དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 17 February 2014

ནང་གྲོས་ཀྱི་འབེལ་གཏམ་འབྲི་མོའི་ངུར་ཤང་ཞེས་བྱ་བ།།


ཨེ་མ་ཧོ།།

ཕྱོགས་དུས་རྒྱལ་བ་ཀུན་གྱིས་ཡེ་ཤེས་སྐུ།།

དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།

འཇམ་དཔལ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།

བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།

དེ་ཡང་ཡུལ་དང་དུས་ཀྱི་བསྐལ་ཡང་། དད་དམ་གཙང་མས་དྲུང་དུ་འདུ་བའི་སློབ་གྲོགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་དུས་བསྟུན། དེ་རིང་འབུམ་འགྱུར་ཟླ་བའི་དབང་ཚེས་པ་བཅོ་བརྒྱད་དེ་སྔ་འགྱུར་རྒྱལ་བའི་བསྟན་པའི་སྲོག་ཤིང་། ཀུན་མཁྱེན་རྒྱལ་བའི་དབང་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོའི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་དུས་ཆེན་ཁྱད་པར་ཅན་རེད། དེས་ནང་ཚོ་མཉམ་དུ་འཛོམས་པར་དགའ་སྤྲོ་བྱུང་། རྒན་ཐུབ་དགའ་སོགས་ཀྱིས་འབོད་སྐུལ་དང་། ད་ནི་ཁྱེད་རྣམ་པ་ཞལ་གཅིག་རྒྱུད་ཀྱིས་རང་དགོན་པར་བཤད་སྒྲུབ་སློབ་གླིང་ལ་ཉམས་རྒུད་ཡོད་པར་བཤད་འདུག དེས་ན་ངས་འདི་ནས་གྲོས་གཞི་ཡག་པོ་ཞིག་བཞག་ན་བསམས། དགོན་པ་བཤད་སྒྲུབ་མེད་ན་གྲོང་པ་དང་།། སྔགས་པ་བསྐྱེད་རྫོགས་མེད་ན་མི་ནག།མི་ལ་ཡོན་ཏན་མེད་ན་དུད་འགྲོ། །ཡོན་ཏན་བེད་སྤྱོད་མེད་ན་ཡི་དྭགས་ཟེར་རྒྱུ་བོ་ཡིན་པས། ང་ཚོ་ཚང་མ་ལ་བདེ་ན་སྐྱིད་ན་འདོད་པ་མ་གཏོགས་མི་འདོད་པ་ནི་སུ་ཡང་མེད། དེས་ན་ཆོས་དང་འཇིག་རྟེན་གང་གི་འཐད་ནས་བཤད་ན་དགོན་སྡེ་ལ་མདོ་སྔགས་རིག་གཞུང་གི་བཤད་སྒྲུབ་ཕྲིན་ལས་ལ་འཛིན་སྐྱོང་སྤེལ་གསུམ་དགོས་པ་རེད། ད་རིས་གཙོ་བོ་ངས་ཞུ་འདོད་པ་དེ་མཁན་པོ་ལོ་སྐྱབས་ཀྱང་ངས་སྔོན་མར་དཔེ་ཁྲིད་སྐབས་སུ་རྣམ་དཔྱོད་ཡག་པོ་ཡོད་པའི་རིགས་ཡིན། དེ་དུས་རྩེ་བྷོ་དང་རྡོ་རྒྱལ་དང་འོད་གསལ་དང་བློ་ཚེ་དང། ལོ་སྐྱབས་དང་བསོད་ནམས་དབང་ཆེན་དང་མ་དྷིས་སོགས་རེད། བསོ་གྲགས་དང་ཐུབ་ཚེ་དང་བསོད་བཀྲ་སོགས་ཀྱང་བརྩོན་པ་ཆེན་པོ་རེད། ང་རང་གིས་སྙིང་བྱུང་ནས་གང་ཤེས་ཀྱིས་སུམ་རྟགས་དག་གསུམ་རིག་གནས་དང་། མདོ་ཕྱོགས་ནས་འདུལ་བ་དང་། མཁས་འཇུག་སྤྱོད་འཇུག་དང་། སྔགས་ཕྱོགས་ནས་སྡོམ་གསུམ་དང། གསང་སྙིང་དང་བར་དོ་དྲུག་ཁྲིད་སོགས་མདོ་སྔགས་རིག་གནས་བཅས་བཤད་པ་ཡིན་ན་ང་རང་ཇི་ལྟར་ངན་རུང་ཁྱེད་རྣམ་པའི་བླ་མ་གྱུར་ཟིན་པ་རེད། སྐྱེན་པོ་སྡེ་དགོན་དུ་ངའི་ཆོས་ཉན་མ་མྱོང་མཁན་དང་སློབ་མ་མ་ཡིན་པ་ཕལ་ཆེར་མེད། མ་ཚད་སོ་སོའི་དད་གུས་དམ་ཚིག་རལ་སོང་ན་མ་གཏོགས་ང་རང་ངོས་ནས་སེམས་ཅན་ཡོངས་དང་། སློབ་འབངས་སྤྱི་དང་། ལྷག་པར་རང་ལ་དགོན་ལ་ཤ་ཞེན་དང་ཡག་དགའ་ཉེས་སྡུག་ཅན་ང་འདྲ་འཇིག་རྟེན་འདིར་དཀོན་པོ་ཡིན་ཞེས་མགྲིན་པ་མཐོན་པོའི་སྨྲ་ཆོག་མོད། ད་ཡིན་ན་ང་ནི་ས་མཐར་འཁྱམས། ཁྱེད་རྣམ་པ་ལ་དངོས་ཡོད་ཆོས་ཁྲིད་སོགས་ཕན་འབྲས་ཞན་ཡང་། དེང་རབས་འཕྲུལ་རྫས་དང་རྟེན་འབྲེལ་ལེགས་སྨོན་གྱིས་ལྷན་དུ་འཛོམས་པ་རེད། ང་རང་ངོས་ནས་དགོན་པའི་ཐུབ་བསྟན་རྣམ་པར་རྒྱལ་བའི་ཕོ་བྲང་ཁྲ་སྟོད་དུ་སྤོ་དགོས་ཚུལ་བཤད་ཀྱང་མ་ཉན་པར་ད་འདི་ལ་ཐུག་ཡོད། རང་གིས་ཉམས་རྟོགས་རྨི་ལམ་གྱིས་ཤེས་པ་དག་སོ་སོའི་མ་སྒྲུབ་ན་སོ་སོའི་གྱོང་རེད།
དེ་སོགས་ངའི་མི་ཚེའི་དཀའ་ངལ་དང་ཁྱེད་སྡེ་དགོན་ལ་སེམས་ཁྲལ་བྱས་པ་དག་འདིར་མི་བཤད།
ད་སྔོན་སྐྱེན་པོ་སྡེ་དགོན་གྱོན་གྱི་གྱོད་རྒུད་གྱོང་གསུམ་དག་ནི་འགྲོ་ཚར་བ་རེད། ད་ནི་རྒྱལ་གཞུང་དང་ཨ་འགྱུར་རིན་པོ་ཆེས་སྐུ་དྲིན་གྱིས་འཚོ་བའི་དཔལ་འབྱོར་སོགས་ཀྱི་དཀའ་ངལ་མེད་པ་དང་གཞི་ཁྱིམ་དང་གློག་སྒྲོན་དང་ཟས་གོས་ཀྱི་འཚོ་གནས་ལོངས་སྤྱོད་ལ་དཀའ་ངལ་མེད་པར་གནས་དུས་ཚང་མས་མདོ་སྔགས་རིག་གཞུང་ལ་བརྩོན་པ་ཤུགས་རྒྱབ་རོགས་མཁྱེན།

