དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 2 June 2013
༄༅།།ཀློང་སྙིང་རིག་འཛིན་འདུས་པའི་བརྒྱུད་འདེབས་ནོར་
བུའི་དོ་ཤལ་བཞུགས།།

གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་།།
ལོངས་སྤྱོད་རྫོགས་སྐུ་དགའ་རབ་རྡོ་རྗེ་དང་།།
སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་གནས་ལ།།
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ།།
རྒྱ་གར་འཕགས་ཡུལ་སྒྲུབ་སྡེ་བཀའ་བརྒྱད་ཀྱི།།
དངོས་གྲུབ་མཆོག་གཉིས་ཡེ་ཤེས་ཀློང་དགུ་ཡི།།
ལྟ་བ་མངོན་གྱུར་མཆོག་གི་རིག་འཛིན་བརྒྱད།།
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ།།
གངས་ཅན་བོད་ཡུལ་མཚོ་སྐྱེས་རྡོ་རྗེ་ཡིས།།
སྨིན་གྲོལ་ཟབ་མོས་རྗེས་བཟུང་ཐུགས་ཀྱི་སྲས།།
གྲུབ་པའི་དབང་ཕྱུག་རྗེ་འབངས་ཉེར་ལྔ་ལ།།
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ།།
དཀྱིལ་འཁོར་སྒོ་བཞི་སྲུང་མཛད་ཡབ་ཡུམ་དང་།།
རྩ་གསུམ་དཔའ་བོ་མཁའ་འགྲོ་རབ་འབྱམས་ཚོགས།།
ཡེ་ཤེས་ལས་གྲུབ་དམ་ཅན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ།།
ཟབ་གཏེར་མངའ་བདག་རིག་འཛིན་འཇིགས་མེད་གླིང་།།
སྨིན་གྲོལ་བཀའ་བབས་རིག་འཛིན་བརྒྱུད་པ་དང་།།
ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་ལ།།
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ།།
ཀ་དག་གཞི་ཡི་ལྟ་བ་མངོན་དུ་གྱུར།།
ལྷུན་གྲུབ་སྣང་བཞིའི་ལམ་གྱི་རྩལ་ཆེན་རྫོགས།།
དབྱིངས་རིག་དབྱེར་མེད་འབྲས་བུ་མཐར་ཕྱིན་ནས།།
དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།།
ཞེས་པའང་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་བཟང་རང་གྲོལ་གྱི་ཐུགས་བཞེད་ལྟར་བརྒྱུད་འདེབས་བསྡུས་པ་འདི་མེ་སྤྲེལ་ལོ་སྦོ་ཟླའི་ཚེ་བཅུའི་ཉིན་འགྱུར་མེད་རྡོ་རྗེ་པས་བྲིས་པ་དགེ། །།

འུཾཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ་བཞུགསཿ
འུཾཿ བཛྲ་གུ་རུ་བིདྱ་དྷ་ར་ཡེཿ ནང་སྒྲུབ་རིག་འཛིན་འདུས་པ་ནིཿ དབེན་ཞིང་ཉམས་དགའ་ས་ཕྱོགས་དམརཿ རྩི་ཤིང་ནགས་ཚལ་མེ་ཏོག་རྒྱསཿ བཀྲ་ཤིས་ཡིད་འོང་གནས་མཆོག་དེརཿ དཀྱིལ་འཁོར་མཆོད་པའི་ཡོ་སྤྱད་དང་༔ སྤྱན་གཟིགས་ལ་སོགས་བློ་དང་སྦྱརཿ བདེ་བའི་སྟན་ལ་བག་ཕབ་ནས༔ སྦྱོར་དངོས་རྗེས་གསུམ་ཚང་བ་ཡི༔ རྟེན་འབྲེལ་ཟབ་མོས་ཉམས་སུ་བླང་༔ ས་མ་ཡཱ༔ དང་པོ་སྔོན་འགྲོའི་སྦྱོར་བ་ལཿ རྣམ་གྲང་བདུན་ལས་དང་པོ་ནིཿ མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེཿ ཁྱེད་ཤེས་དད་པས་སྐྱབས་སུ་འགྲོཿ
