དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 14 January 2014
དབྱིན་ཇིར་སློབ་འགྲིམས་སུ་བསྐྱོད་པའི་ཟིན་ཐོ།
2014-1-13 9:58:58
                       དབྱིན་ཇི་ལ་སློབ་འགྲིམས་སུ་བསྐྱོད་པའི་མྱོང་ཚོར།
   ང་རང་༡༢ལོའི་ཟླ༢པའི་ཟླ་མཇུག་ཏུ་པེ་ཅིན་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་ནས་གནམ་གྲུ་ལ་  བསྡད་དེ་ཧ་ལམ་དུས་ཚོད་བཅུ་གཅིག་ལྷག་བརྒྱུད་ནས་དབྱིན་ཇིའི་ཅུའུ་སི་ལའོ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་ལ་བདེ་འཇགས་ཀྱིས་བབས་པ་དང༌། དེ་གར་ངང་སྒུག་བྱས་པའི་འབྲེལ་ཡོད་མི་སྣས་སྣེ་ལེན་འོག་ས་རུབ་ལ་ཉེ་སྐབས།  གཞི་ནས་རཱིན་ཇེན་སློབ་ཆེན་དུ་ཐོན།
   ང་རང་ལོ་ན་ལྔ་ཅུ་ལྷག་ལ་སོན་པའི་བུད་མེད་འབྱོར་ཅན་ཞིག་གི་ཁྱིམ་དུ་བགོས་པ་ དང༌། ཁང་བརྩེགས་སུམ་ཐོག་ཅན་ཞིག་གི་ཀླད་མོ་ནས་ང་རང་ལ་ཕྱི་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཉལ་ཁང་གཙང་མ་ཞིག་བཀོད་སྒྲིག་བརྒྱབ། དེ་ནས་ང་རང་འགྲོ་སའི་རཱིན་ཇེན་སློབ་ཆེན་ལ་རྐང་ཐང་དུ་དུས་ཚོད་སྐར་མ་ཉི་ཤུ་ལ་སོང་ན་ལས་སླ་བོར་ཐོན་གཏུབས།
 
 
    དབྱིན་ཇིའི་རྒྱལ་ས་ལོན་ཏོན་ནས་མེ་འཁོར་ལ་བསྡད་ན། རེན་ཇེན་གྲོང་ཁྱེར་ལའང་ སྐར་ཉེར་ལྔ་ཡས་མས་སུ་སླེབས་ཐུབ། དབྱིན་ཇིའི་མཁའ་དབུགས་གཙང་ཞིང་གྲོང་ཁྱེར་ཧྲིལ་ བོར་སྔོ་ལྗང་གི་ཤིང་སྡོང་དང་མེ་ཏོག རྩྭ་ལྗང་དང་གཙང་བོས་གཡོགས་ཤིང་བྱ་སྐད་སྣ་ཚོགས་སྒྲོག་པས།    ནགས་ནང་དུ་ཡོད་པའི་ཚོར་བ་ཟབ་མོ་སྟེར། སྲང་ལམ་དུ་ལམ་འགྲོ་བ་ཤིན་ཏུ་ཉུང་ཞིང་ ཞོགས་པའང་མི་ཐོར་རེ་ལོང་ངེ་ཞིག་ལས་ཚོགས་དང་སློབ་གྲྭ་འགྲོ་བ་མ་གཏོགས་མཐོང་མི་གཏུབས།  གལ་ཏེ་ལམ་ནོར་ཚེ་ཐད་ཀར་དུ་མི་ཞིག་ལ་འདྲི་ས་མེད།  སྲང་མདོ་ནས་ངང་སྒུག་བྱས་ན་ད་ གཟོད་ལམ་འགྲོ་བར་འཕྲད་སྲིད།
