དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 4 January 2014

༄༅།།རྨི་ལམ་དང་ཚོར་སྣང་། །

ན་མོ་གུ་རུ་བྷྱ།།


རྨི་ལམ་རྣམ་དག་འོད་གསལ་སྒྱུ་འཕྲུལ་གར། །
སྣང་སྲིད་རྣམ་དག་ལྷ་ཡི་དཀྱིལ་འཁོར་དང་། །
ལྷག་བསམ་རྣམ་དག་བྱང་སེམས་རིན་པོ་ཆེ། །
ངེས་དོན་རྣམ་དག་དགེ་བས་དུས་ཀུན་སྲུངས། །

༢༠༡༤ ཤིང་ཕོ་རྟ་ལོ་ལ་རྨིས་པའི་རྨི་ལམ།
མཐིང་མདོག་ཡིད་ཀྱི་རིག་མའི་ཕྱག་རྒྱས་ངོར། །
དབྱིངས་གསལ་དག་པའི་དྲི་བ་འདྲི་ལན་དག །
རྒྱས་པར་ཙིཏྟི་དབུས་གུ་ཧྱ་རྒྱ། །
མདོར་བསྡུས་ཁ་གསལ་གོ་བདེ་འདི་སྐད་ཐལ། །

ཨེ་ཀྱེ་ཧོ། །

 ཉིས་སྟོང་བཅུ་བཞིས་རྟེན་འབྲེལ་མ་རལ་ན། །
བསོད་ནམས་རླུང་རྟའི་གོམས་ཁར་གཡས་སུ་ཕྱོགས། །
དགོས་འདོད་སྡེ་བཞིའི་སྣང་བ་ཀུན་ནས་བཀྲ། །
བདེ་ལེགས་ཤིས་པའི་ཕུན་སུམ་ཚོགས་པར་འབྱུང་། །

རྟེན་འབྲེལ་ཉེས་པའི་གཞན་དབང་གྱུར་པ་ན། །
ཆགས་སྡང་རྨོངས་པའི་མུན་པ་ཡོངས་སུ་འཁྲིགས། །
ནད་འཁྲུག་འབྱུང་བཞིས་གནོད་པ་བསམ་མི་ཁྱབ། །
ཆེ་དགུའི་སྲོག་ལུས་དབང་རླུང་ཐུར་ཏུ་རྒུད། །

ཞལ་འདོན་ཚིག་བདུན་གསོལ་འདེབས་རྒྱུན་དུ་འབད། །
གུ་རུ་སིདྡྷི་མ་ཎི་ཏྰ་རེ་རིགས། །
གནད་སྨིན་ཚད་དུ་ཕྱིན་ན་བར་ཆད་སེལ། །
ཡིད་ལ་སྨོན་པའི་འདོད་པ་ཡིད་བཞིན་འགྲུབ། །

མེ་འབར་ཕྲེང་བའི་རྒྱུན་ཐག་ངང་གིས་ཆད། །
གནམ་རྒན་བཙོན་ར་ལྕགས་རིར་གས་ཆག་བྱུང་། །
དྲང་བདེན་ཞི་བདེའི་འཚོ་བ་གསོན་པོ་དཔལ། །
རྒྱལ་བསྟན་དར་རྒྱས་འགྲོ་ཁམས་ཞི་བདེས་འཚོ། །

འཇིག་རྟེན་བདེ་བའི་ཆོས་དཔལ་རིག་རྩལ་རྒྱས། །
མྱང་འདས་ངེས་འབྱུང་རྣལ་མའི་བཙན་ས་ཟིན། །
སྙིང་རྗེ་བྱང་ཆུབ་སེམས་ལ་དབང་འབྱོར་ནས། །
གསང་ཆེན་དག་མཉམ་བདེན་པར་མངོན་གྱུར་ཤོག །

ཅེས་རྨི་ལམ་ཞིག་གིས་ཚོར་སྣང་ལས་ཨེ་ཝྃ་སྨན་ཁང་ནས་ཤྲྰིས་སྤེལ་བར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