དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 2 January 2014
ཇོ་བོ་སྒྱོགས་ཆེན་གདོང་རའི་བྱུང་ཚུལ་དང་མཆོད་སྲོལ་གླེང་བ།
དང་པོ།སྒ་ཇོ་བོའི་བྱུང་ཚུལ་དང་མིང་གི་རྣམ་གྲངས་སྐོར།
གཅིག ཇོ་བོ་སྒྱོགས་ཆེན་གྱི་བྱུང་ཚུལ་སྐོར། རང་བྱུང་ཁོར་ཡུག་དང་བསྟུན་ནས་འཕེལ་རྒྱས་བྱུང་བའི་སྒང་པ་བོད་ཀྱི་རིག་གནས་ལ་གནའ་སྔ་མོའི་དུས་ནས་འཛམ་གླིང་གི་ཡུལ་གྲུ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་མཆིས་ཏེ། མཚོ་བོད་མཐོ་སྒང་ནས་འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་བོད་ཀྱི་ཡབ་མེས་རྣམས་ཀྱིས་རི་ཡིས་མུ་ཁྱུད་བཟུང་བའི་ཁོར་ཡུག་འདི་ལ་དད་མོས་དང་དགའ་ཞེན་ཁྱད་པར་བ་ཡོད་རྐྱེན། བོད་ཀྱི་རི་ལྷ་གསོལ་བའི་གོམས་སྲོལ་ཡང་དེ་དང་བསྟུན་ནས་མི་ལོ་སྟོང་ཕྲག་དུ་མའི་གོང་རོལ་ནས་བྱུང་ཡོད་པར་མངོན་ཏེ། དེའང་བོན་གྱི་སྟོན་པ་གཤེན་རབ་བོད་དུ་བྱོན་སྐབས“མི་ལ་ལྷ་གསོལ་བྱུར་ཕུད་བཀའ་ལུང་ཕོག”ཅེས་གསུངས་པ་ལྟར། ལྷ་གསོལ་བའི་ཆོ་ག་སྤེལ་སྟངས་དང་འབྲེལ་ཏེ་སྐྱེས་ལྷའི་དད་མོས་སྐོར་གྱི་རིག་གནས་ཡང་ཐོག་མར་བོན་ལུགས་ནས་དར་བ་མཚོན་པ་དེ་ཡིན། དེའི་ཕྱིར། བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་ཡང་། སྐྱེས་ལྷའམ་ཡུལ་ལྷའི་སྐོར་གྱི་རིག་གནས་ལྟ་བ་ནི་བོད་ཀྱི་ཤེས་རིག་གི་གྲུབ་ཆ་གཙོ་བོ་ཞིག་རེད། འོན་ཀྱང་། དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་གྱིས“ཡུལ་ལྷ་གཞི་བདག་རྣམས་ནི་བསྐལ་བ་ས་ཆགས་པ་ནས་ཡོད་པ་ཞིག་མིན་ཞིང་། མཐོ་རིས་ཀྱི་ལྷ་ལས་བབས་པ་མིན་ལ། ཐུན་མིན་གྱིས་བསྟེན་པའི་ཡི་དམ་གྱི་ལྷའང་མ་ཡིན་ཏེ། སྔོན་ཆད་རང་རང་ས་ཆར་འགྲོ་བ་མིར་དངོས་སུ་སྐྱེས་མྱོང་བའི་ཆོས་ལུགས་པ་དང་། དཔོན་པོ། བློན་པོ། དམག་དཔོན། ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་དགའ་བའི་འཇིག་རྟེན་རྒན་པོ”ཞེས་གསུངས་པ་ལྟར། ཡུལ་ལྷ་གཞི་བདག་དེ་དག་མཐར་གཏུགས་ན་བོད་མི་རིགས་རང་ཉིད་ཀྱི་གནའ་བོའི་ལོ་རྒྱུས་ཀྱི་སྟེང་བྱུང་བའི་མི་སྣ་ཆེན་མོ་ཞིག་ལ་ཐུན་མོང་གི་དྲན་ཤེས་བརྒྱུད་དེ་ཁས་ལེན་ཐོབ་ཅིང་དད་མོས་བྱུང་བའི་རྟེན་འབྲེལ་ལས་བྱུང་བ་གསལ་བོར་ཤེས་ཐུབ་ཅིང་། ཇོ་བོ་སྒྱོགས་ཆེན་ཡང་དེ་དང་དེ་བཞིན་ཡིན་ཏེ།རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ན་ཆགས་པའི་སྒའི་རུས་རྒྱུད་ཀྱི་ཚོ་བའི་མི་རབས་ནས་མི་རབས་བར་རང་གི་མགོན་སྐྱབས་དང་སྡོངས་གྲོགས་སུ་གྱུར་པའི་དམག་དཔོན་ཆེན་པོ་ཞིག་ལ་ངོས་འཛིན་བྱས་སྟབས། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ན་རིགས་ཀྱི་ཟམ་མ་ཆད་པར་བྱུང་བའི་ད་ལྟའི་ཕྱི་རབས་རྣམས་ལའང་ཡབ་མེས་ཀྱི་ལོ་རྒྱུས་དྲན་རྟོགས་དང་དད་མོས་དེའི་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ་མཆོད་བཀུར་གྱི་ཡུལ་སྲོལ་བྱུང་བའོ། །དེ་ན་ལྷ་དེའི་མཚོན་དོན་དང་ནུས་པ་སོགས་ལའང་ཆབ་སྲིད་ཀྱི་དར་རྒུད་ཀྱི་དགོས་མཁོ་དང་སྐབས་བབ་ཀྱི་དམག་དོན།ཡང་ན་ཚོ་བའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་སོགས་དུས་དང་བསྟུན་པའི་འཕོ་འགྱུར་འགྲོ་བཞིན་ཡོད་ཅིང་། འགྱུར་ལྡོག་དེའི་རྒྱུད་རིམ་ནི་མཁས་དབང་མཁར་རྨེའུ་ལགས་ཀྱིས་གསུངས་པ་ལྟར་ཐོག་མ“ཡབ་མེས་ཀྱི་རི”ཞེས་པའི་འདུ་ཤེས་དང་། གཉིས་པ་ཆབ་སྲིད་ཀྱི་མཚོན་དོན། གསུམ་པ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ཁྲོད་དུ་བསྡུ་སྒྲིག་བྱས་ཟིན་པ་སོགས་འགྱུར་ལྡོག་གི་གོ་རིམ་རིམ་བཅར་ཕྱིན་ཡོད།
སྒ་ཇོ་བོའི་འཁོར་ལ་བསང་ཡིག་ཁག་ཏུ་བཀའ་གཉེན་སུམ་བརྒྱ་དྲུག་ཅུ།བཀའ་འཁོར་སུམ་སྟོང་ཆིག་བརྒྱ་དགུ་བཅུ་སོགས་གྲགས་ཀྱང་། དེ་ནི་ཕལ་ཆེར་ཆེ་བསྟོད་ཀྱི་ཚུལ་ཡིན་ལ། དོན་དངོས་ཇོ་བོའི་འཁོར་གཙོ་བོ་ལ། སྲས་གསུམ་སྟེ་སུམ་རོང་སྟག་རྩེ། རྫ་རོང་འོ་ཕུད་སྟག་རྩེ་དང་ཟིལ་དཀར་སྟག་རྩེ་བཅས་དང་། བཙུན་མོར་འོད་དཀར་དང་འོད་དམར། ཨ་ནེ་སྨན་ཆེན་རྫོང་ཡག ཨ་ཞང་སྐྱ་རིང་རྭ་དཀར། ཨ་ཡེ་དབུ་སེ་མུ་ནེ། དམག་དཔོན་འབྲི་གཉེན་རི་ཁྱིམ། བློན་ཆེན་ཐབ་ལྷ་གདོང་ཕྲོམ་ཞེས་པ་དང་། གཞན་ཇོ་བོའི་སྔགས་པ་སྤུན་བདུན་དང་མགར་བ་སྤུན་བདུན། བཟོ་བོ་སྤུན་བདུན། ལུགས་པ་སྤུན་བདུན་བཅས་དམངས་ཁྲོད་ལ་ད་དུང་ཡང་མ་ཡལ་བར་མིང་དང་ས་གནས་གཉིས་ཀ་ནས་མཐོང་ཐོས་པ་འདུག