དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 15 July 2013

དུས་རབས་འདིས་གངས་ཅན་གྱི་ལམ་སྟོན་སྒྲོན་མེ།
ས་སྒང་རིལ་པོ་འདིས་ཉམ་ཐག་པའི་ཚེ་སྲོག་ལ་གསོན་ཤུགས་བརྩལ། བཞུད་ཟིན་པའི་ལོ་ཟླ་རེར། གྲངས་མེད་ཀྱི་ཚེ་སྲོག་ལ་རྔམ་པའི། མི་བུའི་ཚོགས་བགྲང་ལས་འདས། ད་ཐང་གི་ལོ་ཟླའི་འཁོར་བསྐྱོད་ཁྲོད། ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། ངེས་དོན་གྱི་རྒ
ྱལ་སྲས།
ལེགས་ཚོགས་ཀྱི་འབྱུང་གནས། ལུགས་གཉིས་ཀྱི་བདུད་རྩིའི་མཆོག་སྟེར་བ་ཁྱེད་ལས་སུ། ཆོས་དང་ཆོས་མིན་འབྱེད་པའི་བློ་མིག་དང་བྲལ་ཞིང་། གནའ་དེང་རིག་པའི་གཞུང་ལ་སྦྱང་བ་མེད་པའི་མཁས་རློམ་ཚོའི་དྲེགས་པའི་རི་ཕྲན་སྐད་ཅིག་ལ་བསྙིལ། ཨེ་མ་འཛམ་གླིང་གི་མཁས་བཙུན་གྲུབ་པ་ཡོངས་ཀྱི་གཙུག་རྒྱན། ཁྱེད་ཀྱི་མཚན་དཔེའི་གཟུགས་སྐུ་ཉིད་གངས་ཅན་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་བཞད་པའི་ཉིན་མོ་འདིར། སྐུ་ཚེ་ཇི་སྲིད་བརྟན་ཅིང་། ཐུགས་དགོང་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ། རྡོགས་ཤེས་ནས
དེ་རིང་ནི་མཁས་དབང༧ཚུལ་ཁྲིམས་བློ་གྲོས་མཆོག་དགུང་གྲངས་༥༢ ལ་ཕེབས་པའི་སྐུའི་འཁྲུངས་་སྐར་རེད། མཁྱེན་རབ་ཀྱི་དབང་ཕྱུག བརྩེ་བའི་སློབ་དཔོན། ལྷག་བསམ་ཀྱི་བདག་པོ། གངས་ཅན་པའི་མིག་གཅིག འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕྲིན་ལས་ཀྱི་ཁ་ལོ་བ། མགོན་མེད་སེམས་ཅན་དུང་ཕྱུར་གྲངས་མེད་ཚེ་སྲོག་གི་འཇིགས་པ་ལས་སྐྱབས་ནས་ཐར་བའི་ས་བོན་བསྐྲུན་པའི་སེམ...ས་དཔའ་ཆེན་པོ། ཆོས་སྲིད་ལུགས་གཉིས་ཀྱི་རྩ་བ་འཆི་ལ་ཉེ་བའི་གངས་ཅན་པའི་སྐད་ཡིག་ལ་སྲོག་གི་ལྷག་མ་སྦྱིན་པའི་ལོ་ཙྭ་བ་ཆེན་པོ། ནང་དམེ་འཁྲུགས་རྩོད་ཀྱི་སྲོལ་ངན་ཞི་བདེའི་ལམ་དུ་བསྒྱུར་བའི་དོན་དམ་ཀྱི་སློབ་གསོ་བ་ཆེན་པོ། ལུང་རིག་ཀྱི་གཤོགས་ཟུང་མངའ་བའི་སློབ་བུ་ས་ཡིའི་རྡུལ་དང་མཉམ་པ་བསྐྱེད་བསྲིང་གནང་མཁན་གྱི་དགེ་རྒན་ཆེན་མོ། གླིང་ཆེན་ཨེ་ཤ་ཡིའི་སྐལ་ལྡན་གྱི་སྐྱེ་བོའི་གཙོའི་ལས་ཅན་གདུལ་བྱ་རྣམས་ཐར་ལམ་རྣལ་མ་འདྲེན་པའི་ངེས་དོན་གྱི་བཤེས་གཉེན་དམ་པ། རི་བོ་གངས་ཅན་པ་རྨོང་པའི་གཉིད་ལས་བསླང་བའི་ལྷའི་རྔ་བོ་ཆེའི་སྒྲ སྐྱབས་མེད་བྱིས་པ་གྲངས་མེད་ཤེས་རིགས་ཀྱི་གནས་སུ་བསྐྱལ་བའི་དེད་དཔོན། མིང་གི་གཡོ་ཟོལ་མེད་པ་གྲགས་སྙན་འཛམ་གླིང་དུ་ཁྱབ་པའི་ མཁས་དབང་དམ་པ། ཆབ་སྲིད་ཀྱི་དམིགས་ཡུལ་མེད་པ་ངེས་དོན་གྱི་རིས་མེད་དམ་པ། ཁ་བཤད་ལས་བརྒལ་བའི་དོན་དམ་པ་ཉིན་མཚན་དབྱེར་མེད་བསྟན་འགྲོའི་དོན་ལ་གཅིག་ཏུ་གཞོལ་བའི་གཞིས་ལུས་ཁྲོད་ཀྱི་རྒྱལ་སྲས་ཆེན་པོ། མཁས་དབང་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།


༄༅། །ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན།།
ཨོཾ་སྭྰ་སྟི། །
སྨྲ་བའི་ཉི་མ་འདྲེན་མཆོག་ཟས་གཙང་སྲས། །
གངས་རིའི་གཉེན་གཅིག་འཕགས་མཆོག་ཞི་ཁྲོའི་ཚོགས། །
མཁན་སློབ་ཆོས་རྒྱལ་བརྒྱུད་པར་ཅས་པ་ཡིས། །
དགེ་ལེགས་བྱེ་བའི་དངོས་གྲུབ་དེང་འདིར་སྩོལ། །
རབ་རྒྱས་པད་དཀར་ཟླ་བའི་གདན་གྱི་སྟེང་། །
བརྒྱད་གཉིས་ཡིད་འོང་ལང་ཚོའི་དཔལ་འཛིན་པའི། །
ཏཱྃ་ཡིག་ལས་བྱུང་རྒྱལ་ཡུམ་ཏ་རེ་མས། །
འཆི་མེད་གྲུབ་པའི་བྱིན་བརྒྱ་དེང་འདིར་ཕོབས། །
རླབས་ཆེན་ཐུགས་བསྐྱེད་གྲངས་མེད་སྨོན་ལམ་མཐུ། །
དུས་སུ་སྨིན་པས་གངས་ཅན་བསྟན་འགྲོའི་སྲོག །
འཛིན་པའི་ཆོས་རྗེ་འཇིག༵ས་མེད༵་ཕུན༵་ཚོག༵ས་ཞབས། །
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་བསྙིལ། །
མ་སྨད་ཚུ༵ལ་ཁྲིམ༵ས་དག་པའི་དབྱིག་གི་ནོར། །
ཡོན་ཏན་རིན་ཆེན་བྱེ་བའི་གཏེར་འཛིན་པ། །
རྒྱ་ཆེན་བློ་གྲོས་མཚུངས་པ་མེད་པའི་སྡེ། །
ངེས་དོན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །
ཡོངས་རྫོགས་གངས་ཅན་རྒྱལ་བསྟན་ས་ཆེན་པོ། །
དུས་ཀྱི་མུན་པའི་ཀློང་དུ་བྱིང་བ་ན། །
མཛད་པའི་འཕྲིན་ལས་འོད་སྣང་འབུམ་ཕྲག་གིས། །
བསྟན་པའི་སྲོག་མཐུད་མཛད་པ་རྨད་དུ་བྱུང་། །
ཐོས་བསམ་སྒོམ་པས་ངེས་དོན་ལེགས་རྙེད་ནས། །
རིས་སུ་མ་མཆིས་རྒྱལ་བའི་བསྟན་པ་མཆོག །
འཆད་རྩོད་རྩོམ་པས་རྒྱ་ཆེར་སྤེལ་མཛད་པའི། །
གཤེས་གཉེན་མཆོག་ཁྱེད་ཞབས་པད་བརྟན་པར་མཛོད། །
སྲས་བཅས་རྒྱལ་བ་རྒྱ་མཚོས་བྱིན་རླབས་དང་། །
ཁྱད་པར་གངས་རིའི་མགོན་པོ་པད་དཀར་འཆང་། །
མཚོ་སྐྱེས་རྒྱལ་བའི་ཐུགས་བསྐྱེད་བདེན་པའི་མཐུས། །
ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པར་ཤོག །
ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས། '

༄༅༅། །ཚ་བོན་ལ་ཕུལ་བའི་སྲིད་གསུམ་གསལ་བའི་མེ་ལོང་ཞེས་བྱ་བ། །

ན་མོ་མ་ཧྰ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །

༼༡༽སྟོན་པ་ཐུགས་རྗེ་ཅན་གྱི་ཡོན་ཏན་ཤེས་པས་མི་ཕྱེད་དད་པའི་ནང་པ་དངོས། ། དགེ་སྡིག་བཅུ་ཡི་རྣམ་གྲངས་བཤད་ནས་ཆོས་ཁྲིམས་དར་གྱི་མདུད་པ་བསྡམས། །

