དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 19 February 2014
ངའི་སེམས་ཀྱི་ཉི་ཟླ
_____ གཞས་ཚིག
༡ གཉིད་ལས་སད་དུས། ཕ་མ་མི་འདུག
༢ ནམ་ལས་ལངས་དུས། ཉི་ཟླ་མི་འདུག
ཕངས་སེམས་དང་འགྱོད་གདུང་གིས་ངའི་ནམ་མཁའ་ཁྲོས་སོང་།
༡ གཉིད་ལས་སད་དུས། ཕ་མ་མི་འདུག
མེད་མུག་གི་འཚོ་བ་ནས་ངའི་པུས་ཚིགས་འཐོར་སོང་།
ན་ཟུག་དེ་སེམས་ལ་ཟུག་ཅིང་མིག་ནས་བཞུར།
བགྲོད་ལམ་རིང་མོར་སེམས་པ་གཏོད་ཀྱིན།
རེ་བ་གཏིང་ནས་ཆད། ང་དེ་ལྟར་ལུས་འགྲོ་བར་སྙམ།
ཁྱེད་ནི་གསེར་མདོག་གི་ཉི་མ་ཡིན་པས།
ཁྱེད་ནི་དུང་མདོག་གི་ཟླ་བ་ཡིན་པས།
སྙིང་རྗེ་ཡི་ཐུགས་རྒྱུད་ཀྱིས་ང་ཚོ་བསྐྱབས་སོང་།
ཁྱེད་ཀྱི་བྱམས་བརྩེ་ཡི་དྲོད་ཁོལ་གྱིས།
ཁྱེད་ཀྱི་ལྷག་བསམ་གྱི་རང་མདངས་ཀྱིས།
ང་ཚོ་མཐིང་དབྱིངས་བསྙེགས་ནས་འཕུར་དུ་བཅུག
བཀའ་དྲིན་ཆེ། ང་ཚོའི་སེམས་ཀྱི་ཉི་ཟླ།
བཀའ་དྲིན་ཆེ། ང་ཚོའི་ལས་ཀྱི་ཕ་མ།
ཁྱེད་ཀྱི་རང་གཤིས་ནི་མི་རིགས་ཤིག་གི་རང་གཤིས་དང་།
ཁྱེད་ཀྱི་སྙིང་སྟོབས་ནི་རིག་གནས་ཤིག་གི་སྙིང་སྟོབས་རེད།
༢ ནམ་ལས་ལངས་དུས། ཉི་ཟླ་མི་འདུག
ཕངས་སེམས་དང་འགྱོད་གདུང་གིས་ངའི་ནམ་མཁའ་ཁྲོས་སོང་།
སྐྱོ་བ་དེས་བར་སྣང་ཁྱབ་པས་སྤྲིན་པ་ངུས།
སྐྱེ་འགྲོའི་ལས་འཕྲོ་ལ་མནོ་བསམ་གཏོང་བཞིན།
ལྷ་ཚོགས་གཏིང་ནས་སྐྱོ། ཁྱེད་དེ་ལྟར་ང་ཚོར་གྱེས་སོང་།
ཁྱེད་ནི་གསེར་མདོག་གི་ཉི་མ་ཡིན་པས།
ཁྱེད་ནི་དུང་མདོག་གི་ཟླ་བ་ཡིན་པས།
སྙིང་རྗེ་ཡི་ཐུགས་རྒྱུད་ཀྱིས་ང་ཚོ་བསྐྱབས་སོང་།
ཁྱེད་ཀྱི་བྱམས་བརྩེ་ཡི་དྲོད་ཁོལ་གྱིས།
ཁྱེད་ཀྱི་ལྷག་བསམ་གྱི་རང་མདངས་ཀྱིས།
ང་ཚོ་མཐིང་དབྱིངས་བསྙེགས་ནས་འཕུར་དུ་བཅུག
བཀའ་དྲིན་ཆེ། ང་ཚོའི་སེམས་ཀྱི་ཉི་ཟླ།
བཀའ་དྲིན་ཆེ། ང་ཚོའི་ལས་ཀྱི་ཕ་མ།
ཁྱེད་ཀྱི་རང་གཤིས་ནི་མི་རིགས་ཤིག་གི་རང་གཤིས་དང་།
ཁྱེད་ཀྱི་སྙིང་སྟོབས་ནི་རིག་གནས་ཤིག་གི་སྙིང་སྟོབས་རེད།
Subscribe to:
Post Comments (Atom)
0 comments:
Post a Comment