འོན་ཀྱང་། དམིགས་བསལ་གྱིས་ཞུ་དགོས་པ་ཞིག་ལ། སྒ་ཇོ་བོ་འདི་སྲིད་པ་ཆགས་པའི་ལྷ་དགུའི་ཁོངས་སུ་འདྲེན་པ་ཕལ་ཆེར་བཙན་པོའི་རྒྱལ་རབས་ཀྱི་དུས་སྨད་ལ་བྱུང་བ་འདྲ།དེ་ལ་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཏུན་ཧོང་ཡིག་རྙིང་དང་། བོན་གྱི་ཡིག་རྙིང་སོགས་དང་བསྡུར་ནས་བཀོད་པའི་རེའུ་མིག་ལ་བལྟས་ན་ཤེས་ཐུབ། ཡར་ལྷ་ཤམ་པོ་ནི་ཀུན་གྱིས་བཀོད་ཡོད་མོད། གཞན་དག་རྣམས་མིང་གི་གནས་སྟངས་མི་འདྲ་བར་བྱུང་ཡོད་པས།ཁོང་གི་དཔྱད་རྩོམ་དུའང“ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བའི་ནང་དུ་ལྷ་དགུ་པོའི་ཁོངས་སུ་ཚུད་པའི་ལྷ་རྣམས་ལ་འགྱུར་ལྡོག་ཕྱིན་ཡོད། དེ་ཡང་ལྷ་དགུ་པོའི་ནང་ནས་འགའ་ཞིག་གི་ཚབ་ལ་ལྷ་གསར་པ་འགའ་བཀོད་ཡོད། དེ་ལྟ་བུའི་འགྱུར་ལྡོག་ནི་ཡར་ལུང་བཙན་པོའི་རྒྱལ་རབས་ཀྱི་འཕེལ་རྒྱས་དང་དེས་མཐའ་འཁོར་གྱི་ཡུལ་གྲུ་ཁག་ཏུ་རྒྱ་བསྐྱེད་བྱས་པའི་མངོན་ཚུལ་ཞིག་ཡིན”ཞེས་གསུངས་ཡོད།
ཁོ་བོ་ས་གནས་དེར་དངོས་སུ་ཕྱིན་ནས་མཐོང་ལམ་དུ་གྱུར་པ་ཞིག་ནི་སྒ་ཡི་ཇོ་བོ་སྒྱོགས་ཆེན་འདི་དེང་སང་གི་ཁྲི་འདུ་དང་ཆུ་དམར་ལེབ་རྫོང་གཉིས་འབྲེལ་མཚམས་སུ་ཡོད་ལ། རྒྱ་མཚོ་ངོས་ལས་མཐོ་ཚད་མུས5395འཕགས། ཟིལ་དཀར་དགོན་གྱི་གདན་རབས་ལས“ཁྲི་རལ་བ་ཅན་སྐུ་དངོས་སུ་སྒ་སྟོད་ཇོ་བོ་བརྒྱུད་དེ་ཕེབས་ནས་རྒྱ་བོད་ཀྱི་ས་མཚམས་ཕྱེ་བར་མཛད”ཅེས་གསལ་ལ། དགོན་དེར་བསྐྱོད་པའི་དུས་དངོས་སུ་ཁྲི་རལ་བ་ཅན་གྱི་བཞུགས་ཁྲི་ཡིན་ཟེར་བ་ཞིག་ལ་མཇལ་བྱུང་ལ། དེར་ཁྲི་བརྟེན་གྱི་རྡོ་ངོས་ལ་རིག་དངོས་སྲུང་སྐྱོབ་ཡིན་ཞེས་བྲིས་ཡོད།
