དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 2 June 2013

༄༅།། རིག་འཛིན་ཡུམ་ཀའི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས་ཞེས་བྱ་བ་བཞུགས་སོ། གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་ཀུན་ཏུ་བཟང་།།
གཞི་སྣང་ཡེ་ཤེས་རོལ་པ་རྡོ་རྗེ་སེམས།།
གཞི་གྲོལ་གདོད་མའི་ལམ་སྟོན་དགའ་རབ་རྗེར།།
གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ།།
འོད་གསལ་འཇམ་དཔལ་རྡོ་རྗེ་བཤེས་གཉེན་ཞབས།།
འོད་གསལ་སྣང་བཞིའི་མཐར་སོན་ཤྲི་སིཾ་ཧ།།
འོད་གསལ་དབྱིངས་ཀྱི་རྒྱན་གཟིགས་ཡེ་ཤེས་མདོར།།
གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ།།
འཆི་མེ་འཕོ་ཆེན་སྐུ་བརྙེས་བི་མ་ལ།།
འཆི་མེད་གྲུབ་པའི་སློབ་དཔོན་ཐོད་ཕྲེང་རྩལ།།
འཆི་མེད་གནས་ལུགས་མངོན་གྱུར་ཁྲི་སྲོང་རྗེར།།
གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ།།
བདེ་ཆེན་ཆོས་སྐུ་ཀུན་ཏུ་བཟང་མོ་དང་།།
བདེ་སྟོང་ལོངས་སྐུ་རྡོ་རྗེ་བཙུན་མོ་དངོས།།
བདེ་མཆོག་རྒྱལ་ཀུན་བསྐྱེད་ཡུམ་མཚོ་རྒྱལ་མར།།
གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ།།
རིག་གཅིག་ཟུང་འཇུག་གཉུག་མའི་ཡེ་ཤེས་ནི།།
རིག་རྣམ་སྣ་ཚོགས་སྤྲོ་དང་བསྡུ་བའི་གར།།
རིགས་ཀུན་ཁྱབ་བདག་འཇིགས་མེད་གླིང་པ་ལ།།
གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ།།
གསང་གསུམ་ཡེ་ཤེས་འཆར་བའི་དཀྱིལ་འཁོར་དུ།།
ཁམས་གསུམ་གཙོ་བོས་ཕྱག་བྱས་གདོད་མའི་མགོན།།
དུས་གསུམ་རིག་འཛིན་རྩ་རྒྱུད་བླ་མ་ལ།།
གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ།།
དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས།།
དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན།།
ལས་འབྲས་བསླུ་མེད་སྤང་བླང་སྙིང་ལ་ཤར།།
བཅོས་མིན་ངེས་འབྱུང་འབྱོང་བར་བྱིན་གྱིས་རློབས།།
བྱང་ཆུབ་སེམས་གཉིས་བདུད་རྩིའི་ཡིད་བརླན་ཅིང་།།
བླ་མའི་མོས་གུས་དོན་གྱི་བརྒྱུད་པ་ཟིན།།
སྨིན་བྱེད་དབང་ཐོབ་དམ་ཚིག་སྡོམ་པ་ལ།།
སྲུང་སྡོམ་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས།།
ཅིར་སྣང་རྡོ་རྗེ་བཙུན་མོའི་ཞིང་དུ་དག།
སྒྲ་གྲགས་རྡོ་རྗེ་ནཱ་དའི་དབྱིངས་སུ་རྫོགས།།
རྟོག་ཚོགས་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བའི།།
ཡེ་ཤེས་ཆེན་པོར་སྨིན་པར་བྱིན་གྱིས་རློབས།།
གནས་སྐབས་འདུ་བ་གསུམ་གྱི་རྟེན་འབྲེལ་འགྲིགས།།
འབར་བ་གསུམ་དང་མཁྱེན་གཉིས་གཏེར་མཛོད་རྡོལ།།
གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞིའི།།
དངོས་གྲུབ་བདེ་བླག་འགྲུབ་པར་བྱིན་གྱིས་རློབས།།
མཐར་ཐུག་རྩ་རླུང་ཐིག་ལེ་དབུ་མར་ཐིམ།།
ཀ་དག་གདོད་མའི་ཡེ་ཤེས་མངོན་དུ་གྱུར།།
