དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 23 May 2013
ཨེ་མ་ཧོ། །
ངེས་དོན་ཆོས་ཀྱི་རྒྱལ་པོ་ཡི ད་བཞིན་གྱི་ནོར་བུའི། །
ཐུགས་སྲས་མཁས་གྲུབ་གཙུག་རྒྱ ན་མཚན་ལྡན་གྱི་བླ་མས། །
དབང་ཁྲིད་བཀའ་ལུང་མན་ངག་བརྗ ེན་གཅེར་དུ་གནང་བས། །
སྐལ་བཟང་དགའ་བདེ་འབུམ་གྱིས་ རབ་བརྟས་འདི་སྐྱིད་པ། །
ངེས་དོན་ཆོས་ཀྱི་རྒྱལ་པོ་ཡི
ཐུགས་སྲས་མཁས་གྲུབ་གཙུག་རྒྱ
དབང་ཁྲིད་བཀའ་ལུང་མན་ངག་བརྗ
སྐལ་བཟང་དགའ་བདེ་འབུམ་གྱིས་
བཅུ་གསུམ་འཁྱུད་འཁོར་བསྐལ་བ འི་ལོ་གྲངས་སུ་སྒྲུབ་པའི། །
བཅུ་གཉིས་མཛད་བཟང་ཐོག་མའི་འ ཁྲུངས་སྐར་གྱི་ཉིན་མོ། །
བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ མཆོག་ལ་ཕྱིན་ལྟར། །
ས་བཅུའི་རིག་འཛིན་མཇལ་བའི་ས ྐལ་བཟང་ང་སྐྱིད་པ། །
སྙིགས་ལྔའི་རྨོངས་མུན་བསལ་བ འི་མཁྱེན་རབ་ཀྱི་ལྷ་མཆོག །
དགོངས་བཞིན་འཇིག་རྟེན་འདྲེན ་པའི་བཤད་སྒྲུབ་ཀྱི་ཕྲིན་ལས ། །
བསྟན་འཛིན་རྒྱ་མཚོའི་མངའ་བད ག་རྒྱལ་བསྟན་གྱི་གཙུག་རྒྱན། །
མཆོག་གསུམ་ཀུན་འདུས་མཇལ་བའི ་ཞི་ལྷག་འདི་སྐྱིད་པ། །
ཟབ་ཞི་སྤྲོས་བྲལ་འོད་གསལ་འད ུས་བྲལ་གྱི་སྙིང་པོ། །
བདེ་མཆོག་དོན་གྱི་ཡེ་ཤེས་ཕྱ ག་རྒྱ་རུ་འཆར་བས། །
གཉུག་སེམས་ཡེ་རྫོགས་རྟོགས་པ འི་བདེན་རྟགས་ཀྱི་འབྲས་བུ། །
ལྷུན་གྲུབ་རིག་འཛིན་བརྒྱུད་ པའི་ཆེ་ཆོས་སུ་བཞུགས་སོ། །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦ ྲུལ་ས་གྷ་ཟླ་བའི་སྟོན་པའི་འ ཁྲུངས་སྐར་ལ་མཆོག་སྤྲུལ་བསྟ ན་འཛིན་རྒྱ་མཚོ་མཇལ་བའི་དྲན ་སྣང་གང་ཤར་དུ་ཤྲྰི་ཨེ་མ་ཧོ ས་དབྱིན་ལན་རྒྱལ་སའི་དུས་ཚི གས་གཏན་འབེབས་ཀྱི་གཙུག་ལག་ས ློབ་གཉེར་ཁང་ནས་བྲིས་པ་དགེའོ ། །
བཅུ་གཉིས་མཛད་བཟང་ཐོག་མའི་འ
བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་
ས་བཅུའི་རིག་འཛིན་མཇལ་བའི་ས
སྙིགས་ལྔའི་རྨོངས་མུན་བསལ་བ
དགོངས་བཞིན་འཇིག་རྟེན་འདྲེན
བསྟན་འཛིན་རྒྱ་མཚོའི་མངའ་བད
མཆོག་གསུམ་ཀུན་འདུས་མཇལ་བའི
ཟབ་ཞི་སྤྲོས་བྲལ་འོད་གསལ་འད
བདེ་མཆོག་དོན་གྱི་ཡེ་ཤེས་ཕྱ
གཉུག་སེམས་ཡེ་རྫོགས་རྟོགས་པ
ལྷུན་གྲུབ་རིག་འཛིན་བརྒྱུད་
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦ
Subscribe to:
Post Comments (Atom)
0 comments:
Post a Comment