དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 24 August 2013
༄༅།།ཨེ་མ་ཧོ་ལག་འཕྲིན་ཐོན་རིམ་གསུམ་པ།

༧ཨེ་མ་ཧོ་ལག་འཕྲིན་ཐོན་རིམ་གསུམ་པ་མི་འགྱངས་པར་ཚོང་རར་བཀྲམ་རྒྱུའི་བརྡ་ཁྱབ།
ཨེ་མ་ཧོ་ལག་འཕྲིན་ཐོན་རིམ་གསུམ་པའི་ནང་ཐུན་མོང་མ་ཡིན་པའི་བཀོལ་སྤྱོད་བསྒྲིགས་རིམ་མང་པོ་བསྒྲིགས་ཡོད། དྲྭ་གསུམ་གཅིག་སྐྱོར་ཏེ། བྱང་གཞོང་གཅིག་གི་ནང་དུ་འཁྱེར་འཕྲིན་དང་གློག་འཕྲིན། འབྲེལ་འཕྲིན་གསུམ་གྱི་བྱང་བུ་གང་རུང་ཞིག་ འཇོག་ཆོག ཕྱི་དབྱིབས་མཛེས་ཤིང་དུས་སྲོལ་དང་མཐུན་པ། ཆེ་ཆུང་ཀུ་ཤུ་ལྔ་པ་དང་འདྲ་ལ་འཆར་ཤེལ་དེ་ལས་ཆེ།འཆར་ཤེལ་དྭངས་ཤིང་གསལ་ལ་བརྙན་མིག་བརྙན་རྒྱུ་མཐོ་བས་པར་ལེན་པ་དང་བརྙན་འཕྲིན་གཏོང་སྐབས་ནུས་པ་ཕུལ་དུ་བྱུང་། ལག་འཕྲིན་མཐའ་རྒྱན་ནི་ཧ་ཡང་ལས་གྲུབ་པས་སྤུས་ཚད་མཐོ་ལ་སྲ་ཞིང་བརྟན། གློག་རྫས་ཆེ་བ་དང་བྱང་གཞོང་གཅིག་མ་གཏོགས་མེད་པས་གློག་རྫས་བེད་སྤྱོད་དུས་ཡུན་རིང་།
འཛམ་གླིང་ནས་ཆེས་ཐོག་མ་བོད་ཡིག་འབྲི་འཇུག་ཆོག་པའི་ལག་འཕྲིན་ནི་ཨེ་མ་ཧོ་ཐོན་རིམ་གསུམ་པ་ཡིན་ལ། དེ་ཡི་གེ་འབྲི་ཤེས་པའི་མི་ཞིག་ཡིན་ཚེ་ལག་འཕྲིན་ནང་དུ་བོད་ཡིག་ཅི་དགོས་བཏགས་ཐུབ་ངེས་རེད། མ་ཚད་དེའི་ནང་དུ་ཧ་ཅང་སྟབས་བདེ་བའི་ཆེད་དུ་བཏགས་ཐབས་འདྲ་མིན་ལྔ་སྒྲིག་འཇུག་བྱས་ཡོད།
 ཨེ་མ་ཧོ་ཚན་རྩལ་ལ་རྒྱ་ཆེ་བའི་སྤྱི་ཚོགས་ཡོངས་ཀྱིས་ཡིད་ཆེས་དང་ཁས་ལེན་བྱས་པ་མ་ཚད། བོད་ཡིག་ལག་འཕྲིན་གསར་སྤེལ་ཐད་ནས་གྲུབ་འབྲས་དཔེ་མེད་པ་ཞིག་ཐོབ་ཡོད། ཡང་དུས་རབས་ཉེར་གཅིག་གི་གོམ་འགྲོས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲན་རྩོད་མྱུར་མོ་སྒྲ་རླབས་ཀྱི་ཟླ་ལ་འགྲན་པའི་དེང་གི་ཆ་འཕྲིན་དུས་རབས་འདིར།སྣ་མང་ཤེས་རིག་གི་རོ་བཅུད་དང་ཉམས་མྱོང་ལག་ལེན་དུ་བསྟར་ནས་ལེགས་བཅོས་དང་གསར་བསྐྲུན་བྱེད་པ་ཤིན་ཏུ་གལ་ཆེ། དུས་རབས་ཉེར་གཅིག་པ་ནི་ཚན་རྩལ་དང་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ཟེར་བས་འཛམ་བུ་གླིང་གི་དྲྭ་རྒྱའི་འབྲེལ་མཐུད་ལས་རྩིས་འཕྲུལ་དང་ཁ་པར་སོགས་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱུན་མཁོའི་དངོས་པོ་དུ་གྱུར་འདུག དེ་དག་གི་སྤུས་ཚད་དང་བྱེད་ནུས་སོགས་ཀྱང་ཡར་ངོ་ཟླ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད། ང་ཚོ་ཁ་བ་རི་བོའི་སྔོན་བྱོན་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་ནང་གསར་དུ་གཏོད་པའི་རིག་པའི་གཞུང་ལུགས་ཡིག་ངོར་ཕབ་པ་དག་དུས་རབས་གསར་པའི་ཚན་རྩལ་གྱི་གསོན་ཤུགས་ཁྲོད་ནས་མུ་མཐུད་གནས་ཤིང་རྒྱུན་སྐྱོང་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་ང་ཚོར་བཅོལ་བའི་འགན་འཁྲི་འདོར་ཐབས་མེད་པ་ཞིག་རེད་ལགས། དེ་བས་ངེད་ཨེ་མ་ཧོ་ཚན་རྩལ་གྱིས་གསར་སྤེལ་བྱས་པའི་བོད་ཡིག་ལག་འཕྲིན་རྣམས་ཀྱི་མ་ལག་ཡིག་བསྒྱུར་སྐབས་མིང་བརྡ་ཚིག་གསུམ་ནི་གཙོ་བོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་མཛད་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་སྐྲུན་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བརྡ་འཕྲིན་ལག་རྩལ་མིང་མཛོད་བཅས་ལ་གཞི་འཛིན། ཞོར་དུ་དགེ་རྒན་དང་མཁས་དབང་གྲངས་མང་ཞིག་གིས་ཐུགས་ཁུར་དཔེ་མེད་མཛད། རྩོམ་པ་པོ།
ཨེ་མ་ཧོ་ཁྱབ་བསྒྲགས་ཚན་ཆུང།

0 comments:

ཟིན་བྲིས་འཚོལ་ཡུལ