དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 19 February 2014
༄༅།།འདི་ལ་གཟིགས་རོགས།
2014-2-20 9:04:50
 

༧ འདི་དག་ཨ་འདོ་ཁོ་ཚེའི་འབྲོག་པ་ཞིག་གི་རང་གི་ས་ཐོག་ནས་བྱི་བ་རྐང་གསུམ་དོ་བཟུང་ནས་རྒྱ་མི་དག་ལ་བཙོང་བཞིན་པ་རེད་ཟེར།  དེ་སྔོན་ངས་གྲོགས་པོ་ཞིག་གི་བཤད་པ་ལྟར་ན་ཁོང་ཅག་ཚོགས་པ་ཞིག་གི་སྲོག་ཐར་ལ་ཉོ་རྒྱུ་བྱས་བ་ཡིན་ལ་བྱི་བའི་བདག་པོ་ཁོ་ཚེའི་རྒད་པོའི་ཁོང་ཅག་ཚོགས་པ་ལ་བཤད་གྱུར་ངེས་རྗོང་རིམ་པའི་མགོ་འཁྲིད་ལ་ཡར་ཞུ་བྱས་ནས་རང་སའི་སྟེང་གི་བྱི་བ་དག་གཞན་ལ་གཙོང་རྒྱུ་མཐད་པ་བྱུང་བའི་ཡི་གེ་ཚང་མ་ཡོད་པའི་ངས་རྒྱ་ནང་ལ་བཙོང་རྒྱུའི་ཡི་གེ་ཡང་བྲིས་ཡོད་ཟེར་ནས་ཁོ་མཐད་པ་མ་བྱུང་ཟེར་ངེད་ཚོགས་པའི་ཞུ་བ་ཡང་ནས་ཡང་དུ་བྱས་བྱས་ནས་འཇུག་མཐར་ཁོང་ཅག་ལ་བཙོང་རྒྱུ་བྱས་ནས་ནུབ་མོ་མགྲོན་ཁང་ར་ནང་ལ་བཞིག་ཡོད་ལ་བྱི་བའི་བདག་པོའི་ཁོང་ཅག་ལ་བཙོང་འདོད་མེད་པའི་མཚན་གོང་བྲས་སོང་བའི་བྱི་བ་དག་སྐྱོབ་ཐུབ་མ་སོང་ཟེར་གི  རེད་ཡ་ད་ལྟའི་བོད་པ་དག་ལ་འདོད་ཧམ་ཇེ་ཆེ་ཡིན་པའི་བོད་ཁུལ་གྱི་རི་དྭགས་རྩེ་ཆེན་ཚང་མ་མེད་བརླུག་བྱས་ཚོར་སོང་ལ།  ད་ལྟ་ངེད་བོད་པ་ཚང་གི་ས་ཐོག་ན་ལྷག་ཡོད་པའི་རི་དྭགས་ནི་བྱི་བ་དང་རི་བོང་གཉིས་ཀ་ཡིན་ལ།   ད་ནི་དེ་དག་གི་ཚེ་སྲོག་ལ་བབས་ནས་རི་དྭགས་ཆུང་ཆུང་འདི་དག་མེད་བརླག་བྱེད་མགོ་བརྩམ་འདུག་པ་རེད།   རྒྱལ་ཁམ་ཀྱི་རི་དྭགས་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱེབ་ཟེར་བ་ནི་སྐྱག་རྗུན་རྐྱང་རྐྱང་ལས་མི་འདུག  རྒྱ་མི་དག་ལ་མི་ཟ་རྒྱུའི་ཤ་དང་མི་གྱོན་རྒྱུའི་པག་པ་མེད་ལ།  ལྷག་པར་རྒྱ་མོ་དག་པག་རིགས་འདྲ་མིན་གྱི་བཟོས་བའི་གྱོན་པ་གྱོན་རྒྱུ་ལ་དགའ།   ངེད་བོད་པ་དག་ལ་མི་བཙོང་རྒྱུའི་རྒྱུ་རྫས་གཅིག་ཀྱང་མེད་པ་འདི་ཅི་འདྲེས་འཇིགས་སུ་རུང་བ་ཞིག་རེད། 
༢༠༡༤ ལོའི་སྤྱི་ཟླ་ ༢  ཚེས་ ༢༠ ལ་རྨ་དངུལ་འཇུ་བསོད་ནས་ཤར་མར་བྲིས།

0 comments:

ཟིན་བྲིས་འཚོལ་ཡུལ