དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 13 July 2013
༄༅།
།ང་རྒྱལ་གྱི་དཔལ་གླུ་དགྱེས་པ་རྡོ་རྗེའི་རང་གཤིས་ཨྰ་ལི་ཀྰ་ལིའི་སྒྲ་དབྱངསཞེས་བྱ་བ།
།
ན་མོ་མ་ཧྰ་གུ་རུ་ཤྲྰི་ཨ་ནནྟ་བཛྲ་ཡེ། །
ཀ་དག་ཆོས་ཉིད་གཟིགས་པའི་རྫོགས་སངས་རྒྱས། །
ཁ་བའི་བསྟན་སྲིད་འཛིན་པའི་བཀའ་གཏེར་ཆོས། །
ག་ས་གང་དུ་བཞུགས་པའི་དགེ་འདུན་སྡེ། །
ང་ཡི་སྐྱབས་གནས་དམ་པར་སྙིང་ནས་གུས། །
ཅ་ཅོའི་འདུ་འཛིས་དབེན་པའི་ཞིང་ཁམས་འགྲིམས། །
ཆ་ལུགས་གང་བྱུང་མཛད་པའི་སྤྱོད་པ་གཤེགས། །
ཇ་ཆང་འདོད་ཡོན་རོལ་བའི་ཚོགས་འཁོར་པ། །
ཉ་གང་ཟླ་ལྟར་བླ་མ་ང་མིན་སུ། །
ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་དགོངས། །
ཐ་སྙད་ཤེས་བྱའི་གནས་ཀུན་མ་འདྲིས་མཁྱེན། །
ད་ལྟའི་དུས་རབས་འཚམས་པའི་མཁས་གྲུབ་རྗེ། །
ན་གཞོན་དཔལ་དགྱེས་རྡོ་རྗེ་ང་མིན་སུ། །
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པར་བརྩོན། །
ཕ་མེས་རིག་གཞུང་ཚུལ་བཞིན་འཛིན་སྐྱོང་སྤེལ། །
བ་ཀུ་ལ་ལྟར་གནས་བརྟན་སྡེ་སྣོད་འཛིན། །
མ་ལུས་འགྲོ་བའི་མགོན་པོ་ང་མིན་སུ། །
ཙ་ན་ཀའི་རྒྱལ་ལུགས་བཞིན་གསོ་བྱེད་པ། །
ཚ་གྲང་དཀའ་སྤྱད་དམ་པའི་ཆོས་ལ་མཛད། །
ཛ་ཡའི་བསྟན་པ་འཛིན་པའི་སྤྲུལ་པའི་སྐུ། །
ཝ་ཡེར་རིགས་པའི་རྒྱལ་པོ་ང་མིན་སུ། །
ཞ་ལོང་ལྐུགས་པའི་མ་རིག་གཏི་མུག་དབེན། །
ཟ་ཧོར་མཁན་ཆེན་ཐུགས་ཀྱི་རྒྱན་ཏུ་ཤར། །
འ་ཅག་ཕན་བདེའི་གསང་ཆེན་བསྟན་པའི་བདག །
ཡ་མཚན་ཀུན་བཟང་བླ་མ་ང་མིན་སུ། །
ར་ལྟར་གྱོང་བའི་རྣམ་རྟོག་ཞི་བས་བརྟུལ། །
ལ་རྒྱའི་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །
ཤ་ཆང་བདུད་རྩི་རོལ་བའི་མ་ཎི་ཀ །
ས་ཐོབ་གྲུབ་པའི་རིག་འཛིན་ང་མིན་སུ། །
ཧ་ཤང་བདེན་པའི་རང་ཚུགས་མ་ཤོར་ནས། །
ཨ་ཏིའི་ཟབ་དོན་མྱོང་བའི་སྐལ་བཟང་གཏམ། །
ཨི་ལྡན་དབྱངས་གསལ་རྒྱན་པའི་རྣམ་ཐར་འདི། །
ཨུ་ཚུགས་མིན་པར་མགྲིན་པའི་ལམ་ནས་ཐལ། །
ཨེ་མ་བརྒྱུད་གསུམ་བླ་མའི་བྱིན་རླབས་ཅན། །
ཨོ་རྒྱན་ཧེ་རུ་ཀ་པའི་ཕྲིན་ལས་མཛོད། །
སྣང་སྲིད་དབང་བསྒྱུར་པདྨ་གླིང་པའི་གར། །
རིག་འཛིན་མཁན་ཆེན་བླ་མ་ང་མིན་སུ། །
ངེས་འབྱུང་རྣལ་མའི་སྡོམ་པ་ཕུན་སུམ་ཚོགས། །
བྱང་ཆུབ་སེམས་ཀྱི་རང་བཞིན་བཅོས་མིན་ལྡན། །
སྣང་སྲིད་རྣམ་དག་གཟིགས་པའི་ཆོས་མཆེད་ཀུན། །
ཀུན་བཟང་བསྟན་སྲིད་དམ་པ་རྒྱལ་གྱུར་ཅིག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་དུས་བཟང་ལ་ཆོས་མཆེད་ཞིག་གིས་ཟུར་ཟ་དང་སྡུག་གཏམ་ལོང་བ་གང་བཤད་པ་མཐོང་བའི་མོད་ལ་གང་དྲན་བྱུང་རྒྱལ་ཏུ་རིག་འཛིན་ཨེ་མ་ཧོས་ཆོས་དཔལ་རིག་པའི་ལོངས་སྤྱོད་མཁའ་ལྟར་ཡོངས་པའི་རྒྱལ་ཁབ་དབྱིན་ཡུལ་ཝ་ཡེལ་ཀུན་བཟང་ཆོས་གླིང་ནས་བྲིས་པ་དགེའོ། དགེའོ། དགེའོ། ། ། །
ན་མོ་མ་ཧྰ་གུ་རུ་ཤྲྰི་ཨ་ནནྟ་བཛྲ་ཡེ། །
ཀ་དག་ཆོས་ཉིད་གཟིགས་པའི་རྫོགས་སངས་རྒྱས། །
ཁ་བའི་བསྟན་སྲིད་འཛིན་པའི་བཀའ་གཏེར་ཆོས། །
ག་ས་གང་དུ་བཞུགས་པའི་དགེ་འདུན་སྡེ། །
ང་ཡི་སྐྱབས་གནས་དམ་པར་སྙིང་ནས་གུས། །
ཅ་ཅོའི་འདུ་འཛིས་དབེན་པའི་ཞིང་ཁམས་འགྲིམས། །
ཆ་ལུགས་གང་བྱུང་མཛད་པའི་སྤྱོད་པ་གཤེགས། །
ཇ་ཆང་འདོད་ཡོན་རོལ་བའི་ཚོགས་འཁོར་པ། །
ཉ་གང་ཟླ་ལྟར་བླ་མ་ང་མིན་སུ། །
ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་དགོངས། །
ཐ་སྙད་ཤེས་བྱའི་གནས་ཀུན་མ་འདྲིས་མཁྱེན། །
ད་ལྟའི་དུས་རབས་འཚམས་པའི་མཁས་གྲུབ་རྗེ། །
ན་གཞོན་དཔལ་དགྱེས་རྡོ་རྗེ་ང་མིན་སུ། །
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པར་བརྩོན། །
ཕ་མེས་རིག་གཞུང་ཚུལ་བཞིན་འཛིན་སྐྱོང་སྤེལ། །
བ་ཀུ་ལ་ལྟར་གནས་བརྟན་སྡེ་སྣོད་འཛིན། །
མ་ལུས་འགྲོ་བའི་མགོན་པོ་ང་མིན་སུ། །
ཙ་ན་ཀའི་རྒྱལ་ལུགས་བཞིན་གསོ་བྱེད་པ། །
ཚ་གྲང་དཀའ་སྤྱད་དམ་པའི་ཆོས་ལ་མཛད། །
ཛ་ཡའི་བསྟན་པ་འཛིན་པའི་སྤྲུལ་པའི་སྐུ། །
ཝ་ཡེར་རིགས་པའི་རྒྱལ་པོ་ང་མིན་སུ། །
ཞ་ལོང་ལྐུགས་པའི་མ་རིག་གཏི་མུག་དབེན། །
ཟ་ཧོར་མཁན་ཆེན་ཐུགས་ཀྱི་རྒྱན་ཏུ་ཤར། །
འ་ཅག་ཕན་བདེའི་གསང་ཆེན་བསྟན་པའི་བདག །
ཡ་མཚན་ཀུན་བཟང་བླ་མ་ང་མིན་སུ། །
ར་ལྟར་གྱོང་བའི་རྣམ་རྟོག་ཞི་བས་བརྟུལ། །
ལ་རྒྱའི་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །
ཤ་ཆང་བདུད་རྩི་རོལ་བའི་མ་ཎི་ཀ །
ས་ཐོབ་གྲུབ་པའི་རིག་འཛིན་ང་མིན་སུ། །
ཧ་ཤང་བདེན་པའི་རང་ཚུགས་མ་ཤོར་ནས། །
ཨ་ཏིའི་ཟབ་དོན་མྱོང་བའི་སྐལ་བཟང་གཏམ། །
ཨི་ལྡན་དབྱངས་གསལ་རྒྱན་པའི་རྣམ་ཐར་འདི། །
ཨུ་ཚུགས་མིན་པར་མགྲིན་པའི་ལམ་ནས་ཐལ། །
ཨེ་མ་བརྒྱུད་གསུམ་བླ་མའི་བྱིན་རླབས་ཅན། །
ཨོ་རྒྱན་ཧེ་རུ་ཀ་པའི་ཕྲིན་ལས་མཛོད། །
སྣང་སྲིད་དབང་བསྒྱུར་པདྨ་གླིང་པའི་གར། །
རིག་འཛིན་མཁན་ཆེན་བླ་མ་ང་མིན་སུ། །
ངེས་འབྱུང་རྣལ་མའི་སྡོམ་པ་ཕུན་སུམ་ཚོགས། །
བྱང་ཆུབ་སེམས་ཀྱི་རང་བཞིན་བཅོས་མིན་ལྡན། །
སྣང་སྲིད་རྣམ་དག་གཟིགས་པའི་ཆོས་མཆེད་ཀུན། །
ཀུན་བཟང་བསྟན་སྲིད་དམ་པ་རྒྱལ་གྱུར་ཅིག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་དུས་བཟང་ལ་ཆོས་མཆེད་ཞིག་གིས་ཟུར་ཟ་དང་སྡུག་གཏམ་ལོང་བ་གང་བཤད་པ་མཐོང་བའི་མོད་ལ་གང་དྲན་བྱུང་རྒྱལ་ཏུ་རིག་འཛིན་ཨེ་མ་ཧོས་ཆོས་དཔལ་རིག་པའི་ལོངས་སྤྱོད་མཁའ་ལྟར་ཡོངས་པའི་རྒྱལ་ཁབ་དབྱིན་ཡུལ་ཝ་ཡེལ་ཀུན་བཟང་ཆོས་གླིང་ནས་བྲིས་པ་དགེའོ། དགེའོ། དགེའོ། ། ། །
Subscribe to:
Post Comments (Atom)
0 comments:
Post a Comment