དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 4 January 2014
བོད་ཀྱི་མཁན་པོ་བསོད་དར་རྒྱས་༢༠༡༣ལོའི་མི་སྣ་དུས་དེབ་དུ་ཚུད་པར་རྟེན་འབྲེལ་ཞུ།།
2014-1-4 19:01:50

 བོད་ཀྱི་མཁན་པོ་བསོད་དར་རྒྱས་༢༠༡༣ལོའི་མི་སྣ་དུས་དེབ་དུ་ཚུད་པར་རྟེན་འབྲེལ་ཞུ།།
༢༠༡༣ལོར་རང་གི་གྲུབ་འབྲས་ཀྱིས་དུས་རབས་ལ་ཤུགས་རྐྱེན་ཐེབས་ཡོད་པའི་མི་སྣ་གྲགས་ཅན་བཅུ་གསུམ་གྱི་ནང་དུ་བོད་ཀྱི་མཁན་པོ་བསོད་དར་རྒྱས་ཀྱང་བཞུགས་ཐུབ་འདུག་པས་འདི་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་རེད་ལ། བོད་ཀྱི་རིག་གནས་ཀྱི་གཟི་བརྗིད་ཅིག་ཀྱང་རེད།  ཐོག་མར་མཁན་པོ་ཁོང་ཉིད་ལ་རྟེན་འབྲེལ་ཞུ་དགོས་པ་དང་ཆབས་ཅིག བོད་ཀྱི་རིག་གནས་པ་ཚོས་ཀྱང་མུ་མཐུད་དུ་རང་རང་སོ་སོའི་ཁྱད་ཆོས་ཇེ་ལེགས་སུ་གཏོང་སྟེ་ཕྱོགས་སོ་སོ་ནས་བོད་ཀྱི་རིག་གནས་དར་སྤེལ་གཏོང་ཞིང་རང་གི་མི་ཚེར་ཡིད་ཕམ་མེད་པའི་བྱ་བ་རླབས་ཆེན་རེ་བསྒྲུབ་ཐུབ་པ་ལ་འབད་དགོས།  སྤྱིར་བོད་མི་རིགས་འདི་ནང་ལ་ཁ་མ་དྲོ་ཞིང་ཕྱིར་བཀྲ་མ་ཤིས་པ་ཞིག་མིན་ནའང་།  སོ་སོས་གྲུབ་མཐའི་ཕྱོགས་རིས་དང་ཕྲག་དོག་སོགས་སྐྱུར་ནས་༼ བོད་ ༽ཅེས་པའི་མིང་འདི་གཙོ་བོར་བཞག་ནས་མཐུན་སྒྲིལ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་སྟེ། མི་རིགས་གཞན་པ་ཚོས་བོད་ལྟར་ཁྱོད་ངན་ང་ཡག་ཟེར་ནས་བསྡད་མེད་པས་སོ།   བོད་མི་རིགས་ནི་མི་གྲངས་ཤིན་ཏུ་མང་ལ། ཕྱོགས་ཁག་ཤིན་ཏུ་མང་པའི་མི་རིགས་ཤིག་རེད།  མི་རིགས་འདི་འཛམ་གླིང་འདིའི་ཐོག་ཏུ་ཡུན་རིང་གནས་དགོས་རུང་།   ཕ་སྐད་གཙང་མ་དང་ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས། མཐུན་སྒྲིལ་གྱི་ནུས་པ་སོགས་ལ་ཐུག་ཡོད་པས། ཀུན་གྱིས་ཕྱོགས་རིས་ཀྱི་ལྟ་བ་ཕར་སྐྱར་ནས་ཕན་ཚུན་མཐུན་སྒྲིལ་བྱེད་ཅིང་རྒྱབ་སྐྱོར་ཡོད་པར་མཁྱེན་མཁྱེན།།།།    

0 comments:

ཟིན་བྲིས་འཚོལ་ཡུལ