དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 12 June 2013

༄༅། །རྗེ་བཙུན་སྒྲོལ་མའི་ཐུགས་དམ་རྒྱུད་སྐུལ་འཇིགས་པ་ཀུན་སེལ་ཞེས་བྱ་བ། །

ན་མོ་གུ་རུ་ཨརྱ་ཏྰ་ར་ཡེ། །

ཨོཾ་སྤྲོས་བྲལ་ཆོས་སྐུའི་ཀློང་དབྱིངས་ན། །
མ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ། །
བུ་རྩེ་གཅིག་གུས་པས་གསོལ་བ་འདེབས། །
བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །
ཆོས་བར་ཆད་འཇིགས་ལས་བསྒྲལ་ཏུ་གསོལ། །

ཨྰཿབདེ་ཆེན་ལོངས་སྐུའི་ཞིང་ཁམས་སུ། །
དོན་ལས་ཉོན་ཀུན་རྒྱལ་ཡུམ་ལྔ་ལ། །
སེམས་དག་མཉམ་ངང་ནས་གསོལ་བ་འདེབས། །
ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །
གཞི་འཁྲུལ་བའི་འཇིགས་ལས་བསྒྲལ་ཏུ་གསོལ། །

ཧྰུྃ་རང་སྣང་དག་པའི་ཕོ་བྲང་ནས། །
སྐྱབས་རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ། །
བློ་འཁྲུལ་བྲལ་ངང་ནས་གསོལ་བ་འདེབས། །
ཆོས་རྣམ་དག་འགྲུབ་པར་བྱིན་གྱིས་རློབས། །
ལམ་འཁྲུལ་བའི་འཇིགས་པ་བསྒྲལ་ཏུ་གསོལ། །

ཧྲྰིཿཕྲིན་ལས་ཀུན་ཁྱབ་དཀྱིལ་འཁོར་ནས། །
རྗེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ། །
དབྱིངས་རིག་པའི་ངང་ནས་གསོལ་བ་འདེབས། །
ཆོས་རྫོགས་ཆེན་རྟོགས་པར་བྱིན་གྱིས་རློབས། །
འཁྲུལ་རྟོག་པའི་འཇིགས་པ་བསྒྲལ་ཏུ་གསོལ། །

བྷྲྰུྃཿམ་བཅོས་དོན་གྱི་འོག་མིན་ནས། །
རྒྱུ་རྟེན་འབྱུང་རིག་མའི་སངས་རྒྱས་ལ། །
ཐུགས་དམ་ཚིག་ལྡན་པས་གསོལ་བ་འདེབས། །
བསྟན་འགྲོ་བར་ཕན་བདེ་བྱིན་གྱིས་རློབས། །
དུས་སྙིགས་ལྔའི་འཇིགས་པ་བསྒྲལ་ཏུ་གསོལ། །
ཨོཾ་ཨྰཿཧྰུྃ་ཧྲྰིཿབྷྲྰུྃཿ ཨོཾ་ཏྰ་རེ་ཏུཏྟྰ་རེ་ཏུ་རེ་སྭྰ་ཧྰ། །
ཞེས་པ་རབ་རྒྱན་ཆུ་སྦྲུལ་སྣྲོན་ཟླའི་ཟླ་ཚེས་དགེ་བར་སྒྲོལ་དཀར་ཚེ་སྒྲུབ་ལ་འབད་བཞིན་པའི་སྐབས་སུ་མཁའ་འགྲོ་མ་འཆི་མེད་ཀུན་མཛེས་ཀྱིས་གསོལ་བ་འདེབས་པའི་རྐྱེན་ལས་ཨེ་ཝྃ་རིན་ཆེན་སྒྲུབ་ཁང་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཐོལ་བྱུང་དུ་གསོལ་བ་འདེབས་པས་བྱིན་རླབས་གཞན་ལས་ཁྱད་འཕགས་ཅན་ཞིག་ཡིན་པས་ཉམས་སུ་བླངས་དང་ཤེས་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