་པར་དབང་། མ་ཚད་ངེད་ཨེ་མ་ཧོ་ཚན་རྩལ་གྱིས་བོད་ཡིག་ཏུ་བསྒྱུར་བ་མཐོང་ཐུབ།

༡༠ ᠺགཤམ་གྱི་དཔངས་ཞིང་ཨང་རྟགས་དེ་འཕྲིན་ཕྲན་གྱིས་བཤེར་ནས་ཨེ་མ་ཧོ་ལ་དོ་ཁུར་མཛད་རོགས།

༡༡གཤམ་གྱི་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པའི་ནང་དུ་བོད་ཡིག་ལྡན་པའི་འཕྲིན་ཕྲན་དང་བོད་ཡིག་ལྡན་ཅན་གྱི་སྙི་ཆས་དང་རོལ་རྩེད་འདྲ་མིན་མང་པོ་སྒྲིག་འཇུག་བྱས་ཡོད།

འཆར་འགོད་པ། ཨེ་མ་ཧོ་ཚན་རྩལ་ཚང་། དྲ་ཐོག་སྤེལ་མཁན། བོད་བདུད་རྒྱལ།
མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སི།
青海哎玛虎电子科技有限公司
ᠳདྲ་ཚིགས།
ཡིག་སྒམ།
Email:amahoo@amahoo.cn
ཁ་པར།电话:0971-6516233
སྡོད་གནས། ཟི་ལིང་གྲོང་ཁྱེར་ཁུ་ནུ་བར་ལམ་ཨང་༡༨པ་རྒྱལ་སྤྱི་དང་པོའི་ཐོག་བརྩེགས༢༥དུ།
地址:青海省西宁市昆仑中路18号国际壹号25

0 comments:

ཟིན་བྲིས་འཚོལ་ཡུལ