   དབྱིན་ཇིའི་མི་གཞི་དྲང་ཞིང་བརྩི་བཀུར་ཤིན་ཏུ་ཆེ། གལ་ཏེ་ཁྱོད་ཀྱིས་གཞན་ལ་ལུས་པོ་གཟུར་ ནས་ལམ་ཏོག་ཙམ་ཕྱེས་ན་ཡང༌། བཀའ་དྲིན་ཆེ་ཞེས་པ་ནི་མ་ཎི་བཞིན་གང་ས་ནས་གོ་ཐུབ་ལ། ཡང་གཞན་གྱིས་ཁྱོད་ལ་མི་གནོད་པའི་ལས་ཨེན་ཙམ་བྱས་ན་ཡང་དགོངས་པ་མ་ཚོམ་ནི་གོང་ལྟར་གོ་ཐུབ།འགྲོ་ལམ་དུ་རླངས་འཁོར་ལ་ལྟ་བའི་ཉེན་རྟོག་མི་སྣ་མེད་ལ།   གློག་དམར་ལྗང་ལ་བརྟེན་ ནས་སྒྲིག་ལས་རང་བརྩི་བྱ་བཞིན་ཡོད།
     གལ་ཏེ་མི་ཞིག་བགྲོད་ལམ་བརྒལ་དགོས་ཚེ། རླངས་འཁོར་བསྡད་དེ་མི་སྔོན་དུ་འགྲོ་རུ་བཅུག་ རྗེས། ད་གཟོད་རླངས་འཁོར་རྗེས་ནས་དལ་བུར་འགྲོ།   ཉེན་གནས་སུ་འཕྲད་ན་མ་གཏོགས་ང་ཚོ་ནང་བཞིན་རླངས་འཁོར་གྱིས་དུང་བརྡ་མི་རྒྱག ཧ་ལམ་དེ་ནི་མིའི་ཞི་འཇགས་དང་བདེ་ཐང་ལ་གནོད་པར་བསམ་གྱིན་ཡོད་པ་འདྲ། གལ་ཏེ་མི་ཞིག་ཡིན་རུང་སྤྱི་སྤྱོད་རླངས་འཁོར་ལས་མར་འབབ་སྐབས།  ཁ་ལོ་བ་ལ་བཀའ་དྲིན་ཆེ་ངེས་པར་དུ་ཟེར་དགོས།  གལ་ཏེ་དེ་སྐད་མ་བཤད་ན་ཁྱོད་རང་ རྒྱལ་ཁབ་གཞན་ནས་ཡིན་པ་ཚོར་གྱིན་ཡོད་ལ།   བརྩི་བཀུར་མེད་པ་ཡང་རྟོགས་གྱིན་ཡོད།
  ཚོང་ཁང་ནས་དངོས་པོ་ཅི་ཞིག་ཉོས་ཀྱང༌།  ཟླ་ཕྱེད་དང་ཡང་ན་ཟླ་གཅིག་འགོར་ཡང་དངོས་པོ་ ཉོས་པའི་ཡི་གེ་མ་བོར་ཚེ།དངོས་པོ་གཞན་ལ་བརྗེ་ཆོག་ལ་སྒོར་མོ་ཕྱིར་སློག་ཀྱང་ཆོག ལྷག་པར་དུ་རྒྱལ་ཁབ་གཞན་གྱི་མིས་དངོས་པོ་ཉོས་ཚེ་ཁྲལ་འཇལ་མི་དགོས།རྒྱུ་མཚན་ནི་ང་ཚོ་ཁོ་རང་ཚོའི་སྤྱི་དམངས་མིན་པས།  ཁོ་ཚོ་དང་བསྡུར་ན་དངོས་པོའི་རིན་གོང་སླ་མོ་ཡིན།  ཟས་རིགས་དང་དངོས་ པོ་ལ་ང་ཚོ་ནང་བཞིན་རྫུན་བཟོ་བྱས་པ་གཏན་ནས་མེད་ལ།   དངོས་པོའི་རིན་གོང་ཡང་གང་ལ་ སོང་ཡང་མཐོ་དམན་ཆེན་པོ་མེད།    
  འདི་གའི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཀ་མཐོ་ཞིང་གཞན་ལ་འཛུམ་གྱིས་བསུ་བ་དང་སྐད་ཆ་ སྙན་མོ་འཆད་རྒྱུ་ནི་ཁོ་རང་ཚོའི་གོམས་སྲོལ་དུ་ཆགས་འདུག ང་ཚོ་ནང་བཞིན་ས་ཆ་གཞན་གྱི་མི་ལ་མཐོང་ཆུང་དང་དངོས་གོང་མཐོན་པོར་ལེན་པ་ཞིག་གཏན་ནས་མིན། 

