དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 15 July 2013
༄༅༅༎ སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་བོད་ཕྱི་ནང་གི་དྲ་འབུ་རྣམས་ལ་གདམས་པ་གསེར་རིན་མ་བཞུགས་སོ༎
༡༽ བསམ་ནག་སྦྱོར་ནག་ཁ་ནག་ལག་ནག་ཅིང་༎ གྲིབ་མ་ནག་ཅིང་བྱེད་ལས་ནག་པ་ཡི༎ སྡིག་ཅན་དྲ་འབུའི་སྤྱོད་པ་རྒྱ་མཚོ་ལས༎ གཅེས་པར་བསྡུས་པའི་མདོ་...འདི་བརྩེ་བས་གདམས༎ ༢༽ ཤཱཀ་ཐུབ་པད་འབྱུང་གཤེན་རབ་མི་བོ་སོགས༎ བན་བོན་སྟོན་པ་ཀུན་ལ་རྡོག་བརྫིས་ཐོངས༎ ས་དགེ་བཀའ་རྙིང་གཡུང་དྲུང་བོན་སོགས་ཀྱི༎ སྐྱེས་ཆེན་རྣམས་ལ་སྒྲོ་སྐུར་ཆར་དུ་ཕོབས༎ ༣༽ དོན་དག་ཡོད་མེད་ཀུན་ལ་ཇུས་གཏོགས་ཀྱིས༎ ཆ་རྒྱུས་ཡོད་མེད་ཀུན་ལ་ཟུར་ཟ་བྱོས༎ ཉམས་ཆུང་རི་བོང་བཞིན་དུ་ཙོག་ན་ཡང་༎ གླག་རྒོད་ལྟར་དུ་སྡེར་མོ་སྙིང་ལ་རྒྱོབས༎ ༤༽ འཚོ་བ་ཅུང་ཙམ་བཟང་བ་འགའ་མཐོང་ན༎ སྒོར་མོའི་རྗེས་ལ་རྒྱུགས་མཁན་ཟེར་ནས་སྨོད༎ གཞན་གྱིས་བརྩི་བཀུར་ཐོབ་པའི་མི་རྣམས་ལ༎ བླ་རྫུན་སྤྲུལ་རྫུན་ཟེར་ནས་དགྲ་བཞིན་བསྡིགས༎ ༥༽ རང་ལ་མ་ཐོབ་པ་ཞིག་གཞན་དག་ལ༎ ཐོབ་པར་མཐོང་ན་མགོ་སྐོར་གཏོང་མཁན་ཐོགས༎ རང་གིས་མ་འཇོན་པ་ཞིག་གཞན་དག་གིས༎ འཇོན་ན་གསང་ཉུལ་དོལ་ཚོགས་སོགས་སུ་བོས༎ ༦༽ བསྟན་འཛིན་རྣམས་ལ་བསྟན་དགྲ་ཟེར་ནས་སྨོད༎ བྱས་རྗེས་ཅན་ལ་རྒྱལ་བཙོང་ཟེར་ནས་བསྡིགས༎ དམ་ལྡན་རྣམས་ལ་དམ་ཉམས་ཞེས་སུ་བོས༎ འཇོན་ཐང་ཅན་ལ་རྒྱ་མིའི་རྒྱུགས་ཁྱིར་ཐོགས༎ ༧ ༽ གྲུབ་རྟགས་མ་མཐོང་ཆོས་ལ་ལོག་ལྟ་གྱིས༎ གྲུབ་རྟགས་མཐོང་ན་མིག་འཕྲུལ་རེད་ཅེས་ཤོད༎ ཆོས་སྤེལ་མཁན་ལ་ཆོས་ཚོང་མཁན་ཞེས་བསྡིགས༎ སྙིང་རྗེ་ཅན་ལ་ཟོག་པོ་ཞེས་སུ་བོས༎ ༨༽ ཉལ་ན་གཟེ་རེ་ཞིག་དང་ལྷན་དུ་ཉོལ༎ སད་ན་ཞེ་སྡང་ངང་ནས་སད་པར་བྱོས༎ ཆེ་སའི་རྒྱལ་ཁབ་རྩོད་རྒྱུ་མེད་ན་ཡང་༎ ཆུང་སའི་ཆོལ་ཁ་རྩོད་ནས་ཤི་གྲབས་ཀྱིས༎ ༩༽ ཡོན་ཏན་སྲན་མ་ཙམ་ལས་མེད་ན་ཡང་༎ ཁ་ཕོ་དབྱར་གྱི་འབྲུག་སྒྲ་ལྟ་བུར་སྒྲོགས༎ དགྲ་བོའི་མདུན་དུ་ཝ་བཞིན་རྡར་ན་ཡང་༎ ཕུ་ནུའི་ནང་ལ་སྟག་གི་མཆེ་བ་སྟོན༎ ༡༠༽ ཆོས་དང་ཆབ་སྲིད་གང་ཞིག་གླེང་ཡང་རུང་༎ ༧རྒྱལ་བའི་མཚན་གྱིས་གཞན་ལ་རྡུང་བྱེད་བྱོས༎ རང་གི་བློ་ལ་སུ་ཞིག་མ་བབ་ན༎ ༧རྒྱལ་བར་རྒྱབ་གཏོད་བྱེད་པའི་གྲལ་དུ་དེད༎ ༡༡༽ དམ་ཉམས་རྒྱལ་བཙོང་མགོ་སྐོར་ཇག་རྐུན་དང་༎ བླ་རྫུན་སྤྲུལ་རྫུན་ཁྲམ་པ་ཕུང་གསུམ་དང་༎ ཉུལ་མ་དོལ་ཚོགས་རྒྱུག་ཁྱི་བསྟན་དགྲ་སོགས༎ ཚིག་ངན་སྣ་དགུས་ཕུ་ནུའི་ཞེ་ཤ་ཆོད༎ ༡༢༽ ནུས་ཤུགས་ཡོད་དགུ་ནང་མཁོན་སྟེང་ལ་བཏོན༎ ཁ་ཕྱོགས་མེད་པའི་མི་ལ་དེ་འདྲ་དགོས༎ དུས་ཚོད་ནམ་ཁོམ་དྲ་འཛིངས་ཐོག་ལ་ཐོངས༎ མདུན་ལམ་མེད་པའི་མི་ལ་དེ་འདྲ་དགོས༎ ༡༣༽ གཞུང་གི་ཁྲིམས་ཀྱིས་ཉེན་རྟོག་མ་སླེབས་ན༎ གནས་ལུགས་རྒྱུ་འབྲས་ཁྲིམས་ལ་རྩིས་མེད་བྱོས༎ ཆ་རྒྱུས་མེད་ཅིང་བདེན་རྫུན་མི་ཤེས་རུང་༎ བག་ཚ་མེད་པར་སྐུར་འདེབས་སྣ་དགུ་གྱིས༎ ༡༤༽ གཞན་གྱི་ཡོན་ཏན་མ་གླེང་ཤི་སྐུང་གྱིས༎ སྐྱོན་རྣམས་ཡང་ནས་ཡང་དུ་བསྐྱར་ཏེ་སྒྲོགས༎ གལ་ཏེ་དེས་ཀྱང་ནུས་པ་མ་ཐོན་ན༎ ལོ་རྒྱུས་རྫུན་མ་སྣ་དགུ་བཟོས་ཏེ་ཤོད༎ ༡༥༽ རྒྱ་དང་ཕྱི་གླིང་བོད་ཡིག་ཤེས་མཁན་རྣམས༎ བོད་པའི་མི་ལ་ཞེ་མེར་ལངས་སུ་ཆུགས༎ གཞན་གྱི་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི༎ བསླབ་པ་གསུམ་ལ་གཏོར་བཅོམ་ཅི་ཐུབ་བྱོས༎ ༡༦༽ ཕ་མེས་རིང་ནས་འཁོན་པའི་ཚུལ་མེད་ཀྱང་༎ དོན་མེད་བཞིན་དུ་དགྲ་བོ་ཅི་གསོག་གྱིས༎ རང་རང་ས་ནས་སོ་སོར་འཚོ་ན་ཡང་༎ ཉིན་བཞིན་སེམས་ལ་ཕོག་ཐུག་གཏོང་རེས་བྱོས༎ ༡༧ ༽ ཁ་ཏྭའི་ལུས་སུ་སྐྱེ་འདོད་མེད་ན་ཡང་༎ ཕ་མའི་བྱིན་པ་ཁ་ཏྭའི་ལུས་ཡིན་ཞེས༎ ཧོར་གཙང་རྒན་པོས་དཔྱད་ནས་བྲིས་པའི་ཚིག། ཉིན་བཞིན་སེམས་ལ་ཡང་ཡང་ཤར་དུ་ཆུགས༎ ༡༨༽ དེ་ལྟར་བྱོས་དང་ད་གཟོད་བུ་གོ་ཆོད༎ བོད་ལུས་བླངས་པའི་ལེན་གོ་དེ་ཡིས་ཆོད༎ ཡིག་རྨོངས་སེལ་བའི་སེལ་གོ་དེ་ཡིས་ཆོད༎ ཡུན་ཐུང་མི་ཚེའི་སྙིང་པོ་དེ་ཡིས་ལོན༎ དྲ་འབུ་རྣམས་ལ་གདམས་པ་གསེར་རིན་མ་ཞེས་བྱ་བ་འདི་ནི། ཤེས་རྒྱུད་གདོན་གྱིས་ཟིན་པ་དང་འདྲ་བའི་དྲ་འབུ་འགའ་ཞིག་གི་ཚོད་མེད་ཀྱི་སྤྱོད་པ་མཐོང་བས་རྐྱེན་བྱས་ཏེ། མི་རིགས་ཀྱི་ལར་ཞེན་ལྕི་མོ་སྙིང་ལ་ཉར་བའི་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས། ཕྱི་ལོ་༢༠༡༣ཟླ་༧པའི་ཚེས་༨ལ་སྙིང་གཏམ་དམར་རྗེན་མ་ཡིག་ཐོག་ཏུ་བཀོད་ནས་སྤྲིངས་པའོ༎See more

0 comments:

ཟིན་བྲིས་འཚོལ་ཡུལ