གསེར་རྟ་ཆོས་ཀྱི་ཞིང་ཁམས་ཇི་བཞིན་ཞི་བདེ་འཛམ་གླིང་གཞན་ན་སྤེལ། ། བསྟན་སྲིད་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཀུན་མཁྱེན་བླ་མ་ཀུན་ནས་རྒྱལ། །

 

༼༢༽བོད་ཁ་བ་གངས་ཅན་བསྟན་པའི་སྲོག་ཤིང་ལུགས་གཉིས་སྨྲ་བའི་ཀུན་མཁྱེན་རྗེ། ། གངས་རིའི་ལྗོངས་སུ་བྱོན་མ་མྱོང་བའི་གནའ་དེང་མཁས་པའི་བླ་མ་མཆོག ། ཞལ་ནས་གསུང་པ་ཕྱག་ལེན་མཛད་པའི་ངོ་ལྐོག་མཚུངས་པའི་ཆོས་ཀྱི་རྗེ། ། བོན་ཏོའི་ཆོས་ལ་གཡམ་རྒྱུགས་མི་དགོས་རང་ཚུགས་ཟིན་པའི་དཔའ་བོ་རྒྱལ། །

 

 

༼༣༽སྐྱེ་བ་སྔ་ཕྱིའི་བརྟགས་ཐབས་མཛད་ནས་ཞིང་འབྲོག་བདེན་གཏམ་གླིང་ཀུན་བསྒྲགས། ། ལས་འབྲས་བསླུ་མེད་ཆོས་འཁོར་བསྐོར་ནས་རྒྱལ་བསྟན་དར་ཐེར་གཞིར་བཞེངས་བསླངས། ། རྒན་གཞོན་ཕོ་མོ་ཁྱད་པར་མ་བལྟས་དྲང་བདེན་རིག་པའི་ལམ་བཟང་བརྩམས། ། རྫུན་ཚིག་བསྒྲིགས་པའི་ལོང་གཏམ་མིན་པར་ཚན་རིག་མཁྱེན་པའི་བླ་མ་རྒྱལ། །

 

༼༤༽བོད་ཡུལ་མུན་པའི་གླིང་ནག་བསལ་བའི་ཐབས་ཤེས་རིག་པའི་འོད་སྟོང་བདག ། ཞིང་འབྲོག་འཚོ་བའི་ཆ་རྐྱེན་སྒྲུབ་པའི་མི་དམངས་འདྲེན་པའི་དེད་དཔོན་ཉིད། ། ཕྱི་ནང་མཁས་མཛངས་ཀུན་གྱི་གཙུག་རྒྱན་སྨྲ་བའི་ཉི་མ་རྒྱལ་བ་མཆོག ། སྙིགས་མའི་དུས་ཀྱིས་རྒྱལ་བ་གཉིས་པ་ཀུན་མཁྱེན་དྲི་མེད་འོད་ཟེར་རྒྱལ། །

 

༼༥༽ཉམས་ཐག་བོད་ལ་དངོས་ཡོད་ཕན་པའི་འཕགས་པ་སྤྱན་རིས་གཟིགས་དངོས། ། གངས་ཅན་སྐྱེ་འགྲོ་གཉིད་ལས་སློང་བའི་རྫུ་འཕྲུལ་རྗེ་བཙུན་འཇམ་དཔལ་དབྱངས། ། མ་རབས་སྣ་དགུའི་སྲོལ་རྒྱུན་གཅོད་པའི་གསང་བདག་དཔའ་བོའི་བརྟུལ་ཞུགས་ཅན། ། རིགས་གསུམ་ཀུན་འདུས་བཀའ་དྲིན་ཟླ་མེད་ཆོས་རྒྱལ་ཚུལ་ཁྲིམས་བློ་གྲོས་རྒྱལ། །

 

༼༦༽ནང་ཆོས་རིག་གཞུང་ཚུལ་བཞིན་སྤྱོད་པའི་ཁྲིམས་ལྡན་ཤྰཀྱའི་དགེ་སློང་དངོས། ། གཞན་དོན་ཁོ་ནར་ཉིན་མཚན་འབད་པས་བྱང་ཆུབ་སེམས་དཔའི་བློ་གྲོས་ཅན། ། ཡང་གསང་རྫོགས་ཆེན་གནས་ལུགས་རྟོགས་པའི་བྱ་བྲལ་རྣལ་འབྱོར་རྡོ་རྗེ་འཆང་། །

ལུགས་གཉིས་དཔལ་ཡོན་གཏེར་མཛོད་ཆེན་པོ་ཀུན་མཁྱེན་རྒྱལ་བ་སངས་རྒྱས་དངོས། །

 