ན་མོ་བདག་དང་མཐའ་ཡས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་བླ་མ་དང་༔ རིག་འཛིན་རྒྱ་མཚོའི་དཀྱིར་འཁོར་ལ༔ སྙིང་ནས་དད་པས་སྐྱབས་སུ་མཆིཿ ལན་གསུམ། གཉིས་པ་སེམས་བསྐྱེད་ནིཿ ཧོཿ རིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནསཿ ཕ་མ་འགྲོ་དྲུག་སེམས་ཅན་ཀུནཿ ཚད་མེད་སྙིང་རྗེའི་སྒྲོལ་བའི་ཕྱིརཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ ལན་གསུམ། གསུམ་པ་ཚོགས་གསོགས་ནིཿ ཧོཿ ཆུ་ལས་ཆུ་བུར་ཇི་བཞིན་དུཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷརཿ མངོན་སུམ་རིག་པས་ཕྱག་འཚལ་ལོཿ ཉམས་སྣང་གོང་འཕེལ་མཆོད་པར་འབུལཿ རིག་པ་ཚད་ཕེབས་ངང་དུ་བཤགསཿ ཆོས་ཉིད་ཟད་ལ་རྗེས་ཡི་རངཿ འཕོ་ཆེན་ཀློང་ནས་ཆོས་འཁོར་བསྐོར༔ འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབསཿ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོཿ བཞི་པ་བགེགས་ལ་བཀའ་བསྒོ་བ༔ ཧྲཱིཿ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིརཿ གླགས་ལྟ་བར་གཅོད་བདུད་ཀྱི་རིགས༔ གཏོར་མ་ལོངས་ལ་གཞན་དུ་དེངསཿ བཀའ་ལས་འདས་ན་རྡོ་རྗེའི་གཞོམཿ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིརཿ ལྔ་པ་སྲུང་འཁོར་བསྒོམ་པ་ནིཿ ཧྲཱིཿ སྣང་སྲིད་དག་པ་རབ་འབྱམས་ལཿ བགེགས་དང་བར་གཅོད་མིང་ཡང་མེདཿ གློ་བུར་རྣམ་རྟོག་འཁྲུལ་བའི་གདོནཿ ཆོས་དབྱིངས་ངང་དུ་མཚམས་བཅད་དོཿ དྲུག་པ་བྱིན་འབེབས་ནིཿ
ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནསཿ དང་པོའི་སངས་རྒྱས་ཀུན་ཏུ་བཟང་༔
རིགས་ལྔ་ཡབ་ཡུམ་སྤྲུལ་འཁོར་བཅསཿ དགོངས་བརྒྱུད་བླ་མས་བྱིན་ཆེན་ཕོབཿ སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་ནསཿ དགའ་རབ་འཇམ་དཔལ་བཤེས་གཉེན་དང་༔
ཤྲཱི་སེང་ཛྙ་ན་སཱུ་ཏྲ་སོགས༔ བརྡ་བརྒྱུད་བླ་མས་བྱིན་ཆེན་ཕོབཿ འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནསཿ རིག་འཛིན་བརྒྱད་དང་པདྨ་འབྱུང་༔
རྗེ་འབངས་ཉི་ཤུ་རྩ་ལྔ་སོགས༔ སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབཿ དཀྱིལ་འཁོར་འདི་ལ་བཀྲག་ཅིག་ཐོནཿ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལཿ ལུས་ངག་ཡིད་ལ་བདེ་ཆེན་སྤོརཿ མཆོག་དང་ཐུན་མོང་དངོས་གྲུབ་རྩོལཿ ཨོཾ་ཨཱཿཧཱུྃཿ བིདྱ་དྷཱ་ར་ཨེ་ཨ་རལླི་ཕེམ་ཕེམཿ ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་རོལ་མོ་དྲག་ཏུ་དཀྲོལཿ བདུན་པ་མཆོད་རྫས་བྱིན་རླབས་ནིཿ ཨོཾ་ཨཱཿཧཱུྃཿ སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིནཿ ཡེ་ཤེས་བདུད་རྩིར་བྱིན་རླབས་པསཿ ཕྱི་ནང་གསང་བའི་མཆོད་རྫས་ཀུནཿ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུརཿ ཨོཾ་བཛྲ་ཨརྒྷཾ་སོགས སརྦ་པཉྩ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཨཱཿཧཱུྃཿ ལན་གསུམ་བརྗོད་པས་བྱིན་གྱིས་བརླབསཿ གཉིས་པ་དངོས་གཞིར་རྣམ་གྲངས་བདུནཿ དང་པོ་རྟེན་དང་བརྟེན་པར་བཅསཿ སྤྲོས་བྲལ་ངང་ནས་བསྐྱེད་པ་ནིཿ ཧཱུྃཿ མ་བཅོས་རིག་པ་སྟོང་གསལ་ངང་༔
ལྷག་མཐོང་སྣང་ཆའི་རྟེན་འབྲེལ་ཀུནཿ ལྷུན་འགྲུབ་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའིཿ ཕོ་བྲང་གཞལ་མེད་ཉམས་དགའ་བཿ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡནཿ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའིཿ ཕྱི་ནང་ཟང་ཐལ་ཆེན་པོའི་དབུསཿ སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔
 ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུཿ བདག་ཉིད་སངས་རྒྱས་ཀུན་གྱི་དངོསཿ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔
ཞལ་གཅིག་ཕྱག་གཉིས་དཀར་དམར་མདངསཿ ཐེག་གསུམ་རྫོགས་པའི་བརྡ་རྟགས་སུཿ ཕོད་ཁ་ཆོས་གོས་བེར་འདུང་མནབསཿ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགསཿ གཡོན་པས་བྷནྡྷ་ཚེ་བུམ་བསྣམསཿ མཆན་ཁུང་གཡོན་ན་ལྷ་ལྕམ་མཛེསཿ དབུ་ལ་པདྨའི་མཉེན་ཞུ་གསོལཿ རྒྱལ་པོ་རོལ་པའི་སྟབས་སུ་འགྱིངསཿ དབུ་གཙུག་འཇའ་ཟེར་ཐིག་ལེའི་ཀློང་༔
དགའ་རབ་རྡོ་རྗེ་ལོངས་སྐུའི་ཆསཿ དཀར་གསལ་རྡོར་དྲིལ་ཐུག་ཀར་བསྣོལ༔ དེ་ཡི་དབུ་གཙུག་ཐོག་མའི་མགོནཿ ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོགཿ ཕྱི་འཁོར་པདྨ་འདབ་བརྒྱད་སྟེང་༔
འོད་ལྔའི་ཐིག་ལེ་ཟླུམ་སྐོར་དབུསཿ དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱདཿ ཀུན་ཀྱང་ཧེ་རུ་ཀ་པའི་ཆསཿ ཕྱག་གཉིས་ཊ་རུ་དྲིལ་བུ་འཁྲོལཿ སྟང་སྟབས་ཕྱག་རྒྱ་གར་གྱིས་རོལཿ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིང་༔ སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་གསལཿ བར་མཚམས་རྒྱ་བོད་རིག་འཛིན་དང་ཿ སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔཿ རྣམ་འགྱུར་ཆ་ལུགས་མ་ངེས་ཤིང་ཿ རྡོ་རྗེ་གར་སྟབས་ཅིར་ཡང་བསྒྱུརཿ སྟེང་ཕྱོགས་རྒྱུད་སྡེ་བཞི་དྲུག་གིཿ ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགསཿ ཏིལ་གྱི་གོང་བུ་ལྟ་བུར་བཞུགསཿ ཕྱི་ཁྱམས་དཔལ་མགོན་བདུན་ཅུ་དང་༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགསཿ བཀའ་སྡོད་དམ་ཅན་རླུང་ལྟར་འཚུབསཿ སྒོ་བཞིར་གིང་ཆེན་སྡེ་བཞི་གསལཿ ཀུན་ཀྱང་སྣང་སྟོང་རོལ་པའི་ངང་ཿ གསལ་ལ་མ་འདྲེས་ལྷུན་གྱིས་གྲུབཿ གནས་གསུམ་ཡི་གེ་གསུམ་གྱི་མཚནཿ རྡོ་རྗེ་གསུམ་གྱི་ངོ་བོར་གྲུབཿ དེ་ལས་འོད་ཟེར་རབ་འཕྲོས་པསཿ རང་བཞིན་ཆོས་དབྱིངས་གནས་མཆོག་དང་༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་༔ གནས་ཡུལ་དུར་ཁྲོད་བརྒྱད་སོགས་དང་༔ ཁྱད་པར་རྔ་ཡབ་ལངྐའི་གླིངཿ ཟངས་མདོག་དཔལ་གྱི་རི་བོ་ནསཿ རིག་འཛིན་འདུས་པའི་དཀྱིལ་འཁོར་ལྷཿ སྤྱན་འདྲེན་གནས་འདིར་ས་མ་ཛཿ གཉིས་པ་སྤྱན་འདྲེན་སྤོས་རོལ་དང་ཿ གདུང་བ་དྲག་པོའི་དབྱངས་ཀྱིས་འབོདཿ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོ་དང་༔
རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་རྩོལཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛཿཛཿ གསུམ་པ་བཞུགས་སུ་གསོལ་བ་ནིཿ ཧཱུྃཿ ཐབས་ཀྱིས་བསྐྱེད་པའི་དཀྱིལ་འདིརཿ ཤེས་རབ་དབྱིངས་ནས་དྲངས་པའི་ལྷཿ རིག་འཛིན་བླ་མའི་དཀྱིལ་འཁོར་རྣམསཿ གཉིས་མེད་ངང་དུ་དགྱེས་པར་བཞུགསཿ བཛྲ་ས་མ་ཡཱ་ཏིཥྛ་ལྷནཿ བཞི་པ་བརྡ་ཕྱག་འཚལ་བ་ནིཿ ཧཱུྃཿ ལྷ་ཉིད་རང་ལ་རང་ཉིད་ལྷཿ རང་བྱུང་སྤྲུལ་པའི་དཀྱིལ་འཁོར་ལཿ བཟང་ངན་བླང་དོར་མ་མཆིས་ཀྱང་༔
རྟེན་འབྲེལ་བརྡ་ཡིས་ཕྱག་འཚལ་ལོཿ ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ ལྔ་པ་མཆོད་པའི་བྱེ་བྲག་ནིཿ ཨོཾ་ཨཱཿཧཱུྃཿ ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིནཿ ཉེར་སྤྱོད་འདོད་ཡོན་སྣ་ལྔ་དང་༔ བཀྲ་་ཤིས་རྫས་རྟགས་རྒྱལ་སྲིན་བདུན༔ སྨན་གཏོར་རཀྟ་དྭངས་རེ་སྤྲོཿ སྒེག་བཞད་གཡོ་བའི་གར་མ་དང་༔ བདེ་ཆེན་སྦྱོར་བའི་རིག་མ་འབུམཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུནཿ ཡེ་ཤེས་དབྱིངས་སུ་རྣམ་དག་པའིཿ མཆོད་པའི་ཕྱག་རྒྱ་ཆེན་པོ་སོགསཿ རིག་འཛིན་འདུས་པའི་ལྷ་ལ་འབུལཿ བཞེས་ནས་དབང་དང་དངོས་གྲུབ་རྩོལཿ ཨོཾ་བཛྲ་ཨརྒྷཾ་པཏྱཾ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤབྟ་རཱུ་པ་ཤབྟ་གྷནྡྷེ་རཱ་ས་སྤར་ཤེ་ཨཱཿཧཱུྃཿ སརྦ་པཉྩ་བཱ་ལིང་ཏ་རཀྟ་མ་ཧཱ་སུ་ཁ་རྷརྨ་རྷརྟུ་ཨཱཿཧཱུྃཿ དྲུག་པ་བསྟོད་པ་བྱ་བ་ནིཿ ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོདཿ བདེ་བྱེད་བརྩེགས་པར་ཟབ་རྒྱའི་དངོས་གྲུབ་བརྙེསཿ དུར་ཁྲོད་བརྒྱད་དུ་དགོངས་པའི་བཙན་ས་ཟིནཿ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་མངའ་དབང་བསྒྱུརཿ མཆོག་གི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོདཿ དགོངས་པ་ཀློང་ཆེན་ཡངས་པའི་མཁའ་ལ་འཕྱོཿ རྣམ་འགྱུར་བརྟུལ་བཞུགས་སྤྱོད་པས་འགྲོ་བ་འདྲེནཿ རྨད་བྱུང་རྡོ་རྗེ་སྙིང་པོའི་དགོངས་སྲོག་འཛིནཿ ཐུགས་སྲས་རྗེ་འབངས་ཉེར་ལྔར་ཕྱག་འཚལ་བསྟོདཿ གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུཿ དམ་ཚིག་ཐུགས་རྗེའི་འཁོད་པའི་རྩ་གསུམ་ལྷཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕོ་ཉ་བཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བདུན་པ་འཛབ་དགོངས་གསལ་བ་ནིཿ ཐུགས་ཀར་པདྨ་ཉི་ཟླའི་སྟིང་༔
ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུཿ སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོརཿ འོད་ཟེར་འཕྲོས་པས་སྣོད་བཅུད་སྦྱངས༔ རྣམ་དག་ལྷ་ཡི་དལ་དུ་བསྒོམཿ མ་གྲུབ་བར་དུ་མི་བཏང་ངོ་༔
ཨོཾ་ཨཱཿཧཱུྃཿ བཛྲ་གུ་རཱུ་པདྨ་སིདྡྷི་ཧཱུྃཿ བསྙེན་པ་ཆུ་བོའི་གཞུང་བཞིན་བསྐྱལཿ རེས་འགའ་ཧཱུྃ་གི་སྣང་གླུ་ལེནཿ ཤེས་པ་གཏད་མེད་ངང་ལ་བཏངཿ རྗེས་ཐོབ་ལུ་གུ་རྒྱུད་ལ་གཟིརཿ འདི་ཉིད་བསྒྲུབ་པའི་རྣལ་འབྱོར་ལ༔ རིག་འཛིན་རྒྱ་མཚོས་བྱིན་གྱིས་རླབས༔ མ་དང་ཊཱཀྐིས་ལུང་ཡང་སྟོནཿ ཕྱི་མ་རྔ་ཡབ་དཔལ་གྱི་རིརཿ ཐེ་ཚོམ་མེད་དོ་ས་མ་ཡཿ གབ་བྱང་ལསཿ བསྙེན་པ་འབྲུ་འབུམ་སྔོན་སོང་ནསཿ རིག་འཛིན་སྲོག་སྒྲུབ་སྙིང་པོ་ནིཿ ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནསཿ བར་ལ་བཅུ་གཉིས་གྲོང་མཚམ་པཿ རིག་འཛིན་སྲོག་གི་ཡང་སྙིང་ཡིནཿ ཨོཾ་ཨཱཿཧཱུྃཿ བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབཿ ཅེས་གསུངས་སོཿ རྗེས་ལ་ཚོགས་ཀྱི་རིམ་པ་ནིཿ སྲིད་པའི་འདོད་ཡོན་མཆོད་པར་བཤམཿ ཁྱད་པར་ཤ་ཆང་མེད་མི་རུངཿ དང་པོ་བྱིན་གྱིས་རློབ་པ་ནིཿ ཧཱུྃཿ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾཿ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ འདོད་ཡོན་ནམ་མཁའ་མཉམ་པར་སྤེལཿ
རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ
གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནིཿ ཧཱུྃཿ འོག་མིན་བདེ་ཆེན་ཞིང་ཁམས་དང་༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིང་༔ ཁྱད་པར་རྔ་ཡབ་དཔལ་གྱི་རིཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནསཿ རིག་འཛིན་འདུས་པའི་ལྷ་ཚོགས་རྣམསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ དུར་ཁྲོད་ཚོགས་ཁང་ཉམས་རེ་དགའཿ མཁའ་འགྲོའི་འདུ་བ་བག་རེ་དྲོཿ རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ འདོད་ཡོན་ཚོགས་མཆོད་མདངས་དང་ལྡནཿ འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ གསུམ་པ་ཚོགས་ཕུད་འབུལ་བ་ནིཿ ཧཱུྃཿ རྩ་གསུམ་རིག་འཛིན་རྒྱ་མཚོ་དང་༔ ཊཱཀྐི་ཆོས་སྲུང་དམ་ཅན་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ག་ན་ཙཀྲ་པཱུ་ཙ་ཁྷིཿ བཞི་པ་བཤགས་པ་ནིཿ ཧཱུྃཿ བདག་གི་ཚེ་རབས་ཐོགས་མེད་ནསཿ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེཿ རྩ་བ་ཡན་ལག་དམ་ཉམས་པཿ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགསཿ བཛྲ་ས་མ་ཡ་ཨཱཿ ལྔ་བ་བསྒྲལ་ཞིང་བསྟབས་པ་ནིཿ ཧཱུྃཿ མ་རིག་ལས་ཉོན་གཟུང་འཛིན་གྱིསཿ བསྐྱེད་པའི་བདག་འཛིན་རཱུ་ཏྲ་ཀུནཿ གཟུགས་ལ་ཕོབ་ཅིག་ནྲྀ་ཏྲི་ཛཿ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལཿ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁྷིཿ
དྲུག་པ་ལྷག་མ་བསྔོ་བ་ནིཿ ཧཱུྃཿ དཀྱིལ་འཁོར་ཆེན་པོ་མུ་རན་ལ༔ གནས་པའི་དབང་ཕྱུག་གིང་ལིངྐཿ ལྷག་མའི་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངསཿ ཨུཥྩི་ཊ་བཱ་ལིངྟ་ཁཱ་ཧིཿ བདུན་པ་ཐུགས་དམ་བསྐུལ་པ་ནིཿ ཧཱུྃཿ བཞེངས་ཤིག་རིག་འཛིན་འདུས་པའི་ལྷཿ ཆོས་དབྱིངས་ངང་ནས་སྐུར་བཞེངས་ལཿ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ བརྒྱད་པ་ཆད་ཐོ་བྱ་བ་ནིཿ ཧཱུྃཿ སྔོན་ཚེ་འོག་མིན་བདེ་ཆེན་ཞིང་༔ ལྷ་གནས་གསུམ་སོགས་ཉམས་དགའ་བརཿ གསང་ཆེན་རྒྱུད་སྡེའི་གནས་བསྟན་ཚེཿ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམསཿ དམ་ཚིག་གཉན་པོའི་གྲལ་དུ་བཞགཿ བར་དུ་གངས་ཅན་བོད་ཀྱི་ཡུལཿ སློབ་དཔོན་པདྨ་ཐོད་ཕྲེང་གིསཿ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེཿ སྲིད་པའི་ལྷ་སྲིན་ཆེ་དགུ་ཡིཿ སྲོག་སྙིང་འཕྲོགས་ཏེ་རྩིས་སུ་ཕབཿ ཐ་མ་འོད་གསལ་དག་པའི་ཞིང་༔
 བདེ་བ་ཆེན་པོའི་ཕོ་བྲང་དུཿ རིག་འཛིན་པདྨ་དབང་ཆེན་ལཿ པད་འབྱུང་དྲི་མེད་འོད་ཟེར་གྱིསཿ ཀློང་ཆེན་ཟབ་རྒྱའི་དབུགས་དབྱུང་ཞིང་༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ ཀློང་གསལ་བརྡ་རིས་སྤྲད་པའི་ཚེཿ གཟའ་རྒོད་སྲོག་གི་སྤུ་གྲི་སོགསཿ བཀའ་སྲུང་གཉན་པོས་ཁས་བླངས་བཞིནཿ མཆོད་གཏོར་རྒྱན་ལྡན་འདི་བཞེས་ལཿ ལས་བཞིའི་ཕྲིན་ལས་འགྲུབ་པར་མཛོདཿ དགུ་པ་བསྟན་མ་སྐྱོང་བ་ནིཿ ཧཱུྃཿ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་༔ མ་སྲིང་བརྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ མ་མ་ཧྲིཾ་ཧྲིཾ་བ་ལིངྟ་ཁཱ་ཧིཿ བཅུ་པ་རྟ་བྲོ་བྱ་བ་ནིཿ ཧཱུྃཿ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིགཿ སྟཱཾ་བྷ་ཡ་ནནཿ བཅུ་གཅིག་དངོས་གྲུབ་བླང་བ་ནིཿ ཧོཿ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ཐེམསཿ རྡོ་རྗེ་སེམས་དཔའི་ནམ་ཡང་ལངསཿ དངོས་གྲུབ་རྩོལ་བའི་དུས་ལ་བབཿ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནསཿ མི་གནས་ཡེ་ཤེས་གསང་བ་མཆོགཿ རྡོ་རྗེ་གསུམ་གྱིས་བྱིན་རློབས་ལཿ མཆོག་དང་ཐུན་མོངས་དངོས་གྲུབ་ཀུནཿ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃཿ བཅུ་གཉིས་པ་བཤགས་པ་ནིཿ ཧཱུྃཿ རིག་འཛིན་འདུས་པའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ བཛྲ་ས་ཏྭ་སོགས་བརྗོདཿ བཅུ་གསུམ་རྫོགས་རིམ་བསྡུ་བ་ནིཿ ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཾཿ རྗེས་ཐོབ་རྒྱུ་མའི་ལྷ་སྐུར་ལྡང་༔ བཅུ་བཞི་བསྔོ་སྨོན་མཚམས་སྦྱོར་ནིཿ ཧོཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོཿ བདག་སོགས་འདུས་པར་བཅས་པ་རྣམསཿ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ ལན་གསུམཿ བཅོ་ལྔ་པ་བཀྲ་ཤིས་བརྗོད་པ་ནིཿ ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དང་༔
དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབས་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ
སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ ཨེ་མ༔འདི་ལྡར་ཤིན་ཏུ་ཟབ་པའི་གནདཿ གཏེར་བཅུད་འདུས་པ་དགོངས་པའི་གཏེརཿ ཀློང་གསལ་དབྱིངས་ཀྱི་ཕོ་བྲང་དུཿ བརྡ་ཚིག་རྡོ་རྗེ་རོལ་མོར་འཁྲོལཿ སྙིང་ལ་རྒྱས་བཏབ་སྦ་སྙམ་ཡང་༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནསཿ ལས་ཅན་རྗེས་འཇུག་དོན་དུ་བཀོདཿ སྙིང་ལ་སྦོས་ཤིག་ས་མ་ཡཿ
འུྃཿ བརྡ་རྒྱུད་རིག་འཛིན་རྒྱ་མཚོར་འདུདཿ རིག་འཛིན་སྒྲུབ་པའི་གབ་བྱང་ནིཿ སྣང་སྲིད་ཟིལ་གནོན་ཐུགས་ཀ་རཱུཿ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོསཿ སྐུ་མདོག་བྱི་རུ་སྣུམ་བསྐུས་ལྟརཿ གསལ་འཚེར་བཀྲག་མདངས་ལྡན་པ་ལཿ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོཿ གཅེར་བུ་རུས་རྒྱན་ཐོར་ཚུགས་ཅནཿ རྡོ་རྗེ་དྲིལ་བུ་བསྣོལ་བའི་པང་༔ རྣལ་འབྱོར་སྔོན་མོ་གྲི་ཐོད་ཅནཿ ཆ་ལུགས་ཡབ་འདྲ་གཉིས་ཀའང་༔ ཤིན་དུ་ཆགས་པའི་རྣམ་འགྱུར་ཅན༔ ཟག་མེད་བདེ་བ་ཆེན་པོར་སྤྱོདཿ མི་ལ་གཅེས་པ་རྣམ་ཤེས་ལྟརཿ ཕྱག་རྒྱ་རྟགས་ཀྱི་ལྷ་ཚོགས་ཀུནཿ ཟིལ་གནོན་ཡེ་ཤེས་སེམས་དཔའ་ནིཿ ཤིན་དུ་གསལ་བརྟན་ཐོན་པ་གནདཿ ས་མ་ཡཿ སྔགས་ལ་གབ་པ་འདི་ལྟ་སྟེཿ བསྙེན་པ་འབྲུ་འབུམ་སྔོན་སོང་ནསཿ ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནསཿ བར་ན་བཅུ་གཉིས་གྲོང་མཛེས་པཿ རིག་འཛིན་སྲོག་གི་ཡང་སྙིང་ཡིནཿ ཨོཾ་ཨཱཿཧཱུྃཿ བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ འབུམ་ཕྲག་བཅུགཉིས་དངོས་གྲུབ་ཐོབཿ ས་མ་ཡཱ༔
