དྲ་ངོས་བཀླགས་གྲངས
193619
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 13 January 2014
ཨི་རན་གྱི་རྡུལ་ཕྲན་ལས་གཞི་སྒོ་རྒྱག་རྒྱུ་རེད།
འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་དྲུག ་དང་ཨི་རན་ བར་གྲོས་མཐུན་བྱུང་བ་བཞིན་ཟླ་འདིའི་ཚེས་ ༢༠ ཉིན་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ཁག་སྒོ་རྒྱག་རྒྱུ་ཡིན་འདུག

ཡུ་རོབ་མཐུན་ཚོགས་ཕྱི་ སྲིད་ལས་ཁུངས་ཀྱི་འགན་འཛིན་ལགས་ཀྱིས། ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སེལ་ཕྱོགས་སྐོར་ལ་སྟོབས་ཆེན་རྒྱལ་ཁབ་ཚོ་དང་ཨི་རན་བར་བསམ་ཤེས་བྱས་ཏེ་གྲོས་མཐུན་བྱུང་ཡོད་སྟབས། ཟླ་འདིའི་ཚེས་ ༢༠ ཉི ན་གྲོས་མཐུན་ནང་དོན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལྷན་ཚོགས་ ( IAEA) ཀྱིས་སྟངས་འཛིན་དང་ལམ་སྟོན་འོག་ཨི་རན་གྱི་རྡུལ་ཕྲན་ ལས་གཞི་རིགས་རྩ་མེད་བཟོ་རྒྱུ་མགོ་འཛུགས་བྱ་རྒྱུ་རེད་ཅེས་བརྗོད་འདུག
ཨི་རན་རྡུལ་ཕྲན་ ལས་གཞི་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨི་རན་བར་གྱི་འགལ་བ་ཆེ་ཤོས་དེ་ཆགས་ཡོད་ཅིང་། དེ་ནི་ཨ་རི་གཙོས་ པའི་ནུབ་ཕྱོགས་རྒྱལ་ཁབ་ ཁག་གིས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆའི་ལས་གཞི་བརྒྱ་སྐྱེད་བྱེད་ཀྱི་ཡོད་པ་དེ་ནི་སྤྱིར་འཛམ་གླིང་ཞི་བདེ་ལ་གནོད་གཞི་ཆེན་པོ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཨེ་ཤ་ཡའི་བདེ་འཇགས་ཐོག་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་ཚུལ་བརྗོད་ཀྱང་། ཨི་རན་གཞུང་གིས་ ཉིང་རྡུལ་ལས་གཞི་དེ་དག་ནི་གློག་མཁོ་འདོན་ཆེད་ཡིན་པ་ལས། རྡུལ་ཕྲན་མཚོན་ཆ་དང་འབྲེལ་བ་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མེད་སྟབས། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་ཐོག་ཨི་རན་གྱི་རྡོ་སྣུམ་ཚོང་འབྲེལ་མཚམས་འཇོག་སོགས་དཔལ་འབྱོར་གྱི་ཉེས་ ཆད་ཆེན་པོ་བཅད་ཡོད།

ཨ་རིའི་སྲིད་འཛིན་ཨོ་བྷ་མས ་ཐེངས་འདིར་ཨི་རན་ག ཞུང་གིས་སྟོབས་ཆེན་རྒྱལ་ཁབ་དྲུག་ དང་མཉམ་དུ་རྡུལ་ཕྲན་ ལས་གཞི་མཚམས་འཇོག་ལ་མོས་མཐུན་བྱུང་ནི་ལོ་རྒྱུས་དོན་སྙིང་ ཆེན་པོ་ལྡན་པ་ཞིག་ཡིན་ཡང་། གལ་སྲིད་མ་འོངས་པར་ཨི་རན་ གྱིས་གྲོས་དོན་ལ་བརྩི་སྲུང་མ་བྱས་པ་ཡིན་ན་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ སྔར་ལས་ཤུགས་ཆེན་གཅོད་སྲིད་སྐོར་བརྗོད་འདུག དེ་བཞིན། སྟོབས་ཆེན་རྒྱལ་ཁབ་ཚོའི་ཕྱི་སྲིད་བློན་ཆེན་དག་གིས་ཀྱང་ ། ཐེངས་འདི་ནི་ཨི་རན་གྱི་མདུན་སྐྱོད་ཆེན་པོ་ཞིག་དང་དཀྱིལ་ཤར་ཨེ་ཤ་ཡའི་ནང་ཞི་བདེ་ཡོང་བར་ཕན་ཐོགས་ ཡོད་པ་ཞིག་ཡིན་སྐོར་བརྗོད་འདུག
གནད་དོན་དབྱེ་པ་ཚོས། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ ཁག་གིས་ཨི་རན་ གཞུང་ལ་དཔལ་འབྱོར་ཉེས་ཆད་ སོགས་སྣོན་ཤུགས་ ཆེན་པོ་སྤྲད་ཡོད་སྟབས། ཐེངས་འདིར་ཨི་རན ་ལ་འདོད་མོས་མེད་བཞིན་དུ་རྡུལ་ཕྲན་མཚོན་ཆ འི་ལས་གཞི་མཚམས་འཇོག་ངོས་ལེན་བྱས་པ་ཞིག་ཡིན་པ་དང་། ཨ་རིའི་དམིགས་ཡུལ་གཉིས་པ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ ལས་གཞི་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དེ་ཡིན་སྐོར་བརྗོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
Subscribe to:
Post Comments (Atom)
0 comments:
Post a Comment