        སློབ་ཁྲིད་ལ་ཉན་བཞིན་པ།                      སློབ་མ་ལྷན་དུ་ཟ་མ་ལས་བཞིན་པ།
      ཐ་ན་མི་ཞིག་ལ་ཚིག་རྩུབ་ཕྲ་མོ་སྨྲས་ཀྱང་ཁྲིམས་ཡོད་པ་རེད།  དབྱིན་ཇིའི་ས་ཆ་གང་དུ་ཕྱིན་ ཡང་ཁོར་ཡུག་གཙང་ཞིང་འདབ་ཆགས་བྱ་རིགས་མི་རྣམས་འཆམ་མཐུན་ཞི་བདེ་ངང་གནས་ཡོད། ཐེངས་ཤིག་ལ་ནང་ སོག་ནས་ཡོང་བའི་ངེད་ཀྱི་གྲོགས་པོ་ཞིག་གིས་ལམ་བར་དུ་དོན་འདི་འདྲ་   ཞིག་དངོས་སུ་མཐོང༌། རླངས་འཁོར་ཞིག་བགྲོད་ལམ་བརྒྱུད་སྐབས། ལམ་ནང་དུ་ཕུག་རོན་མང་བོ་རུབ་ནས་འདུག་པས།   ཁ་ལོ་བ་སར་བབས་ཏེ་བྱ་རྣམས་ལག་པ་དལ་མོས་གཡུག་ཙམ་བྱས་ཏེ།  བྱ་ ཚོགས་འཕུར་རྗེས།  ད་གཟོད་རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་བུད་སོང༌།
        ང་རང་འདུག་སའི་སྲང་ལམ་དེ་རུ་ཁྱིམ་ཚང་ཞིག་གི་བྱི་ལ་བོར་བའི་བརྡ་སྦྱོར་ཞིག་བཏང་  འདུག བྱི་ལའི་འདྲ་པར།དུས་ནམ་ཞིག་བོར་བ། འབྲེལ་གཏུགས་ཁ་པར་བཅས་ཁ་གསལ་དུ་བྲིས་ཏེ་བཞི་མདོ་དང་མི་མང་འདུ་ས་རུ་བོར་ཡིག་འདི་མང་བོ་མཐོང་ཐུབ། 
          ལྷག་དོན་ཁྱི་དང་བྱི་ལ།མི་བཅས་ནི་འདྲ་མཉམ་དང་འཆམ་མཐུན་ངང་གནས་ཡོད།དབྱིན་ཇིར་ང་ཚོ་ལྟར་དགུང་སྔོན་གནམ་ལ་ཟུག་པའི་ཁང་བརྩེགས་མེད་པར་མང་ཆེ་ཤོས་ནི་ཐོག་ཁང་གཉིས་བརྩེགས་དང་སུམ་བརྩེགས་ཅན་དག་དག་རེད། ང་རང་ཉིག་ཅིན་སློབ་ཆེན་དང་ཆན་ཅའོ་སློབ་ཆེན། རྒྱལ་ས་ལོན་ཏོན་གྱི་ད་དབྱིན་དངོས་མང་བཤམས་མང་བཤམས་སྟོན་ཁང་ དང་རྒྱལ་ཁབ་ཀྱི་རི་མོ་འགྲེམས་སྟོན་ཁང༌།  དབྱི་ལི་ཧྲ་པའེ་དང་ཧའེ་ཏི་སོགས་རྒྱལ་ཁབ་རིམ་པའི་སྤྱི་གླིང༌།    
   གཞན་ཡང་མན་ཁྲའེ་སི་ཐི་དང་པ་ཧྲི།  བའེ་ཨར་ཧྲི། ཁ་ཏེས་ཧྥོ། སུའུ་ཀི་ལན། ཨེ་ཏེན་སྦོ་སོགས་ ཧ་ལམ་ས་གནས་གྲོང་ཁྱེར་ཉི་ཤུར་ཉེ་བ་ཙམ་ལ་སོང་ཡང་དེང་རབས་ཀྱི་ཁང་བརྩེགས་མཐོན་པོ་ མང་བོ་མེད་པར་གནའ་རབས་ཀྱི་ཁང་རྙིང་མང་བོ་སོར་བཞག་བྱས་འདུག   
