དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 14 January 2014
དྲན་གླུ།
                    
 
          བླ་མ་དྲན་གླུ།
 
                                                        ནག་ཀྱྰ་བ་ཤ་བོ་ཚེ་རིང་།
                      མཐོན་མཐིང་དབྱིངས་ན་གཤོག་ཟུང་རླབས་བསྒྱུར་བའི། །         
                      ཀྱེ་ཀྱེ་བྱ་རྒོད་དར་ཅིག་ཚུར་གསོན་དང་། །
                      བུ་ངས་བླ་མ་དྲན་པའི་གདུང་དབྱངས་འདི། །
                      མ་བརྗེད་རྒྱང་དུ་ཁྱེར་བའི་སྐྱེལ་མ་མཛོད། །
 
                      ཕྱག་ན་པད་མའི་གདུལ་ཞིང་གངས་ཅན་གྱི། །
                      སྔོན་བྱོན་དམ་པའི་སྒྲུབ་གནས་ཉམས་དགའ་བར། །
                      ཞབས་ཟུང་འཁོར་ལོ་རྩེན་བཞིན་ཟབ་ཆོས་ཀྱི། །
                      བདུད་རྩིའི་དྭངས་མ་སྩོལ་བའི་བླ་མ་དྲན། །
 
                      ཕུན་ཚོགས་འབྱོར་བ་བདུད་ཀྱི་བསླུ་བྲིད་དུ། །
                      མ་རྟོགས་རྩོལ་བའི་བསྟན་འཛིན་མང་ན་ཡང་། །
                      སྣང་སྲིད་སྒྱུ་མར་མཇལ་བའི་ཕ་མཁར་དུ། །
                      རང་དོན་འཁྲི་བ་ཟད་པའི་བླ་མ་དྲན། །
 
                      འཁོར་བའི་སྡུག་བསྔལ་བཙན་དུག་ལྟར་མཐོང་ནས། །
                      རྒྱལ་བའི་བཀའ་བཞིན་དམ་ཆོས་ལ་གཞོལ་ཏེ། །
                      བྱང་སེམས་རྒྱུད་ལ་འབྱོངས་པས་འགྲོ་དྲུག་ཀུན། །
                      རང་གི་མ་རུ་སྒོམ་པའི་བླ་མ་དྲན། །
 
                      རྩེ་གཅིག་སྒྲུབ་ལ་གཞོལ་བའི་ཉམས་སྣང་དུ། །
                      ཨོ་རྒྱན་པད་མ་ལ་སོགས་ཞལ་གཟིགས་མཛད། །
                      མ་དང་མཁའ་འགྲོས་སྲུང་བཞིན་ཐུགས་ཀློང་ནས། །
                      ལྟ་མགུར་རླབས་ཕྲེང་བརྡོལ་བའི་བླ་མ་དྲན། །
 
                      མི་འགྱུར་དད་པ་བརྟན་པའི་གང་ཟག་ལ། །
                      མི་འདོད་ཉེར་འཚེ་དྲག་པོས་གཟིར་བའི་ཚེ། །
                      འཇིགས་པའི་འཕྲང་ལས་སྒྲོལ་ལ་མཐུ་མྱུར་བའི། །
                      ཐོགས་མེད་རྫུ་འཕྲུལ་མངའ་བརྙེས་བླ་མ་དྲན། །
 
                      སངས་རྒྱས་མི་ཡི་གཟུགས་སུ་རྣམ་རོལ་བ། །
                      སྐལ་ལྡན་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ། །
                      བགྲང་ཡས་གདུལ་བྱ་བུ་ལྟར་སྐྱོང་བ་ཡི། །
                      མཚན་ལྡན་བླ་མ་བཟང་བོ་སྙིང་ནས་དྲན། །
                                  
                ༡༤ལོའི་ཟླ༡ཚེས༣ལ་བསྐྱར་དུ་བཅོས།

0 comments:

ཟིན་བྲིས་འཚོལ་ཡུལ