དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 20 August 2013
སྣང་སྲིད་གླུ་དང་གར་ལ་བརྒྱུས་པ།


བཙན་པོའི་རྒྱལ་རབས་དམག་གི་རུ་དར་ལྷབ་ལྷུབ་འཇིགས་རུང་ཟིལ་ཤུགས་དྲག་པོས་མཐའ་བཞིའི་རྒྱལ་ཕྲན་སྙིང་ལ་འཇིགས་པ་བྱིན།།

གེ་སར་དཔའ་བོའི་དཔུང་ཚོགས་མཐའ་ཀླས་གཡུལ་ལས་རྒྱལ་བའི་ཀི་བསོའི་གད་རྒྱངས་ཕྱོགས་བཞིའི་དགྲ་བགེགས་སྲོག་གི་གཤེད་དུ་ལྡིར།།

དཔལ་ཆེན་དགྱེས་པ་རྡོ་རྗེའི་བྲོ་གར་སྟངས་སྟབས་རེ་རེས་སྣང་སྲིད་དབང་སྡུད་ཞི་རྒྱས་དབང་དྲག་ཕྱག་རྒྱའི་རྣམ་རོལ་ཅན།།

གངས་ལྗོངས་ཆོས་སྲིད་རིག་པའི་ལྡིང་ཆ་བཀྲ་ཤིས་ཕྱྭ་གཡང་འབུམ་གྱིས་འཁྱུད་པའི་འགྲན་བྲལ་ཟློས་གར་ཚོགས་པ་ཉིད་གྱུར་ཅིག།

ཅེས་པ་འདི་ཡང་མཁས་བཙུན་བཟང་པོའི་བདག་ཉིད། དཔལ་དགྱེས་པ་རྡོ་རྗེ་མཆོག་གིས་ཟློས་གར་སློབ་ཚོགས་དབུ་འཛུགས་གནང་བའི་རྟེན་འབྲེལ་རྨད་དུ་བྱུང་བའི་ཆེ་བར་དམིགས་ཏེ། རྒྱལ་བསྟན་རིས་མེད་པ་ཁྲག་འཐུང་བདེ་སྟོང་གླིང་པའམ་ཀླུ་སྨྱོན་ཧེ་རུ་ཀས་སྦྱར།

0 comments:

ཟིན་བྲིས་འཚོལ་ཡུལ