   སྲང་ལམ་གང་དུ་སོང་ཡང་གད་སྙིགས་དང་ཤོག་ཧྲིལ། འགྱིག་ཁུགདམ་བུ་འདྲ་མིན་དངོས་གནས་མཐོང་མི་ཐུབ། གསང་སྤྱོད་ཁང་ནི་ང་ཚོའི་སྤྱིར་བཏང་གི་ཁང་བ་སྤུས་དག་ལས་གཙང་ཞིང་གྲལ་དག  ཐ་ན་སློབ་ཆེན་གྱི་སྤྱོད་ཁང་དུ་ཤོག་བུ་དང་འདག་རྫས། ཆུ་གྲང་འཁྱག་གཉིས་ཀ ཡོད་ལ།  སྲང་བར་དུ་ས་གདན་གཙང་མ་བཏང་ཡོད།  ཁྱིམ་ཕྱགས་འཕེན་སའི་སྙིགས་སྣོད་ཀྱང་ཞིབ་ཚགས་ ཆེ་ལ་ཤོག་བུ་དང་འགྱིག་ཁུག་སོགས་གཏན་ཁེལ་བྱས་པའི་སྙིགས་སྒམ་དུ་འཇོག་དགོས།  
   འདི་གའི་སློབ་གསོ་ནི་དངོས་གནས་ཧ་ལས་པ་ཞིག་རེད།   ང་རང་རྒྱུན་དུ་སློབ་ཆུང་དང་སློབ་ འབྲིང་གཉིས་ཀའི་སློབ་ཁྲིད་སྣ་ཚོགས་ལ་ཉམས་ཞིབ་ཏུ་བསྐྱོད་པ་ཡིན། དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་བྱེད་སྟངས།  སློབ་མའི་ལས་བྱ། བྱ་འགུལ་སྤེལ་ཚུལ་སོགས་དབྱིན་ཇིའི་སློབ་གསོ་ལ་ཆེད་དམིགས་ཀྱིས་ཡུལ་དངོས་རྟོག་དཔྱོད་དང་ཟབ་ཞུགས་བྱས་པ་ཡིན། ཞིབ་ཏུ་ཀློག་འདོད་ཡོད་པ་དག་གིས་དབྱིན་ཇིའི་སློབ་ཁང་སློབ་ཁྲིད་ཁྲོད་ཀྱི་ཁྱད་ཆོས་འགའ་གླེང་བ་ཞེས་པའི་དཔྱད་རྩོམ་དེ་བོད་ཀྱི་སློབ་གསོའི་སྟེང་བཀོད་ཡོད་ པས་དེར་ལྟ་རོགས་ཞུ  
                         
                 ཕྱི་རྒྱལ་གྱི་སློབ་མར་བོད་ཀྱི་རིག་གནས་སློབ་ཁྲིད་བྱེད་བཞིན་པ། 
   རང་གིས་ཀྱང་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་རྣམ་པའི་རེ་འདུན་ལྟར་དབྱིན་ཇི་ནས་སློབ་མ་ མང་བོར་བོད་ཀྱི་རིག་གནས་ངོ་སྤྲོད་ཀྱི་སློབ་ཁྲིད་བྱས་པས་སློབ་མ་མང་བོས་དགའ་བསུ་ཐོབ། 
དབྱིན་ཇིའི་ས་གནས་གང་དུ་ཕྱིན་ཡང་རྒན་གཞོན་དར་གསུམ་གྱིས་བོད་ཅེས་པའི་ཧི་མ་ཡའི་རི་རྒྱུད་ཀྱི་མི་རིགས་ཉམས་ཆུང་འདི་མི་ཤེས་མཁན་དངོས་གནས་ཉུང་ཉུང་རེད། ང་རང་བོད་པ་ཞིག་ཡིན་ཟེར་དུས་མི་རྣམས་ཀྱིས་ལྷད་མེད་ཀྱི་འཛུམ་མདངས་སྟོན་པར་མ་ཟད། ད་རུང་རང་ལ་བརྩི་   བཀུར་དང་གདེང་འཇོག་བྱེད་པའི་རྣམ་འགྱུར་ཞིག་དངོས་སམ་བརྒྱུད་ནས་སྟོན་གྱིན་འདུག  ཁོ་རང་ཚོར་བོད་པ་ལ་ཤིན་ཏུ་དགའ་བོ་ཡོད།

0 comments:

ཟིན་བྲིས་འཚོལ་ཡུལ