དམིགས་བསལ་ན་ནིང་ཞིག་ལ་བསོ་བཀྲ་ལ་རེ་བ་ཆེན་པོ་བྱས་ཀྱང་སྣང་མེད་དུ་བཏང་སོང་། གང་ལྟར་ད་ལོ་ཤིང་རྟ་ལོ་འདི་ནས་བཟུང་སྟེ་མཁན་པོ་ལོ་སྐྱབས་ལ་འགན་བབས་པ་རེད་དྲན་ཡོད། དེས་ན་ལོ་སྐྱབས་ཀྱིས་བཤད་གྲྭའི་འགན་བཞེས་ནས་འབྱུང་འགྱུར་ལོ་ལྔ་བར་འཆར་གཞི་གཏན་ཁེལ་ཅན་ཞིག་བཟོ་དགོས་ཡོད། སྒྲིག་ཁྲིམས་འདྲ་ཞིག་སུ་ཡིན་ན་ཡང་བཤད་ཤེས་ཤེས་པ་དང་བཟོ་ཆོག་ཆོག་གིས་ཐབས་ཤེས་ལ་ཕན་ཀྱིན་མ་རེད། དེ་ལག་ལེན་འདེབས་དགོས། ལུང་ལ་བཤད་ཉན་དང་། དེ་དང་ཉམས་ལེན་གྱི་སྒྲུབ་པ་ཉམས་ལེན་དང་། ཟུར་ཕྲུག་སློབ་ཆུང་ལ་དགོན་པའི་ལས་སྣེ་ཚོས་འགན་ཁུར་རོགས་ཞུས།་པ་ཡིན། མ་ཚད་ཨ་ནེ་རིག་པ་ཡག་ཤོས་ཚོ་བླ་རུང་དུ་འགྲོ་བ་འམ། ཡང་མཁན་པོ་བཤད་སྒྲུབ་རྒྱ་མཚོ་དང་གཞན་མཁན་སྤྲུལ་འགའ་རེས་རིག་གནས་རེ་འཆད་ཁྲིད་ཡོད་པར་མཛོད། ཨེ་ཝྃ་ཆོས་སྨན་ཁང་དུ་མཁན་པོ་འོད་གསལ་ཁོ་རང་གིས་འགན་ཡོངས་རྫོགས་ཁུར་ཐུབ་དགོས། རྒྱུ་མཚན་དེས་དགོན་པ་ལ་བཤད་སྒྲུབ་ཡོད་པ་དང་སློབ་གྲྭ་ཡོད་པ་དང་། ཇོ་དགོན་ལ་ཤེས་ཅན་གྱི་ཨ་ནེ་དུ་མ་གསར་དུ་སྨིན་ཐུབ་པ་ཡིན། ཆོས་སྨན་བཟོ་གསོ་རིག་པས་གཞི་རྩ་ཚུགས་པའི་དགོས་པ་ཡོད་པས་དེ་ལུགས་མཁྱེན་མཁྱེན། དེ་ཡང་ཇི་སྐད་དུ།