གཉིས། ཇོ་བོ་སྒྱོགས་མིང་གི་འབྲི་སྟངས་སྐོར། བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་ཁག་ཏུ། སྒ་ཡི་ཇོ་བོ་སྒྱོགས་ཆེན་གདོང་ར་འདི་སྲིད་པ་ཆགས་པའི་ལྷ་དགུའི་གྲས་སུ་འདྲེན་སྲོལ་ཡོད་པ་ཙམ་ལས། ཞིབ་ཕྲའི་གནས་ཚུལ་གྱི་ལོ་རྒྱུས་ནི་མཐོང་ཡུལ་ལྟར་བྲིས་མེད།ཡིན་ནའང་། དེ་ལ་མིང་གི་འབྲི་སྟངས་མི་འདྲ་བ་འགའ་ཞིག་ཡོད་པ། དཔེར་ན། སྒ་ཇོ་བོ། ཇོ་བོ་གངས་རྭ། ཇོ་བོ་སྒྱོགས་ཆེན་གཏོང་ར།སྒྱོགས་ཆེན་སྟོང་ར།སྒྱོགས་ཆེན་ལྡོང་ར། སྒྱོགས་ཆེན་སྡོངས་ར། ཇོ་བོ་འགྱོག་ཆེན། ཇོ་བོ་ཞལ་དཀར། དབང་ཆེན་ཀུན་གྲགས། སྲེད་སྤངས་རྡོ་རྗེ་སོགས་ལྟ་བུའོ། །
དེ་ལས་དབང་ཆེན་ཀུན་གྲགས་དང་སྲེད་སྤངས་རྡོ་རྗེ་ལྟ་བུ་ནི་ཕྱིས་སུ་བྱུང་བའི་དགེ་ལུགས་པའི་བླ་མ་ཆེན་པོ་རྒྱལ་དབང་སྐུ་ཕྲེང་གསུམ་པ་གཙོས་སྐྱེས་ཆེན་རྣམས་ཀྱིས་བྲིས་པའི་བསང་མཆོད་ཀྱི་ནང་དུ་བཞུགས་ལ། དེ་ལ་ནང་བའི་མཁས་པ་རྣམས་ཀྱིས་ནང་བའི་བསྟན་སྐྱོང་དང་གཞི་བདག་ཆེན་པོའི་ལས་བསྐོས་རྗེས་སུ་བཏགས་པའི་མིང་ཡིན། སྐྱོགས་དང་སྒྱོགས། སྟོང་དང་ལྡོང་སོགས་ནི་ཕལ་ཆེར་གནའ་དུས་བོད་ཀྱི་ཡི་གེ་འབྲི་སྲོལ་ལ་རང་སྡེ་ཕན་ཚུན་སྐབས་སྐབས་སུ་བརྗེ་རེས་ཡོད་པ་ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆ་རྙིང་བ་དག་ལས་རྟོགས་ཐུབ་པས། དེ་ལྟར་མཁས་པ་རྣམས་ཀྱིས་ཐུགས་མཉམ་མ་བཞག་པ་དང་གནའ་ཡིག་གི་འབྲི་སྲོལ་སོགས་ཀྱི་རྐྱེན་ལས་བྱུང་བ་རེད། དམངས་ཁྲོད་དུ་ཡང་གྲགས་ལ་ཇོ་བོ་ཞལ་དཀར་རམ་སྒ་ཇོ་བོ་ཞེས་འབོད་སྲོལ་ཞིག་མཆིས་ཤིང་། ཁོ་བོས་སྐབས་སྐབས་སུ་ཞལ་དཀར་ཟེར་པ་ནི་ཕལ་ཆེར་དམིགས་བསལ་གྱི་མཐུ་ནུས་ཞིག་ལ་གོ་བཞིན་ཡོད་པའང་རྟོགས་བྱུང་སྟེ། རྒྱུ་མཚན་ནི་དམངས་ཁྲོད་དད་ལྡན་རྣམས་ཀྱི་དྲན་འཆར་ལྟར་ན་ཡུལ་ལྷའམ་གཞི་བདག་མཐུ་བོ་ཆེ་གང་མང་ཞིག་ཞལ་དཀར་རྟ་དཀར་གྱི་གཟུགས་དབྱིབས་ཡིན་པ་དང་། གླིང་གི་དཔལ་རྟུལ་གྱི་ཡང་རྒོད་རྒྱལ་ཚ་ཞལ་དཀར་ཟེར་ཚུལ་བཅས་ལ་བརྟགས་ན། གནའ་སྔ་མོ་ནས་བོད་པའི་འདུ་ཤེས་སྟེང་དཀར་པོ་ལ་དམིགས་བསལ་གྱི་དད་མོས་ཤིག་གནས་ཤིང་། སྐྱེས་ལྷ་དེ་རྣམས་ཀྱིས་རང་གི་མཐུ་ནུས་ལ་བརྟེན་ནས་ལས་དགེ་བ་དཀར་པོ་བྱེད་པས་ན་ཞལ་དཀར་སོགས་འབོད། ཇོ་བོ་ཞེས་པ་ཕལ་ཆེར་མཁར་རྨེའུ་ལགས་ཀྱིས“ཡུལ་ལྷའི་མཚན་ནས་འབོད་སྐབས་རྟག་ཏུ་མཚན་གྱི་མགོར‘ཨ་མྱེས།’ ‘ཨ་ཕྱི’ ‘ཨ་ཕ’‘ཇོ་བོའམ་ཇོ་ཇོ། ཇོ་མོ’སོགས་ཐ་སྙད་སྦྱར་སྲོལ་ཡོད། མི་རྣམས་ཀྱི་ཡུལ་ལྷའི་མཚན་གྱི་མགོར་ཐ་སྙད་དེ་དག་བཏགས་དགོས་དོན་ནི་གཏམ་རྒྱུད་ཀྱི་འབྱུང་ཁུངས་ཀྱིས་བོད་ཀྱི་རིག་གནས་ཁྲོད་དུ་མི་དང་ལྷའི་དབར་འབྲེལ་བ་ལྡན་པར་སྨྲ་བའི་སྣང་ཚུལ་ཞིག་ཡིན།”ཞེས་པ་ལྟར་ཡིན་མོད། ཁོ་བོས་ས་གནས་རང་ཡུལ་ཤུལ་གྱི་དམངས་ཁྲོད་ཀྱི་ལྟ་སྟངས་ལ་གཞིགས་ན། ད་ལྟ་ཡང་མཐོང་ཆོས་སུ་གྲུབ་པའི་བོད་བཙན་པོའི་སྐབས་བཞེངས་པའི་རྣམ་པ་སྣང་མཛད་ཀྱི་བྲག་བརྐོས་ལ་ཇོ་བོ་རྣམ་སྣང་མཛད་ཞེས་འབོད་པ་སོགས་ལ་བལྟས་ན། ཇོ་བོ་ཞེས་པ་ནི་དེ་ལ་ཁྱད་ནོར་རམ་གཅིག་པུ། ཡང་ན་འགྲན་ཟླ་མེད་པའི་དོན་ཞིག་ཀྱང་འདུས་པར་སྙམ།
དེང་སང་མཚོ་སྔོན་གྱི་ཆར་གཏོགས་ཡུལ་ཤུལ་གྱི་ས་གནས་འདི་ལ་སྔ་ནས་ངག་རྒྱུན་ལ་སྒ་བ་རུས་ཆེན་ཚོ་དྲུག་ཞེས་གྲགས་ལ། དུས་ཕྱིས་ཡུལ་ཤུལ་དཔོན་མགོ་ཉེར་ལྔ་ཞེས་ནང་ཆེན་རྒྱལ་པོའི་མངའ་འོག་ཏུ་འདུས་ཡོད་ལ། ཡུལ་ཤུལ་ཞེས་པ་བྱེ་བྲག་གི་མིང་སྤྱི་མཐུན་དུ་ཆགས་པར་འདོད། ས་གནས་རང་ག་ལ་མཚོན་ན་ཇོ་བོ་སྒྱོགས་ཆེན་གདོང་ར་ནི་ཡུལ་ལྷ་ཀུན་གྱི་རྒྱལ་པོ་ལྟ་བུའི་འདུ་ཤེས་ཆགས་ཡོད་ལ། གེ་སར་སྒྲུང་དང་འབྲེལ་བའི་སྒ་ཇོ་བོའི་གཏམ་རྒྱུད་ནི་ས་ཁྱབ་ལུང་ཁྱབ་ཅིག་ཡིན་མོད་ཀྱང་། པདྨ་ཀུན་དགའ་ལགས་ཀྱིས་བྲིས་པའི《ཁྲི་འདུ》དང་དགེ་རྩེ་འཇམ་དབྱངས་བསོད་ནམས་ཀྱིས་མཛད་པའི《ཟིལ་དཀར་དགོན་གྱི་གདན་རབས་དཔག་བསམ་ལྗོན་པའི་ས་བོན》ཞེས་པ་གཉིས་ལས་སྒ་ཇོ་བོའི་ལོ་རྒྱུས་ཅུང་ཟད་བཀོད་པ་ཙམ་ལས་ང་ཚོའི་མཐོང་ཡུལ་དུ་གྱུར་པའི་ཡིག་ཆ་ད་དུང་བྱུང་མེད། དེ་གཉིས་ལས“སྒ་ཇོ་བོ་འདི་ཉིད་འགྲན་ཟླ་མེད་པའི་བྱང་ཆུབ་སེམས་དཔའི་གནས་སུ་ངོས་འཛིན་མཛད་དེ། འབྲོག་གནས་ལྔའི་ཡ་གྱལ་དུ་གསུངས། བཀའ་འགྱུར་ལས་མདོ་མང་གི་མདོ་འདུས་པ་ཆེན་པོའི་ལེའུ་བཅུ་གཉིས་པ་འབྲོག་གནས་ཀྱི་ལེའུ་ལས། དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ནི། གནོད་སྦྱིན་འཇིགས་འཇིགས་ལྟ་བུའི་གཟུགས་སུ།འཕྲོ་མ་པར་ངོས19པར་གཟིགས།

Subscribe to:
Post Comments (Atom)
0 comments:
Post a Comment