༼༧༽ཕྱི་རོལ་པ་ཡང་དུང་བས་འདུལ་མཛད་ཐབས་མཁས་རིགས་པའི་རྒྱལ་པོ་དངོས། ནང་དོན་རིག་པའི་འཆད་རྩོད་རྩོམ་པར་འགྲན་པའི་ཟླ་མེད་མཁན་ཆེན་རྗེ། ། བཟོ་དང་གསོ་བའི་བཟོ་གྲྭ་གསར་བཙུགས་བོད་ཡུལ་འདྲེན་པའི་དེད་དཔོན་ཉིད། ། ཆོས་སྲིད་བསྟན་པའི་བདག་པོ་རིན་ཆེན་འཇིགས་མེད་འཁོར་ལོའི་སྒྱུར་རྒྱལ་དངོས། །

 

8འབྲོག་པའི་ཕྱུགས་ལས་ཐོན་ཁུངས་ཡར་རྒྱས་ཚེ་སྲོག་སྐྱབས་མཛད་མ་མ་དངོས། ། ཞིང་བའི་ཚོང་ལས་དར་རྒྱས་སྤེལ་མཁས་ཆོས་བཞིན་གནང་བའི་ཡབ་མེས་དངོས། ། ཞིང་འབྲོག་སྡིག་པའི་ལས་ངན་བསལ་ནས་འདི་བདེ་ཕྱི་སྐྱིད་མཛད་པའི་མགོན། ། ཡང་དག་ཆོས་རྗེ་སྐྱབས་གནས་དམ་པ་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་རྒྱལ། །

 

9སྟོན་པ་མཆོག་གིས་བདུད་ཀྱི་མཚོན་ཆ་བྱམས་པའི་མེ་ཏོག་བསྒྱུར་བར་ལྟར། ། ནད་མཚོན་མུ་གེ་སྣ་འདྲེན་བྱེད་ཆས་མི་བསད་མཚོན་ཆ་དུག་རྫས་བསྲེགས། ། འཚེ་མེད་ཞི་བའི་ཐབས་ལམ་སྟོན་པའི་བྱམས་ཆེན་སྙིང་རྗེའི་རྒྱལ་བ་ཉིད། ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ངེས་དོན་བླ་མེད་སྟོན་པར་རྒྱལ། །

 

10བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་རྗེ་མཚུངས་མེད་འགྲོ་བའི་མགོན་པོ་ཉིད། ། བོད་བརྒྱུད་བསྟན་པའི་སྲོག་ཤིང་འཛིན་པའི་ངེས་དོན་ཡིད་བཞིན་ནོར་བུ་མཆོག ། ལྷ་མི་འགྲོ་བ་ཀུན་གྱི་གཙུག་བརྒྱན་ཆོས་ལུགས་རིས་མེད་བསྟན་པའི་བདག །

གསང་གསུམ་འགྱུར་མེད་རྟག་ཏུ་བརྟན་ཅིང་ཕྲིན་ལས་ཀུན་ཁྱབ་སྨིན་གྲོལ་ཤོག །

 

༡༡

བདུད་དམག་བྱེ་བའི་དཔུང་ཚོགས་འཇོམས་པའི་བྱམས་བརྩེའི་མངའ་བདག་བཅོམ་ལྡན་འདས། ། སླར་ཡང་ཞིང་འདིར་འདུལ་བར་བྱོན་པའི་སངས་རྒྱས་ཡེ་ཤེས་དགོངས་པ་གཅིག །

ཇི་ལྟ་ཇི་སྙེད་ཤེས་བྱ་གཟིགས་པའི་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ། ། དེང་སང་འདི་ན་དངོས་སུ་བཞུགས་པར་ཨེ་མ་ངེད་ཅག་སྐལ་བཟང་། །

ཞེས་པ་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་ཡར་ཚེས་སྐབས་སུ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་འཁྲུངས་སྐར་ལ་བསྟོད་གསོལ་གཉུག་མའི་རང་སྒྲ་ཉིད་མཆོད་སྤྲིན་དུ་ཁ་བརྡ་དྲ་བར་ཕུལ་བས་མོད་ལ་རྟ་རྒྱུགས་ས་དོང་རྐོས་ཟེར་བ་ལྟར་བོད་མི་རིགས་འདིའི་ཁོག་པའི་སྙིང་བསྲེག་ཅིང་དཔྲལ་བའི་མྱིག་འབྱིན་པའི་ཚ་སྨྱུག་དང་བོན་ཕྲུག་འགས་སྒྲོ་བཀུར་འདེབས་པ་ལ་གནས་ལུགས་བདེན་པ་ར་སྤྲོད་ཀྱི་རྒྱལ་གླུ་ཆོས་ཉིད་རང་སྒྲ་སྣང་བར་ལྟར་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་སྔ་རྒོལ་རྟོག་པའི་མནོལ་གྲིབ་བསལ་ཕྱིར་བྱས་པར་དགེའོ། །


     

     
     





     

     


     
     


    0 comments:

    ཟིན་བྲིས་འཚོལ་ཡུལ