ལྷུན་གྲུབ་འོད་གསལ་རྡོ་རྗེའི་གསང་ལམ་ནས།།
ཟུང་འཇུག་གོ་འཕང་འགྲུབ་པར་བྱིན་གྱིས་རློབས།།
ཞེས་པའང་བཀའ་དྲིན་མཚུངས་བྲལ་མཆོག་སྤྲུལ་རིན་པོ་ཆེ་ཤེས་བྱ་མཐའ་དག་ལ་གཟིགས་པའི་སྤྱན་རས་ཡངས་པ་གང་དེའི་བཀའ་སྩལ་མི་ལྡོག་ཙམ་དུ་རིག་འཛིན་གྱི་བཙུན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་དེ་གསོལ་བ་བཏབ་པ་སིདྡྷིར་སཱུ། སརྦ་མངྒ་ལཾ།། །།



འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་མཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་བཞུགས།
མཁའ་འགྲོ་བདེ་ཆེན་རྒྱལ་མོར་འདུདཿ དཀྱིལ་འཁོར་ཟླ་གམ་སྒོ་གཅིག་དབུསཿ ཆོས་འབྱུང་དམར་པོ་ལྷ་མཚན་ཅནཿ དེ་སྟེང་བདེ་སྐྱོང་མ་དཱ་ནཿ ཡང་ན་རིན་ཆེན་སྨན་བཅུད་གཏམསཿ ཤེལ་དང་མེ་ལོང་སྲོག་གི་རྟེནཿ ཕྱི་ནང་མཆོད་པས་མཐའ་ནས་བསྐོརཿ ནུབ་ཀྱི་ཕྱོགས་སུ་ཁ་བསྟན་ལཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ ན་མོ སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་སྐུཿ འགག་མེད་རང་བྱུང་རྣལ་འབྱོར་མཿ རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལཿ འདུ་འབྲལ་མེད་པར་སྐྱབས་སུ་མཆིཿ ལན་གསུམ་གཉིས་་སྨོན་འཇུག་སེམསཿ ཧོཿ འདི་ནས་བྱང་ཆུབ་མ་ཐོབ་བརཿ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ནསཿ ཕྱོགས་རིས་བྲལ་བའི་སེམས་ཅན་རྣམསཿ བདེ་ཆེན་ས་ལ་འགོད་པར་བགྱིཿ ལན་གསུམགསུམ་པ་མཆོད་གཏོར་ བརླབཿ ཨོཾ་ཨཱཿཧཱུྃཿ དངོས་པོར་འཛིན་པའི་རྣམ་རྟོག་ཀུནཿ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིནཿ ཀུན་ཏུ་བཟང་པོའི་འདོད་ཡོན་ནིཿ ནམ་མཁའ་ལྟ་བུར་འཛད་པ་མེདཿ སརྦ་པཱུ་ཛ་ས་མ་ཡ་ཧོཿ བཞི་པ་བསྐྱེད་རིམ་ཨ་ཏིར་སྒོམཿ ཨཱཿ སྣང་བ་ཐམས་ཅད་ཡུམ་ལྔའི་ཀློངཿ སྲིད་པ་ཐམས་ཅད་མཁའ་འགྲོའི་དལཿ རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁངཿ ཐིག་ལེ་ཉག་གཅིག་ཆོས་དབྱིངས་སྒོཿ བདེ་ཆེནའབར་བའི་ཕོ་བྲང་དབུསཿ ཆུ་སྐྱེ་གེ་སར་བཞད་པའི་སྟེ་༔ ཉི་མའི་གདན་ལ་མཁའ་འགྲོའི་གཙོཿ ཆོས་སྐུའི་ཀློང་ན་ཀུན་བཟང་མོཿ ལོང་སྐུའི་ཞིང་ན་ཝཱ་རཱ་ཧཱིཿ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམརཿ གཅེར་མོ་མཉམ་པའི་དོར་སྟབས་ཅནཿ ཤིན་ཏུ་ཆགས་དང་བཞད་པའི་ཞལཿ ཕྱགས་གཡས་ཐོད་པའི་ཅང་ཏེའུཿ སྙན་གྱི་ཐད་ཀར་གཏོད་ཅིང་འཁྲོལཿ གཡོན་པ་གྲི་གུ་ཡུ་བ་ནིཿ དཀུ་ལ་བརྟེན་ནས་མཆོག་ཏུ་འགྱིངཿ བྷ་ག་རྒྱས་ཤིང་ནུ་མ་འབུརཿ རིན་པོ་ཆེ་དང་གཞོན་ནུའི་རྒྱནཿ པུཎྚ་རི་ཀའི་དོ་ཤལ་འཕྱངཿ རུས་པའི་རྒྱན་དྲུག་སྐུ་ལ་མཛེསཿ གནག་སྣུམ་དབུ་སྐྲའི་ལན་ཚར་ཅནཿ རིན་པོ་ཆེ་ཡི་རྩེ་ཕྲན་བརྗིདཿ དབུ་མའི་སྤྱན་ནི་དབྱིངས་ལ་གཟིགསཿ ལོང་སྐུའི་སྤྱན་གྱིས་འགྲོ་བ་འདུལཿ སྤྲུལ་སྐུའི་སྤྱན་གྱིས་ཁམས་གསུམ་འགུགསཿ སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགསཿ ཐུགས་ཀ་དཔལ་གྱི་བེའུའི་དབྱིངསཿ མ་བསྐྱེད་རང་བྱུང་ཡོངས་གྲུབ་ལྷཿ འཁོར་ལོ་རྩིབ་ལྔའི་ལྟེ་བ་རུཿ ཀུན་གཞི་ཡིད་ཆོས་གནས་དག་པའིཿ ཁྱབ་གདལ་རིག་་ཀུན་ཏུ་བཟངཿ སྣང་སྟོང་གཉིས་མེད་ཡུམ་དང་སྦྱོརཿ རྩིབས་ལྔར་གཟུགས་ཚོར་འདུ་ཤེས་དངཿ འདུ་བྱེད་རྣམ་ཤེས་དག་པའི་ལྷཿ རྣམ་སྣང་རིན་འབྱུང་སྣང་མཐའ་དངཿ དོན་འགྲུབ་རྡོ་རྗེ་མི་བསྐྱོད་པརཿ ས་ཆུ་སྤྱན་དང་མཱ་མ་ཀཱིཿ མེ་རླུང་གོས་དཀར་དམ་ཚིག་སྒྲོལཿ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་ལྔརཿ གནས་དག་རིགས་ཀྱི་ཡུམ་ལྔར་འཁྲིལཿ གཡས་ཕྱོགས་དབང་པོའི་རྩ་བཞི་ལཿ རྣམ་ཤེས་དག་པའི་ནང་སེམས་བཞིརཿ ཡུལ་བཞི་དག་པའི་སེམས་མས་འཁྲིལཿ མིག་ལ་ས་སྙིང་སྒེག་མོ་མཿ རྣ་བར་ཕྱག་རྡོར་གླུ་མ་གཉིསཿ སྣ་ལ་ནམ་སྙིང་ཕྲེང་བ་མོཿ ལྕེ་ལ་སྤྱན་རས་གཟིགས་གར་མཿ གཡོན་ཕྱོགས་དབང་པོ་རྩ་བཞི་ལཿ དབང་པོ་དག་པའི་ཕྱི་སེམས་བཞིརཿ དུས་བཞི་དག་པའི་སེམས་མས་འཁྲིལཿ མིག་ལ་བྱམ་པ་བདུག་སྤོས་མཿ རྣ་བར་སྒྲིབ་སེལ་མེ་ཏོག་ཅནཿ སྣ་་ཀུན་བཟང་ཨཱ་ལོ་ཀེཿ ལྕེ་ལ་འཇམ་དཔལ་དྲི་ཆབ་མཿ དཔྲལ་བ་ལྕེ་དང་སྙིང་ག་དང་ ལྟེ་བ་གསང་གནས་རྐང་མཐིལ་གཡོནཿ འཇིག་རྟེན་དྲུག་དང་ཉོན་མོངས་ལྔཿ སེར་སྣར་ལྟ་བ་གནས་དག་པའིཿ རིག་པའི་སྐྱེ་བུ་ཐུབ་པ་དྲུགཿ ཡན་ལག་བཞི་ལ་སེམས་ཅན་གྱིཿ ལུས་ཀྱི་རྣམ་པར་ཤེས་པ་དངཿ དབང་པོ་རེག་བྱ་རེག་བྱེད་བཞིཿ གནས་དག་སྒོ་བ་ཡབ་བཞི་ལཿ རྟག་ཆད་ལྟ་དང་བདག་ལྟ་དངཿ མཚན་མར་ལྟ་བ་གནས་དག་ཡུལཿ ལག་གཡས་གཤིན་རྗེ་ལྕག་ཀྱུ་མཿ གཡོན་པར་སྟོབས་ཆེན་ཞག་པ་མོཿ རྐང་གཡོན་རྟ་མགྲིན་ལྕགས་སྒྲོག་མཿ གཡས་པར་བདུད་རྩི་འཁྱིལ་དྲིལ་བུཿ ཚད་མེད་བཞིའི་ཕྲིན་ལས་ཅནཿ དག་བྱ་དག་བྱེད་རྫོགས་པ་ལསཿ ཡོངས་གྲུབ་གདན་གསུམ་ཚང་བའི་ལྷཿ སྣང་ལ་རང་བཞིན་མེད་པར་གསལཿ དེ་ཡི་བ་སྤུའི་བུ་ག་ལཿ ཁྲག་འཐུང་རྒྱུད་སྡེ་དཀྱིལ་འཁོར་ནིཿ མ་ལུས་ལུས་པ་མེད་པར་རྫོགསཿ ཀུན་ཀྱང་སྐུ་མདོག་ཕྱག་མཚན་དང་ རྣམ་འགྱུར་མ་ངེས་རྒྱུ་འཕྲུལ་ནིཿ རང་བྱུང་རང་ཤར་ཆེན་པོའོཿ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོརཿ རིག་བདག་པདྨ་ཐོད་ཕྲེང་རྩལཿ ཨཱ་ཙཱརྱ་གཞོན་དཀར་ལ་འཛུམཿ ཧེ་རུ་ཀ་པ་ཅང་དྲིལ་འཁྲོལཿ དམ་ཚིག་ཡེ་ཤེས་གཉིས་སུ་མེདཿ བསྒོམས་པ་ཙམ་གྱིས་དངོས་གྲུབ་ཐོབཿ ས་མ་ཡཱཿ ལྔ་པ་སྤྱན་འདྲེན་དུང་བའི་བློསཿ ཧཱུྃཿ ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནསཿ དྷུ་་ཐ་ལ་མཁའ་འགྲོའི་གྲོངཿ གླིང་གི་གླིང་མཆོག་རྔ་ཡབ་གླིང་ དོན་ལ་འོག་མིན་བདེ་ཆེན་ཞིངཿ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནསཿ དགྱེས་ཤིང་བཞུགས་པའི་གནས་ཡུལ་ནསཿ ཆོས་སྐུ་ཡུམ་ཆེན་མཚོ་རྒྱལ་མཿ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅསཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་རྩོལཿ ཨོཾ་ཨཱཿཧཱུྃཿ བཛྲཛྙཱ་ན་ཊཀྐི་ནི་ཨེ་ཨ་ར་ལླི་ཕེཾ་ཕེཾ་ཛཿ དྲུག་པ་བཞུགས་གསོལ་འཚལ་བ་ནིཿ ཧོཿ གདོད་ནས་དམ་ཚིག་ཡེ་ཤེས་པཿ གཉིས་སུ་མེད་པ་རྡོ་རྗེའི་སྟནཿ མཁའ་འགྲོ་སེམས་ཀྱི་ཆོ་འཕྲུལ་དུཿ ལྷན་ཅིག་སྐྱེ་ལ་ཕྱག་འཚལ་ལོཿ ན་མོ་ན་མ་ཧཱུྃཿབདུན་པ་འདོད་ཡོན་མཆོད་པ་འབུལཿ ཧོཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ འདོད་ཡོནལྔ་ཡི་རྒྱན་དུ་ཤརཿ སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོཿ བླང་དོར་མེད་པའི་དགྱེས་མཆོད་འབུལཿ བཛྲ་ཛྙཱ་ན་ཊཱཀྐི་ནི་པུཥྤེ་ནས་ཤབྟ་མ་ཧཱ་རཀྟ་པཉྩ་བ་ལིངྟ་པཱུ་ཛ་ཨཱཿཧཱུྃཿ བརྒྱད་པ་བསྟོད་ཅིང་སྨོན་ལམ་བཏབཿ ཧཱུྃཿ རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མཿ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིནཿ དགྱེས་ཆགས་བཞད་པའི་རྣམ་འགྱུར་མཚོ་རྒྱལ་ཡུམཿ སངས་རྒྱས་པདྨའི་ལྕམ་ལ་ཕྱག་འཚལ་བསྟོདཿ མཐོང་བས་ཡིད་འཕྲོ་མཚན་དཔེའི་ལང་ཚོ་ཅནཿ ཐོས་པས་རྣམ་གྲོལ་འགག་མེད་བརྡ་ཡི་གསུངཿ དྲན་པས་བདེ་སྟོང་ཡེ་ཤེས་བསྐྱེད་པའི་ཐུགསཿ ཊཱཀྐིའི་རྗེ་མོ་མཁར་ཆེན་ཟའ་ལ་བསྟོདཿ བཅུ་དྲུག་དགའ་སྟེར་མཆོག་གི་ཕོ་ཉ་མོའིཿ གསལ་སྣང་རྒྱུ་མའི་ཏིང་འཛིན་ད་འགྲོགས་པསཿ ཕྱི་ནང་གཞན་གསུམ་རྩ་རླུང་ཐིག་ལེའི་ཁམསཿ ཀུན་ཏུ་བཟང་མོའི་ཀློང་དུ་དག་གྱུར་ཅིགཿ འདི་ལྟར་སྒྲུབ་པའི་འཛབ་དགོངས་ནིཿ རང་ཉིད་མཁའ་འགྲོའི་ཐུགས་ཀ་རུཿ ཕག་མོ་མཐིང་ནག་གྲི་ཐོད་ཅནཿ སྙིང་དབུས་དགའ་འཁྱིལ་བཾ་མཚན་མཐརཿ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིསཿ ལྷ་སྐུའི་སྣང་ཞེན་གསལ་བར་བྱསཿ རིགས་བདག་བླ་མའི་ཐུགས་རྒྱུད་བསྐུལཿ དེ་ལས་འོད་འཕྲོས་དོན་གཉིས་བྱསཿ བླ་མའི་སྐུ་ལས་བདུད་རྩིའི་རྒྱུནཿ ཟག་མེད་བདེ་བ་ཆེན་པོར་བབསཿ དགའ་བ་བཞི་ཡི་བྱེད་ལས་ཀྱིསཿ དབང་བཞིའི་ཡེ་ཤེས་ཉམས་སུ་མྱོངཿ ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཧཱུྃཿ ཞེས་རྩ་སྔགས་དངཿ ལུས་དཀྱིལ་ལ་དམིགས་ནསཿ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ རྒྱལ་ཐབས་སྤྱི་བླུག་ཚངས་འི་དབངཿ བསྐུར་ཐོབ་མེད་པའི་ཆོས་ཉིད་ལཿ མཉམ་པར་བཞག་པ་གནད་ཀྱི་གཟིརཿ བསྐྱེད་རྫོགས་རྣམ་གྲངས་མང་མི་དགོསཿ འདི་ཉིད་གཅིག་པུའི་དངོས་གྲུབ་ཐོབཿ ས་མ་ཡཱཿ རྟགས་གྱི་རིམ་པ་བསམ་ཡས་ཀྱངཿ མཆོག་ལ་དགོངས་པ་གཡོ་འགུལ་མེདཿ ཐུན་མོང་མཁའ་འགྲོ་འདུ་བ་དང་ ཇི་སྙེད་མཁྱེན་པའི་ཀློང་རྡོལ་བསཿ སྣང་བ་བརྡ་དང་ཆོས་སྐུར་འཆརཿ མས་དགའ་བག་ཕེབ་རིག་པ་དྭངསཿ མཁའ་སྤྱོད་གྲུབ་སོགས་ཡོན་ཏན་བརྒྱདཿ དངོས་སུ་གྲུབ་ཅིང་རྨི་ལམ་དུཿ བུད་མེད་དམར་མོ་འདུ་བ་དངཿ མེ་ཏོག་དུང་དང་ཤེལ་དཀར་རྙེདཿ མདའ་དང་ཕྱག་མཚན་མཐོང་བ་སོགསཿ མཁའ་འགྲོ་གྲུབ་པའི་རྟགས་སུ་བཤདཿ ཕྲི་ལས་ཁ་བརྒྱུར་གཞན་དུ་ཤེསཿ ས་མ་ཡཱཿ རྗེས་ཀྱི་རིམ་པའི་ཚོགས་སྐོང་ནིཿ བསོད་ནམས་ནང་ནས་ཚོགས་འཁོར་མཆོགཿ མཁའ་འགྲོ་འདུ་བའི་དམ་ཚིག་རྫསཿ ནང་མཆོད་ཁྱད་པར་བཟང་དུ་བཤམས༔ ཧོཿ བདེ་བ་ཆེན་པོའི་སྣོད་མཆོག་ཏུཿ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནིཿ བླང་དོར་མེད་པའི་དམ་ཚིག་རྫསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུརཿ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོསཿ ཧཱུྃཿ འོག་མིན་གནས་དང་མཁའ་སྤྱོད་ཞིངཿ དཔའ་བོ་མཁའ་འགྲོ་འདུ་བའི་གནསཿ ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལཿ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོངཿ སྤྱི་བོར་ཛ་ལནྡྷ་ར་དངཿསྨིན་མཚམས་པུལླཱི་ར་མ་ལཿ ལྟག་པའི་རྩ་ཁམས་ཨརྦུ་ཏཿ མཛོད་སྤུ་ར་མེ་ཤྭ་རྭ་དང་༔ རྣ་བ་གཡས་པ་ཨོ་རྒྱན་ཡུལཿ གཡོན་པ་གོ་དྷ་ཝ་རྰའི་ཞིངཿ མིག་གཉིས་དེ་ཝཱི་ཀོ་ཊཱ་དངཿ ཕྲག་པ་མཱ་ར་་བརྒྱད་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེ་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ལོངས་སྤྱོད་འཁོར་ལོར་ལམ་པཱ་ཀཿ མཆན་དང་མཁལ་ཁུང་ཀཱ་མ་རཱུཿ ནུ་མ་གཉིས་ནི་ཨོ་ཊི་སྟེཿ ལྟེ་བ་ཏྲི་ཤ་ཀུ་ནའི་གྲོངཿ སྣ་ཡི་རྩེ་མོ་ཀོ་ས་ལཿ ཡ་རྐན་ཀ་ལིངྐ་ཡི་ཡུལཿ སྙིང་ག་ཀཉྩི་ཀ་དང་ནིཿ ཧི་མཱ་ལ་ཡི་གྲོང་ཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་དུ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེ་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ མཚན་མ་པྲེ་ཏ་པུ་རིའི་ཞིངཿ བཤང་ལམ་གྲི་ཧ་དེ་ཝཱའི་ཡུལཿ མཐེ་བོང་མ་རོ་བརླ་རཥཊ༔ བྱིན་པ་པུ་ཝརྣ་དཱི་པཿ སོར་མོ་བཅུ་དྲུག་ནཱ་ག་རཿ པུས་མོ་ཀུ་ལནྟཱ་དང་ནིཿ བོལ་གོང་སིནྡྷུའི་གྲོང་ཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེ་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཚོགས་སྐོང་སྦྲེལ་མ་བྱེད་ནཿ ཧོཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལཿ འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་པསཿ ལུས་ངག་སེམས་ཀྱིས་སྡིག་སྤྱད་མཐོལ་ལོ་བཤགསཿ ཐེག་པ་དམན་པའི་དབང་དུ་གྱུར་པས་ནཿ ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགསཿ སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་གྱུར་པསཿ འགྲོ་བའི་དོན་མ་བགྱིས་པ་མཐོལ་ཞིང་བཤགསཿ ལེ་ལོ་གཉིད་ཀྱི་དབང་དུ་གྱུར་བ་ཡིསཿ སྒོམ་དང་སྒྲུབ་པ་གཡེལ་བ་མཐོལ་ཞིང་བཤགསཿ སེར་སྣ་འཇུར་གེགས་དབང་དུ་གྱུར་པས་ནཿ མཆོད་པ་ལོ་ཟླར་འདས་པ་མཐོལ་ཞིང་བཤགསཿ ང་རྒྱལ་ཁེངས་སེམས་དབང་དུ་གྱུར་པས་ནཿ བླ་མའི་སྐུ་གསུང་ཐུགས་དང་འགལ་བ་བཤགསཿ བརྩེ་གདུང་ཆུང་བའི་དབང་དུ་གྱུར་པས་ནཿ གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ཞིང་བཤགསཿ ཟླ་གྲོགས་ངན་པའི་དབང་དུ་གྱུར་པས་ནཿ ཕུད་དང་ལྷག་མ་ཉམས་པ་མཐོལ་ཞིང་བཤགསཿ ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིསཿ ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགསཿ ཕུད་ཉུལ་ཐུགས་དང་འགལ་པའི་རྐྱེན་དབང་གིསཿ མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ཞིང་བཤགསཿ སྒྲོལ་བའི་དུས་ནས་སྙིང་རྗེ་ཆུང་བ་ཡིསཿ སེམས་ཅན་གནས་མ་སྟོབས་པ་མཐོལ་ཞིང་བཤགསཿ ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིསཿ ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ཞིང་བཤགསཿ སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བསཿ གཟུངས་མའི་ཐུགས་དང་འགལ་བ་བཟོད་པར་གསོལཿ གཟུངས་མའི་ཐུགས་དང་འགལ་བའི་སྐྱོན་དབང་གིསཿ ཆགས་ཤིང་འཁོར་བར་སྐྱེ་བ་མཐོལ་ལོ་བཤགསཿ བཤགས་ནས་སྐུ་གསུངས་ཐུགས་ཀྱི་དངོས་གྲུབ་སྩོལཿ ཞེས་སྙིང་ཐག་པ་ནས་བཤགས་པས་དམ་ཚིག་ཉམས་ཆག་སོར་ཆུད་པར་འགྱུར་རོཿ དེ་ནས་ལྷག་མ་ནིཁ་ཕྲུས་བཏབ་ལཿ ཨོཾ་ཨ་ཀྰ་རོ་མུ་ཁཾ་སོགས། ཕཻཾཿ ལྷག་ལ་དབང་བའི་བཀའ་གཉན་ནིཿ མཁའ་འགྲོ་སུམ་ཅུ་རྩ་གཉིས་དངཿ གིང་ཆེན་ཁྱོ་ཤུགས་ལངྐ་འབུམཿ ཕོ་ཉ་སུམ་བརྒྱ་དྲུག་བཅུའི་སྡེཿ མགྱོག་མ་བཞི་དང་འབར་མ་བརྒྱདཿ མ་མོ་བདུན་དང་སྲིང་མོ་བཞིཿ ཤུགས་འགྲོ་གནས་ཉུལ་ཕྲ་མེན་རྣམསཿ ལྷག་ལ་གདུང་ཞིང་ཚོགས་ཁང་འགྲིམཿ ཕམ་ཕབ་བཟང་པོ་འདི་བཞེས་ལཿ མི་མཐུན་རྐྱེན་ངན་བར་ཆད་སོལཿ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོདཿ ཅེས་ཕྱི་རོལ་དུ་དོརཿ ཐུགས་དམ་བསྐུལ་བ་ནིཿ ཧཱུྃཿ བཞེངས་ཤིགས་མཁའ་འགྲོ་འདུས་པའི་ལྷཿ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ ཆད་ཐོ་བྱ་བ་ནིཿ ཧཱུྃཿ དུས་གསུམ་ལས་འདས་ཀུན་ཏུ་བཟངཿ རང་བཞིན་རྣམ་དག་འོག་མིན་དུཿ གདན་གསུམ་ཚངས་བའི་སྟོན་འཁོར་གྱིསཿ གསང་ཆེན་རྡོ་རྗེ་ཆོས་འཁོར་བསྐོརཿ དངོས་འཛིན་དག་པའི་ལྷ་གནས་གསུམཿ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟནཿ སྔགས་ནི་ལས་ཅན་སྤྲུལ་པའི་ངོརཿ རང་བཞིན་ཉིད་དུ་འབྱུང་བའི་ཚེཿ སྒྲགས་མདའ་མཚོ་རྒྱལ་བླ་མཚོ་རུཿ དཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུདཿ གནས་གསུམ་མཁའ་འགྲོས་བྱིན་རླབས་ཤིངཿ སྲེད་ལེན་མེད་པའི་བརྡ་ཡིག་ལསཿ འཛད་མེད་གཏེར་གྱི་སྒོ་ཕྱེ་ཚེཿ འཁྲུལ་བ་གཞི་ལ་དག་པ་ཡིཿ རྟེན་འབྲེལ་བཞིན་དུ་ཕྲིན་ལས་མཛོདཿ བསྟན་མ་སྐྱོང་བ་ནིཿ ཧཱུྃཿ དཔལ་གྱི་བཀའ་གཉན་བོད་ཁམས་སྐྱོང་༔ མ་སྲིང་བསྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ རྟ་བྲོ་བྱ་བ་ནིཿ ཧཱུྃཿ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་པར་མ་གྱུར་ཅིགཿ སྟཱཾ་བྷ་ཡ་ནནཿ དེ་ནས་མཆོད་ཅིང་བསྟོད་ལཿ དངོས་གྲུབ་བླང་བ་ནིཿ ཧོཿ མཁའ་འགྲོ་སྒྲུབ་པའི་དམ་ཚིག་ད་ནངས་ཐེམསཿ དངོས་སྒྲུབ་སྩོལ་བའི་དུས་ལ་ད་བབས་ནཿ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནསཿ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའི་སྟོབསཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོཿ སྒྲུབ་རྫས་གནས་གསུམ་གཏུགས་ཤིང་མྱོངཿ ནོངས་པ་བཤགས་པ་ནིཿ ཧཱུྃཿ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ བཛྲ་ས་ཏྭ་སོགས་བརྗོདཿ རྫོགས་རིམ་ནིཿ ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྟརཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ བསྔོ་བ་ནིཿ ཧོཿ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུཿ བསྐྱེད་རྫོགས་བཟླས་བརྗོད་བགྱིས་པ་ཡིཿ དགེ་བའི་རྩ་བ་གང་ལགས་པཿ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ སྨོན་ལམ་ནིཿ ཧོཿ སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིངཿ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མཿ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དངཿ ར་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོགཿ བཀྲ་ཤིས་ནིཿ ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཆོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲར་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོགས་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ གཞན་ཡང་བཀྲ་ཤིས་གང་རྒྱས་བྱའོཿ ས་མ་ཡཿ གཏེར་རྒྱཿ བརྡ་རྒྱཿ ཟབ་རྒྱཿ རིག་འཛིན་འཇིག་མེད་གླིང་པས་སྒྲགས་མདའ་མཚོ་རྒྱལ་བླ་མཚོ་རུཿ མཁའ་འགྲོ་རང་བྱུང་རྒྱལ་མོའི་ཐུགས་ཀ་ནསཿ དཔལ་ལེན་པ་མེད་པའི་མཁའ་འགྲོའི་བརྡ་རིས་སྤྱན་དྲངས་པ་ལས་བསྒྱུར་བ་སླད་ནས་ཆོག་ཁྲིགས་སུ་བསྡེབས་པའོ
༄༅།།ཡུམ་ཀའི་བྱིན་འབེབས་ནི། ཧོ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་གནས་དང་ཡོ་བྱད་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་བྱིན་འབེབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་ཛྙཱ་ན་ཌཱཀྐི་ནི་བུདྡྷ་ས་ཏྭ་དྷརྨ་པ་ལ་སརྦ་ས་མ་ཛ༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ།
འཕགས་མཆོག་ཐུགས་རྗེའི་དུས་ལ་བབས། ཁྱད་པར་བསྟན་པའི་དུས་ལ་བབས།།མཐུ་རྩལ་བྱུང་བའ་དུས་ལ་བབས།།བྱིན་གྱིས་རློབས་པའི་དུས་ལ་བབས།།དབང་མཆོག་བསྐུར་བའི་དུས་ལ་བབས།།དངོས་གྲུབ་སྩོལ་བའི་དུས་ལ་བབས།།མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས།།དབང་ཆེན་དབང་བསྐུར་བཅོམ་ལྡན་འདས།།དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས།།བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ།













