དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 25 May 2013
ཟས་གཙང་གི་རྒྱལ་སྲས།
སྟོན་པའི་འཁྲུངས་སྐར་ལ་ཕུལ།
ཤྰཀྱའི་སྲས་པོ།
སྟོང་གསུམ་གྱི་སྐྱབས་མགོན།
ཞི་བདེའི་དེ་དཔོན།
ཐར་བའི་ལམ་སྟོན་པ།
ཤྰཀྱ་ཐུབ་པ།
ཟས་གཙང་གི་རྒྱལ་སྲས།
ཁྱེད་ཀྱི་བྱམས་པ་དང་བརྩེ་བ།
ཉི་ཟླ་བྱེ་བའི་འོད་སྣང་ལྟར།
ཁྱེད་ཀྱི་ལྷག་བསམ་དང་སྙིང་རྗེ།
མཁའ་དབྱིངས་ཀྱི་རྒྱ་ཁྱོན་ཉིད།
ཁྱེད་ཀྱི་མཛད་པ་དང་འཕྲིན་ལས།
ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་ཅོ་འདྲི་བྱེད།
བདུད་བཞི་ལས་རྒྱལཏེ།
སངས་རྒྱས་ཀུན་གྱི་གཙུག་ཏུ་གྱུར་བའི།
ཟས་གཙང་གི་རྒྱལ་སྲས།
ཁྱེད་ཚང་གི་སྤོབས་པ།
ཁྱེད་ཚང་གི་སྙིང་སྟོབས།
ཁྱེད་ཚང་གི་མཛད་རྗེ།
ཁྱེད་ཚང་གི་མཁྱེན་རྒྱ།
ནམ་ཡང་འགྲན་པ་བྲལ།
ཁྱེད་ཀྱི་འཁྲུངས་སྐར་ལ།
སྟོང་གསུམ་གྱི་མེ་ཏོག་མཛེས་པ་ཀུན།
སྙིང་གི་མཆོད་པ་འབུལ།
སྙནའཇེབས་དགེ་བའི་དབྱངས་སྙན་ཡོད་ཚད།
དད་པའི་མཆོད་པ་འབུལ།
ཤྰ་ཀྱའི་སྲས་པོ།
Subscribe to:
Post Comments (Atom)
0 comments:
Post a Comment