ཨོཾ་སྭྰ་སྟི།།

བཀའ་གཏེར་ཟབ་དགུའི་སྲོལ་འགྱེད་སྔ་འགྱུར་བའི།།

མདོ་སྔགས་བཤད་སྒྲུབ་དར་སྨིན་རྒྱས་པའི་གླིང་།།

བསྟན་སྲིད་ཕུན་ཚོགས་ནོར་བུའི་དགའ་ཚལ་འདི།།

བསླབ་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་གང་ཞིང་།།

སྨྲ་བའི་ཉི་མ་གཏེར་ཆེན་ཡབ་སྲས་ཀྱི།།

རིང་ལུགས་ཐུབ་བསྟན་ཡོངས་རྫོགས་བདུད་རྩིའི་མཛོད།།

རྩོད་འཆད་རྩོམ་སོགས་རྒྱས་པ་རླབས་ཆེན་པོས།།

མཁའ་ཁྱབ་ཞིང་དུ་འཛིན་ཅིང་སྤེལ་གྱུར་ཅིག།
ཅེས་སྐྱེན་པོ་མཁན་རབས་དང་པོ་མཁན་ཆེན་མཆོག་ཚང་རྒྱ་མཚོ་རིན་པོ་ཆེས་བདེན་ཚིག་གིས་སྨོན་འདུན་བཞིན་དུ་དེ་རིང་དུས་བཟང་ཁྱད་པར་ཅན་ལ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ་རིག་འཛིན་ཨེ་མ་ཧོས་སྐྱེན་པོའི་སྡེ་དགོན་གྱི་སློབ་གྲོགས་ཚོ་ལ་ནང་གྲོས་སུ་འབེལ་གཏམ་དུ་གུས་ཕུལ།། ཕྱི་ལོ་༢༠༡༤ ༢ ༡༧ ལའོ།།

0 comments:

ཟིན་བྲིས་འཚོལ་ཡུལ