དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 19 February 2014
ཐོ་རེངས་འོད་གསལ་བྱ་སྐད་མ།།
         ཨ་སྐྱབས་རྒྱལ་སྲས་ཚང་།
འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུགས།།
འདི་དོན་རྟོགས་ན་སངས་རྒྱས་དགོངས་པ་ལོན།།
འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།།
སྙིང་གི་ཐིག་པ་ཡིན་ནོ་ལེགས་པར་སྐྱོང་།།
 

མཁས་པ་བརྒྱ་ཡིས་འདི་མ་དཔྱོད།།
དཔའ་བོ་བརྒྱ་ཡིས་འདི་མ་དོ།།
བླུན་པོ་བརྒྱ་ཡིས་འདི་མ་གོ།
བརྒྱ་བརྒྱ་སྟོང་གིས་ར་མདའ་སྦྲོན།།
 

གདོད་མའི་མགོན་པོ་ཀུན་ཏུ་བཟང་།།
རང་ལ་གཤིས་སུ་གྲུབ་ན་ཡང་།།
དེ་ཉིད་མ་ཚོར་གཞན་དུ་སྙེག།
བོང་བུར་ཞོན་ནས་བོང་རྗེས་སྙེག།

 
ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཡང་།།
བསྡུ་ན་བཀའ་འགྱུར་དེ་ཡང་ཡུམ་བཅུ་གཉིས།།
འཕགས་པ་བརྒྱད་སྟོང་དེ་ཡང་ཤེར་སྙིང་མདོ།།
དེ་ཡང་སེམས་ཀྱི་གཤིས་ལུགས་དེ་ཁོ་ན།།
 
འདི་དོན་རྟོགས་ན་རིག་དང་མ་རིག་མེད།།
འདི་དོན་རྟོགས་ན་དགོས་དང་མི་དགོས་མེད།།
འདི་དོན་རྟོགས་ན་སངས་རྒྱས་སེམས་ཅན་མེད།།
འདི་དོན་རྟོགས་ན་འཁོར་བ་མྱང་འདས་མེད།།

 
བླ་མས་བྱིན་རླབས་གནང་བ་འདི་རང་ཡིན།།
ཡི་དམ་དངོས་གྲུབ་བསྩལ་བ་འདི་རང་ཡིན།།
མཁའ་འགྲོས་བར་ཆད་སྲུང་བ་འདི་རང་ཡིན།།
རྩ་གསུམ་སྐྱབས་སུ་སོང་བའང་འདི་རང་ཡིན།།

 
སྨོན་པ་བྱང་ཆུབ་སེམས་མཆོག་འདི་ལ་སྨོན།།
འཇུག་པ་བྱང་ཆུབ་སེམས་མཆོག་འདི་ལ་འཇུག།
དོན་དམ་བྱང་ཆུབ་སེམས་མཆོག་འདི་ཁོ་ན།།
སེམས་ཀྱི་ནང་ན་བྱང་སེམས་བླ་ན་མེད།།

 
ཤཱཀ་ཐུབ་བསྟན་པ་འོད་སྲུངས་བགྲེས་པོར་གཏད།།
སྙིང་བོ་དོན་གྱི་བརྒྱུད་པ་འདི་ཁོ་ན།།
མ་འོངས་བྱམས་པ་མགོན་པོ་ཕེབས་པའི་ཚེ།།
འདིའོ་འདི་ནི་ཤཱཀ་ཐུབ་བསྟན་ཡིན་གཏོད།།

 
འོད་སྲུངས་བགྲེས་པོ་རི་བོ་བྱ་རྐང་ཕེབས།།
འོད་སྲུངས་ལྷ་ཁང་རྡོ་ཁྲིར་སེམས་ངོ་བསྐྱངས།།
ཚེ་ལོ་བཅུ་བར་སྐུ་དངོས་བཞུགས་དགོས་ཤར།།
དཔལ་གྱི་སྒོ་ཕྱེས་ནང་དུ་སྙོམས་པར་བཞུགས།།
 
འདི་དོན་རྟོགས་ན་བླ་མ་ཡིན།།
འདི་དོན་རྟོགས་ན་སངས་རྒྱས་ཡིན།།
འདི་དོན་རྟོགས་ན་རང་དོན་གྲུབ།།
འདི་དོན་རྟོགས་ན་གཞན་དོན་སྒྲུབ།།

 
དཔག་ཚད་ཁྲི་ཕྲག་ནུབ་རོལ་ན།།
བདེ་ཆེན་ཞིང་དུ་གྲགས་ན་ཡང་།།
འདི་དོན་མ་རྟོགས་རིང་དུ་གྱེར།།
འདི་དོན་རྟོགས་ན་རང་སེམས་ཉིད།།

 
འདི་ནས་དཔག་ཚད་བཅུ་འོག་ན།།
ཚ་དམྱལ་གྲང་དམྱལ་གྲགས་ན་ཡང་།།
འདི་དོན་མ་རྟོགས་དམྱལ་བ་གྲུབ།།
འདི་དོན་རྟོགས་ན་རང་སེམས་ཉིད།།
 
ཅེས་པའང་ཉིས་སྟོང་བཅུ་གསུམ་ལོའི་ཧོར་ཟླ་དང་བོའི་ཚེས་བརྒྱད་ཀྱི་ཉི་ཤར་ལ་དབྱར་དགུན་གྱི་ཁྱད་པར་དབེན་པའི་གནས་མཆོག་དམ་པ་རི་བོ་བྱ་རྐང་ཞེས་པཐུབ་དབང་མཆོག་གིས་རྒྱུད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ཞལ་ཕྱེ་ནས་དུས་གསུམ་སངས་རྒྱ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ཡིམཚན་ཡང་དག་པར་བརྗོད་པའི་དབང་བསྐུར་སའི་གསང་སྔགས་གནས་ཆེན། ཡང་སྒོས་སུ་མགོན་ཤཱཀ་ཐུབ་མཆོག་གི་ཉེ་གནས་དམ་པ་སྙིང་པོའི་དོན་བརྒྱུད་ཀྱི་རྒྱལ་ཚབ་འོད་སྲུངས་མཆོ་ཉིད་སྐུ་ཁྲག་མ་ཡལ་ཏིང་འཛིན་ངང་རྗེ་བཙུན་བྱམས་མགོན་གྱིས་ཆོས་འཁོར་མ་བསྐོར་བརའཕོ་འགྱུར་མེད་པར་བཞུགས་པའི་གནས་དམ་པ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་ཡུམ་དུམ་པ་བཅུ་གཉིས་གདན་དྲངས་པའི་སྒྲུབ་ཕུག་བཞུགས་ས། འཕགས་པ་ཐོགས་མེད་ཆེན་པོས་རྗེ་བཙུན་བྱམས་པ་མགོན་པོ་སྒྲུབ་ནས་ཞལ་གཟིགས་ཏེ་བྱམས་ཆོས་སྡེ་ལྔ་ཐོབ་པའི་གནས་ཆེན ཡང་སྙིང་གནས་བརྟན་འོད་སྲུང་གི་ལྷ་ཁང་དུ་ཨ་སྐྱབས་རྒྱལ་སྲས་ཚང་གིས་བྲིས་པ་འདིས་ཀྱང་འགྲོ་དྲུག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་སྨོན་པ་དགེའོ།།

0 comments:

ཟིན་བྲིས་འཚོལ་ཡུལ