ལྟ་བ་གསལ་བརྟན་ཐོབ་པའི་ཚེཿ ཐུགས་ཀའི་སྔགས་ཕྲེང་གཡས་བསྐོར་ལསཿ སྔགས་ཕྲེང་ལུ་གུ་རྒྱུད་དུ་འཕྲོསཿ ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན༔ ཡུམ་གྱི་ཞལ་ཞུགས་སྐུའི་དབྱིབས་རྒྱུདཿ ཐུགས་ཀའི་བཾ་ལ་གཡོན་དུ་འཁོརཿ མཁའ་གསང་ནོར་བུའི་ལམ་བརྒྱུད་དེཿ འགལ་མེ་ལྟ་བུར་འཁོར་བ་ཡིསཿ ཡབ་ཡུམ་བདེ་བ་ཆེན་པོའི་ཉམསཿ བཟོད་དུ་མེད་པར་འབར་བ་ལསཿ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས༔ གཙོ་དང་འཁོར་བཅས་ཐམས་ཅད་ཀྱང་༔
བདེ་སྟོང་ཡེ་ཤེས་ཉམས་འུར་བསཿ ཅང་ཏིལ་དྲིལ་བུ་ཁྲོ་ལོ་ལོཿ ཞལ་ནས་ཧཱུྃ་ཀླུ་ཀྱུ་རུ་རུཿ དབྱིངས་རིག་གཉིས་མེད་བྱང་ཆུབ་སེམསཿ རྩལ་སྣང་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ལ༔ རིག་པ་གཏད་མེད་གཡོ་མེད་བཞགཿ ས་མ་ཡཱཿ
༄༅། །སྨན་མཆོད་ནི༔ ཨོཾ་ཨཱཿཧཱུྃ། རྡོ་རྗེ་དམ་ཚིག་རྨད་པོ་ཆེ། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། རྒྱུ་དྲུག་སྡུག་བསྔལ་འཇོམས་པའི་རྩི། རིག་ལྔ་ཡེ་ཤེས་ལྔ་ཡི་དངོས། ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཀུན་བཟང་ཡབ་ཡུམ་སྟོན་པ་རྡོ་རྗེ་སེམས། དགའ་རབ་རྡོ་རྗེ་ཤྲི་སིངྷ་དང་། འཇམ་དཔལ་བཤེས་གཉེན་ཛྙཱ་ན་སཱུ་ཏྲ་ལ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། བི་མ་ལ་དང་པདྨ་ཐོད་ཕྲེང་དང་། རྣམ་སྣང་མཛད་དང་ཚངས་པ་ལྷའི་མེ་ཏོག། མཁར་ཆེན་མཚོ་རྒྱལ་ཀློང་ཆེན་རབ་འབྱམས་ལ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། སྟོང་པ་ཆོས་སྐུའི་ངང་ལས་དགོངས་བརྒྱུད་དང་། རིག་འཛིན་མཁའ་འགྲོའི་བརྡ་ལས་སྙན་བརྒྱུད་རྫོགས། པདྨས་ལུང་བསྟན་འཇིགས་མེད་གླིང་པ་ལ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། དཀྱིལ་འཁོར་གཙོ་མཆོག་གྲུབ་པའི་རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ་རྒྱ་བོད་རིག་པ་འཛིན། རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ལ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། མ་མགོན་ལྕམ་དྲལ་ཚེ་རིང་མཆེད་ལྔ་དང་། དཔལ་མགོན་བདུན་ཅུ་དབང་ཕྱུག་ཉི་ཤུ་བརྒྱད། བཀའ་སྡོད་སྲུང་མ་དམ་ཅན་རྒྱ་མཚོ་ལ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ།
བདུད་རྩི་སྙིང་པོ་ཅན་གྱི་དབུས། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ཡི་གེ་གསུམ་གྱི་རྣམ་པ་ཅན། དམ་ཚིག་ཕྱག་རྒྱ་ཆེན་པོས་བླངས། ཀཱ་ཡ་སིདྡྷི་ཨོཾཿ ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃཿ སརྦ་སིདྡྷི་ཧྲཱིཿ

0 comments:

ཟིན་བྲིས་འཚོལ་ཡུལ