དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 9 August 2013
༄༅༅། །སྙིང་ཉེ་བའི་དྲ་གྲོགས་ཚོ་ལ་དཔེ་དེབ་འདི་ངོ་སྤྲོད་ཙམ་ཞུ།
ན་མོ་གུ་རུ་བྷྱཿ
སྤྱིར་འཛམ་བུ་གླིང་འདིར་དཔལ་འབྱོར་དང་ཚན་རྩལ་རིག་པ་དར་རྒྱས་ཀྱི་སྐབས་སུ་རྒྱུ་མཚན་མི་ཤེས་པ་འགའ་རེས་ནང་ཆོས་ལ་དགག་བཞག་དང་དོན་གཉེར་མེད་པར་རྒྱ་ཆུང་དུ་འགྲོ་བ་ཡང་ཡོད་སྲིད་ཀྱང་།
བསམ་བློ་གཏོང་ཤེས་མཁན་དང་། མཁས་པ་རྣམ་དཔྱོད་ལྡན་པའི་སློབ་གཉེར་བ་དང་མཁས་དབང་དག་གི་སྙིང་གསོན་པོ་དེ་ཐུབ་བསྟན་ནང་པའི་ཆོས་འདི་ཡིན་པར་གསལ་ཐག་ཆོད་དུ་འགྲོ་བཞིན་ཡོད།
ཉེ་ཆར་བདག་གི་སློབ་མ་སེམས་རིག་ཚན་རྩལ་སྨྲ་བའི་འབུམ་རམས་པ་ཆེན་མོ་མཁའ་འགྲོ་ཆོས་སྒྲོན་ནམ་
Dr. Dusana Dorjee ཚན་རིག་དང་མཐུན་པའི་ནང་ཆོས་ལ་ཞིབ་འཇུག་དང་། དྲན་པ་དབང་རྩ་རིག་པས་ནང་པ་སངས་རྒྱས་པའི་བདེ་སྐྱིད་ཀྱི་ལམ་སྟོན་གྱི་སྒོམ་ཞེས་པའི་དེབ་འདི་བརྩམས་ཡོད་འདུག བརྗོད་བྱ་གཙོ་བོ་། རང་བཞིན་གྱི་མིའི་འདུ་ཤེས་དང་། ལྷ་མིའི་ཐེག་པའི་གཞུང་ལུགས། གནས་བརྟན་སྡེ་བ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བཙུན་པ་ཚོ་དང་འདུལ་བའི་གཞུང་ལུགས།
Dr. Dusana Dorjee ཚན་རིག་དང་མཐུན་པའི་ནང་ཆོས་ལ་ཞིབ་འཇུག་དང་། དྲན་པ་དབང་རྩ་རིག་པས་ནང་པ་སངས་རྒྱས་པའི་བདེ་སྐྱིད་ཀྱི་ལམ་སྟོན་གྱི་སྒོམ་ཞེས་པའི་དེབ་འདི་བརྩམས་ཡོད་འདུག བརྗོད་བྱ་གཙོ་བོ་། རང་བཞིན་གྱི་མིའི་འདུ་ཤེས་དང་། ལྷ་མིའི་ཐེག་པའི་གཞུང་ལུགས། གནས་བརྟན་སྡེ་བ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བཙུན་པ་ཚོ་དང་འདུལ་བའི་གཞུང་ལུགས།
གསང་ཆེན་སྔ་འགྱུར་པའི་གཙོའི་ས་དགེ་བཀའ་ཇོའི་སྔགས་པ་དང་བཀའ་གཏེར་གྱི་གཞུང་ལུགས་གཞིར་བཞག་ནས་ཚན་རིག་གིས་ཞིབ་འཇུག་གཤིས་ཕྱིན་པའི་སྒོམ་ལམ་རིགས་པའི་ལམ་ནས་སྟོན་པ།
Mind, Brain and the Path
to Happiness:
A guide to Buddhist mind training and the neuroscience of
meditation
མདོར་དོན་ཐེག་ཆེན་གྱི་བྱང་སེམས་བདེ་གཤེགས་སྙིང་པོ།
སེམས་ཉིད་འོད་གསལ་ཕྱག་རྒྱ་ཆེན་པོ་དང་། གཞོན་ནུ་བུམ་སྐུའི་ཡེ་ཤེས་བླ་མ་རྫོགས་ཆེན་གྱི་ལྟ་བ་རང་བྱུང་རིག་པའི་ཡེ་ཤེས་སུ་འགྲེལ་ནས་ལག་ལེན་དུ་དངོས་སུ་སྒྲུབ་ཚུལ་གྱིས་ལེགས་བཤད་སྣ་འཛོམས་ཕུན་སུམ་ཚོགས་པ་གང་བསམ་ཉམས་སུ་ལེན་ཆོག་པའི་ཡིད་བཞིན་ནོར་བུའི་འོད་སྣང་ངོ་།
ཚད་ལྡན་གྱི་དཔེ་དེབ་ལས་ཁང་དེ་ཉིད་ཀྱིས་ཚན་རིག་སྐད་ཡིག་བཅུ་གཅིག་ལ་བསྒྱུར་འཆར་རེད། རྒྱས་པ་དྲ་ཐག་འདི་ན་ཡོད། http://www.amazon.co.uk/Mind-Brain-Path-Happiness-neuroscience/dp/0415626145/ref=sr_1_1/279-5163953-0419249?s=books&ie=UTF8&qid=1376036857&sr=1-1
དྲན་དབང་ཚན་རིག་གཞུང་ལུགས་ལྷ་མིའི་ཐེག་པའི་བཅུད།
།
ཐེག་དགུའི་ཉམས་ལེན་ལྟ་སྒོམ་སྤྱོད་འབྲས་རིགས་ལམ་གནད།
།
མ་འདྲེས་སེམས་ཀྱི་ཞི་ལྷག་འདྲེན་པའི་ལེགས་བཤད་མཆོག
།
འཛམ་གླིང་རྒྱན་དུ་ཤར་བའི་རྟེན་འབྲེལ་དགེ་མཚན་ཨེ་མ་ཧོ།
།
ཞེས་རབ་རྒྱན་ཆུ་སྦྲུལ་གྲོ་བཞིན་ཟླ་བའི་ཚེས་གཅིག་ལ་ཡུལ་ཟླ་རྒྱུད་ཀྱི་མཁན་ཆེན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་དྲི་བ་ལ་ལན་ཙམ་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་གུས་ཕུལ།
།
Subscribe to:
Post Comments (Atom)
0 comments:
Post a Comment