༄༅།།སྔོན་གཏོར་ནི། ཛ་ཧཱུྃ་བཾ་ཧོ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཨོཾ་མ་ཧ་བཛྲ་ཧཱུ༵ྃ། ཨོཾ་བཛྲ་གྷནྡྷེ་ཨཱཿ ཨོཾ་སརྦ་ཏ་ཐ་ག་ཏ་མ་ཧ་ཨ་ནུ་ར་ག་ན་བཛྲ་སྭཱ་བྷ་ཝ་ཨདྨ་ཀོ྅་ཧཾ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿ སྭ་བྷཱ་ཝ་ཤདྡྷོ྅་ཧཾ། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་ཏོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃཿ ལན་གསུམ་གྱིས་རླབས། སྠ་ན་པ་ཏི་ཀྵེ་ཏྲ་པ་ལཉྩ་ན་མ༔ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ༔ ཨི་མཾ་ག་ག་ན་ཁཾ་གྷྲྀཧྣེ་དཾ་བཱ་ལཾ་དེ་སྭཱ་ཧཱ།ལན་གསུམ་གྱིས་བསྔོ་ཞིང་། གང་དག་འདིར་གནས་ལྷ་དང་ཀླུ།།གནོད་བཞིན་སྲིན་པོའམ་གཞན་དག་ལ།།སྔགས་སྤྱོད་དོན་དུ་ས་ཕྱོགས་འདི།།བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ།། གྱིས་འབུལ།
༈ཡུལ་ལྷ་གཞི་བདག་འཁོར་བཅས་ཀྱིས།།
མཆོད་སྦྱིན་གཏོར་མ་འདི་བཞེས་ལ།།
རྣལ་འབྱོར་བདག་ཅག་འཁོར་བཅས་ལ།།
ནད་མེད་ཚེ་དང་དབང་ཕྱུག་དང་།།
དཔལ་དང་གྲགས་དང་སྐལ་བ་བཟང་།།
ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་།།
ཞི་དང་རྒྱས་ལ་སོགས་པ་ཡི།།
ལས་བཞིའི་དངོས་གྲུབ་བདག་ལ་སྩོལ།།
དམ་ཚིག་ཅན་གྱིས་བདག་ལ་སྲུངས།།
དངོས་གྲུབ་ཅན་གྱིས་སྡོང་གྲོགས་མཛོད།།
དུས་མིན་འཆི་དང་ནད་རྣམས་དང་།།
གདོན་དང་བགེགས་རྣམས་མེད་པར་མཛོད།།
རྨི་ལམ་ངན་དང་མཚན་མ་ངན།།
བྱ་བྱེད་ངན་པ་མེད་པར་མཛོད།།
འཇིག་རྟེན་བདེ་ཞིང་ལོ་ལེགས་དང་།།
འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ།།
དགེ་ལེགས་ཐམས་ཅད་འབྱུང་བའི་གནས།།
ཡིད་ལ་འདོད་པ་ཀུན་འགྲུབ་ཤོག། །།
བགེགས་གཏོར་ནི།། རང་ཉིད་སྐད་ཅིག་གི་དབང་ཆེན་རྟ་མགྲིན་འབར་བའི་ཉམས་དང་ལྡན་པའི་སྐུར་གྱུར།།ཨོཾ་ཧྲིཿ བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿ སྭ་བྷཱ་ཝ་ཤདྡྷོ྅་ཧཾ།

ཨོཾ་སརྦ་བྷུ་ཏ་ཨ་ཀྭརཥྱ་ཛཿ མགྲོན་བཀུགས།ཨོཾ་སརྦ་བིགྷྣཱཾ་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀཧྣ་དཾ་བཱ་ལཾ་དེ་སྭཱ་ཧཱ། སོགས་ནམ་མཁའ་མཛོད་ཀྱི་སྔགས་ཀྱི་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧྲཱིཿསྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིར༔ གླག་ལྟ་བར་གཅོད་བདུད་ཀྱི་རིགས༔ གཏོར་མ་ལོང་ལ་གཞན་དུ་དེངས༔ བཀའ་ལས་འདའ་ན་རྡོ་རྗེས་གཞོམ༔ རོལ་མོ། བསྲུང་འཁོར་ནི། ཧྲཱིཿསྣང་སྲིད་དག་པ་རབ་འབྱམས་ལ༔ བགེགས་དང་བར་གཅོད་མིང་ཡང་མེད༔ གློ་བུར་རྣམ་རྟོག་འཁྲུལ་བའི་གདོན༔ ཆོས་དབྱིངས་ངང་དུ་མཚམས་བཅད་དོ༔ མཐར་བྱིན་འབེབ་ལ་བསྒྲགས།

0 comments:

ཟིན་བྲིས་འཚོལ་ཡུལ