དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 1 February 2014

ཨེ་མ་ཧོས་ལོ་སར་ལ་རོལ་བ་གཡུང་དྲུང་དཀར་པོའི་གཤིས་ཀ་ཞེས་བྱ་བ། །

ན་མོ་མ་ཧྰ་གུ་རུ་ཨེ་མ་ཧོ།

ཀ་དག་ལྷག་བསམ་ལྡན་པའི་རྣལ་འབྱོར་ངས།།
ཁ་ཙམ་མིན་པར་ཁ་བརྡར་འཕྲིན་ཐུང་ཕུལ།།
ག་དུས་ཡིན་ཀྱང་བོད་མིའི་སྐྱིད་སྡུག་གླེང་།།
ང་ཚོར་ཡག་དགའ་ཉེས་སྡུག་རྟགས་གསལ་བཏང་།།
ཅ་ཅོའི་འཆལ་ཚིག་བྲག་ཆའི་གདམ་ངག་གོ།།
ཆ་ལུགས་སྣ་ཚོགས་སྒྱུ་ལུས་སྲུང་ཐབས་ཤེས།།
ཇ་རྩམ་འཚོ་བས་ལོ་གསར་དགའ་སྟོན་ཞེས།།
ཉ་མོ་ཆུ་ལ་འཇུག་བཞིན་དུང་བས་རོལ།།
ཏ་ལེར་སེམས་ཉིད་རྩ་གསུམ་རྒྱལ་བ་སྒོམ།།
ཐ་སྙེད་ཤེས་བྱར་ངོམ་མེད་ཉིན་མཚན་འབད།།
ད་ལྟའི་དུས་རབས་འཚམས་པའི་རྣམ་འདྲེན་ཕྱིར།།
ན་ཚོད་ཁྱད་མེད་བདེན་པའི་དཔལ་ལ་རོལ།།
པ་ར་མི་ཏའི་བྱང་ཆུབ་སྤྱོད་འཇུག་དང་།།
ཕ་མ་གཉིས་མེད་རྒྱུད་སྡེའི་བསྐྱེད་རྫོགས་ཀུན།།
བ་ཕྱུགས་འོ་མའི་བཅུད་ལ་རོ་མྱོང་བཞིན།།
མ་ཚང་མེད་པར་གདམས་ངག་རྒྱན་ཏུ་རོལ།།
ཙ་རི་གནས་བསྐོར་བྱས་པའི་ཕན་འབྲས་དང་།།
ཚ་གྲང་དཀའ་སྤྱད་ཆོས་ལ་འབད་པའི་མཐུས།།
ཛ་ཡའི་བསྟན་བདག་མཁན་ཆེན་ཨེ་མ་ཧོས།།
ཝ་ཡེལ་ཞིང་ནས་ལོ་གསར་རྒྱུན་དུ་རོལ།།
ཞྭ་དཀར་དཔོན་གྱི་ལྷ་སྲས་དཔལ་དགྱེས་པ།།
ཟ་ཉལ་འགྲོ་འདུག་སྤྱོད་ལམ་ཀུན་ལ་ཡང་།།
འ་ཅག་ཕན་བདེའི་ཐབས་ཤེས་བརྩོན་པ་འདིས།།
ཡ་རབ་དྲང་བདེན་མཛད་པའི་གནད་ལ་རོལ།།
ར་ལུག་གཡག་གི་རྟུལ་ཞུགས་མི་འཛིན་པར། །
ལ་རྒྱས་ཐེག་དགུའི་གཞུང་ལུགས་སྐྱོང་བ་དང་།།
ཤ་ཞེན་བོད་པའི་ཤེས་རིག་སྤེལ་བ་འདིས།།
ས་མཐར་ཆོས་དཔལ་རིག་པའི་གནས་ལ་རོལ།།
ཧ་ཅང་ལོ་རྒྱུས་བདེན་པ་རིན་པོ་ཆེ།།
ཨ་ཏིའི་བརྒྱུད་གསུམ་དེ་ཉིད་ཨེ་མ་ཧོ།།
ཨི་ཐི་ཟབ་རྒྱས་ཕྲིན་ལས་རྨད་བྱུང་བར།།
ཨུ་དུམ་བྰ་རའི་མན་ངག་གནས་ལ་རོལ།།
ཨེ་མ་ཕན་བདེའི་སྟོན་པ་བླ་ན་མེད།།
ཨོ་རྒྱན་པདྨ་འབྱུང་གནས་བཀའ་དྲིན་ལས།།
ཨེ་ཝྃ་བསྟན་པའི་ལོངས་སྤྱོད་ཕུན་ཚོགས་འདི།།
འགྲོ་ཁམས་དཔལ་དུ་འཆར་བ་ཨེ་མ་ཧོ།།

ཞེས་པ་རབ་རྒྱན་ཆུ་སྦྲུལ་རྒྱལ་ཟླའི་ཟླ་ཚེས་དགེ་བར་སྟབས་བདེའི་འཕྲིན་ཐུང་དུ་མར་ལོ་སར་བཟང་ཞེས་རྒྱལ་ཕྱི་ནང་ཀུན་ནས་གྲོགས་དང་གྲོགས་མོ་ཚོས་འཚམས་འདྲིའི་ལན་དུ་ཨེ་མ་ཧོའི་རང་རྣམ་དུ་གང་དྲན་གླུ་རུ་བླངས་པར་དགེའོ།།

0 comments:

ཟིན་བྲིས་འཚོལ་ཡུལ